ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

02.07.2020 18:45:43
གངས་དཀར་སེམས།

images/stories/xiaozhong.jpg
རྒྱགས་ལུག་མི་འདྲ་བ་གསུམ་གྱི་བཅོས་ཐབས།

Three obesity treatment method

三種肥胖症的治療方法

( དྲ་རྩོམ་བོད་འགྱུར་མ། ) 

སྔོན་གླེང་། དེ་རིང་དྲ་ཐོག་ནས་བདེ་ཐང་སྐོར་གྱི་རྩོམ་ལ་མིག་བཤེར་འདྲ་བྱས་པས་རྒྱག་ལུགས་ཆགས་སྟངས་མི་འདྲ་བ་གསུམ་སྐོར་ཆེད་ལས་སྨན་པས་དེར་དབྱེ་ཞིབ་ཀྱིས་བཅོས་ཐབས་སྟབས་བདེའི་སྐོར་བཤད་བཞག་པའི་བརྙན་ཞིག་མཐོང་།


བཟའ་བཏུང་སོགས་འཚོ་བ་ཡར་རྒྱས་དང་སོས་དལ་མང་དྲག་པའི་རྐྱེན་གྱིས་ང་ཚོའི་རིགས་ལའང་རྒྱགས་ལུག་གི་གནས་སྟངས་ཁ་ཤས་ཡོད་སྟབས་དེ་བོད་བསྒྱུར་ཞིག་བྱེད་ན་ལེགས་པོ་འདུག་བསམ་ཡང་ང་གསོ་རིག་སྐོར་ཅིའང་མི་ཤེས་མཁན་ཞིག་ཡིན་པར་བརྟེན། ཆེད་ལས་མིང་ཚིག་ཀྱང་སྤྱོད་དཀའ་བའམ་མེད་པའི་དཀའ་ཁག་བྱུང་མོད། གང་ལྟར་ཡང་གཤམ་ཏུ་་དོན་བསྒྱུར་ཞིག་ཡོང་ཐབས་བྱས་ཡོད་ལགས།

 

 

རྩོམ་དངོས།

༡། ཤ་སྣག་རང་བཞིན་རྒྱས་པའི་རིགས་ཀྱིས་སྐམ་ཐབས་མི་དགོས།

 

 

གཟུགས་ཕུང་ལ་ཤ་སྣག་རྒྱས་པའི་རྐྱེན་གྱིས་ཕྱི་ཚུལ་དུ་མཐོང་སྣང་ལ་རྒྱགས་ལུག་ཅན་ཡིན་ཡང་དེར་ཡག་ཤོས་བྱུང་ན་སྐམ་པོ་བཟོ་མི་དགོས། འདིའི་རིགས་ནི་ལུགས་མཐུན་གྱི་ལུས་ཀྱི་རུས་རྐང་ཆེ་ཞིང་ཤ་སྣག་མང་བ་ལས། བདེ་ཐང་ལ་གནོད་པའི་སྐྱོན་ཅན་མིན་པས་རང་སྲོལ་བཞག་ན་ལས་སྐམ་ཐབས་སྤྱོད་ཀྱང་ཁག་པོ་ཡོད་པས་དེ་དགོས་མེད་ཅིག་རེད།

 

 

༢། ཚིལ་ལུག་རྒྱགས་པ་ཚོས་དགུང་བཅད་བཟོས།

ཚིལ་ལུག་རྒྱགས་པ་སྐབས་རེར་ནང་གི་དབང་པོ་ཚིལ་ལུ་མང་བས་ཡིན། ནང་ཚིལ་གྱིས་ནང་མཆིན་དབར་འཁོས་སྙོམས་དང་ལྟོགས་དུས་ཁ་གསབ་ཀྱི་ནུས་པ་ཐོན་གྱི་ཡོད། དེར་ཟས་བཅད་ཀྱིས་ཞུ་ཐབས་བྱས་ན་འགྲིག

 

༣། ཆུ་བསག་ནས་སྐྲང་སྦོས་ཀྱི་རྒྱགས་ལུག་ཆགས་པ་འདི་ངེས་པར་དུ་སྐམ་ཐབས་བཟོ་དགོས།

ཆུ་བསགས་ནས་རྒྱགས་ལུག་ཆགས་པ་ནི་གཟུགས་པོའི་ནང་ཚིལ་སྣུམ་མང་བས་མིན་ལ། ཆུ་མང་པོ་བསགས་པས་རེད། རྒྱགས་ལུག་འདིའི་རིགས་ནི་ན་ཚས་ཆགས་པ་ཡིན་པས་ངེས་པར་དུ་བཅོས་ཐབས་དགོས་ལ། སྨན་པའི་བཅོས་ཐབས་ལའང་བརྟེན་དགོས་པ་ཡོང་སྲིད།

 

ད་སོ་སོའི་གཟུགས་པོར་རླན་གཤིས་ཆེ་བ་དང་ཆུ་བསག་ཡོད་མེད་རྟགས་ཐབས་ནི།

 

 

གཅིག རླན་གཤིས་ཡོད་མེད་རྟགས་ཐབས།

མཛུམ་མོས་རྐང་པའི་ལུང་ཚིགས་རུས་པ་གནོན་སྐབས་ཤ་པགས་དཀར་པོ་གྱུར་ཞིང་། འདི་ལྟར་སྐར་ཆ་གཉིས་ཀྱི་རྗེས་སུ་ད་དུང་ཤའི་དམར་མདང་ཕྱིར་མ་བྱུང་ཚེ་ཁྱོད་ཀྱི་ལུས་ལ་རླན་གཤིས་ཡོད་སྲིད་པ་མཚོན།

 

 

གཉིས། ཆུ་བསགས་ནས་སྐྲང་མིན་རྟགས་ཐབས།

རྐང་པ་ནང་ཕྱོགས་ཚིགས་ཐོའི་འགྲམ་གྱི་དམའ་སའང་གཤོང་དེར་མཛུབ་མོས་སྐར་མ་གཅིག་གནོན་ནས་ལག་པ་གློད་རྗེས། གལ་ཏེ་ཀོང་དུང་ཆགས་པའི་ས་དེ་རྒྱུན་རིང་པོ་ཕྱིར་སངས་མ་ཐུབ་ན་དེ་ནི་ཆུ་བསགས་ཡོད་པས་རེད། སྤྱི་བཏང་ཆུ་བསགས་ནས་རྒྱགས་ལུག་འདྲ་མཐོང་སྣང་ཅན་ལ་གཤམ་གྱི་རྟགས་མཚན་ཡོད་པ་རེད།

 

 

༡། ཤ་མདོག་དཀར་ཞིང་ལུག་པ། སྐྲང་སྦོས། དམིགས་བསལ་དུ་དགོང་དྲོར་སླེབས་སྐབས་རྐང་པ་གཉིས་སྐྲང་སྦོས་ཆགས་སྲིད་པ་རེད།

 

 

༢། གཟུགས་པོར་དྲི་མ་ཆེ་བ། དམིགས་བསལ་དུ་རྔུལ་ཆུ་མང་དུས་དྲི་མ་ཆེ་པོ་དྲོ་མཁན།

 

༣། གཟུགས་པོར་ལྗིད་པོ་དང་གཉིད་མང་བ། ངལ་དུབ་ཚོར་མཁན།

 

༤། མིད་པའི་ནང་རྒྱུན་དུ་ནས་གློ་ལུད་ཡོད་པ་ཚོར་བ།

 

༥། པགས་པར་འབུར་ཏོ་དོན་སླ་བ། ཟ་འཕྲུག་ལང་བ།

 

 

༦། བུད་མེད་ལ་ཤེར་ཁུ་དཀར་པོ་ Leucorrhea མང་བ།

 

གནའ་དུས་རྩ་སྨན་དུ་རྒྱགས་པ་དང་སྐམ་པོ་ཆགས་སླ་ཞེས་པའི་ན་ཚ་ཞིག་ཡོད། དེ་ནི་སྔ་དྲོར་ངོ་གདོང་རྒྱགས་ཅིང་སྦོས་པ། དགུང་དྲོར་སྐམ་དུ་འགྲོ་བ། འོན་ཀྱང་རྐང་པའི་ངོས་སྐྲང་བསྡད་པར་གོ གནམ་གྲུར་སྡོད་སྐབས་མི་ལ་ལས་རྐང་ལྷམ་ཕུད་ནས་རྐུབ་སྟེགས་ཐོག་སྐྱིལ་ཀྲུང་བཅས་ནས་བསྡད། དུས་ཡུན་རྗེས་ལྷམ་ཡང་གྱོན་མ་ཐུབ་པར་སྐྲང་སྦོས་སུ་ཆགས་ཚར་བ་ལྟ་བུ་རེད།

 

 

 

དོན་དངོས་ཐོག་མིའི་གཟུགས་པོར་ཆུ་བསགས་པ་དེ་དག་ཕྱིར་དོར་ཐུབ་པའི་འཕྲུལ་ཆ་ལྟ་བུའི་གནས་འགའ་ཡོད། དེ་དག་ནི་མཚེར་པ། གློ་བ། མཁལ་མ་གསུམ་རེད། མཚེར་པས་ལུས་ཡོངས་ཀྱི་རླན་གཤེར་དོ་དམ་བྱེད་ཅིང་། ནུབ་ལུགས་གསོ་རིག་ལྟར་ན་མཚེར་པར་ནུས་པ་དེ་ཙམ་མེད་པའི་ཟོལ་འདྲ་ཡོད། འོན་ཀྱང་རྩ་སྨན་ནང་མཚེར་པ་ནི་ཟས་ཞུ་ཐབས་བྱེད་མཁན་གྱི་གནོད་གལ་ཆེན་ཞིག་ལ་ངོས་འཛིན་ཡོད་པ་རེད། དེ་བཞིན་མཁལ་མས་ཁྲག་དང་ཡང་ན་ལུས་སྨད་ཀྱི་ཆུ་དང་རླན་གཤེར་ལ་དོ་དམ་བྱེད་ཅིང་། གློ་བས་ལུས་སྟོད་ཀྱི་ཆུ་རླང་ལ་དོ་དམ་བྱེད།


མཚེར་མ་ལེགས་པར་གསོས་ན་མཆིན་པ་དང་གློ་བར་རོགས་ཕན་གྱིས་ལུས་སྟོད་ཀྱི་ཆུ་རླངས་ལུས་སྨད་ནས་ཕྱིར་བཏོན་ཐུབ། དེ་ལྟར་རང་བཞིན་གྱིས་སྐྲང་སྦོས་ཞི་ཞིང་ལུས་སྐམ་ཐབས་ཀྱི་ནུས་པ་ཐོན་ཐུབ་པ་བྱེད།

རྩ་གནད་གནན་པ་དང་། རྐང་པ་གཉིས་ལ་རྡུང་བའི་ཐབས་ཀྱིས་སྐྲང་སྦོས་ཞི་ཐབས།

 

ཁྱོད་ལ་ཆུ་བསགས་ཏེ་རྒྱགས་ལུག་གམ་སྐྲང་སྦོས་ཆགས་དུས་ལས་སྟབས་བདེའི་སྒོ་ནས་བཅོས་ཐབས་ནི་རྩ་གནད་འགག་ཅན་ལ་གནན་པ་དང་། རྩ་རྒྱུད་ལ་རྡུང་བའི་བཅོས་ཐབས་དགོས།

 

 

གཤམ་དུ་པར་ནས་མིག་བཏོན་བྱས་པའི་རྩ་གནད་འགག་ཅན་གསུམ་ལ་གནན་ཐབས་སྐོར་ཡིན།

 

( མཆན་འགྲེལ། འདིར་རྩ་གནད་གསུམ་གྱི་མིང་དང་བཅས་འདུག་ཀྱང་དེ་དག་ལ་ཆེད་ལས་ཀྱི་མིང་ཚིག་གང་སྤྱོད་དགོས་མིན་མ་ཤེས་པའམ་མི་འདུག་པས་རྩ་གནད་གསུམ་དེ་གང་དུ་ཡོད་མེད་པར་ལ་བལྟས་ནས་ཤེས་ཐབས་གནང་རོགས། )

 

རྩ་གནད་གསུམ་པོ་རེ་རེར་ཐེངས་ ༣༠ ཙམ་གནོན་དགོས་པ་དང་། ཐེངས་རེར་སྐར་ཆ་ ༥ ཙམ་འགོར་གྱི་རེད། དགུང་དྲོ་དང་མཚན་མོར་ཉུང་མཐའ་ཡང་ཐེངས་རེར་སྐར་ཆ་ ༣༠ རེ་གནོན་ཐབས་དགོས། དམིགས་བསལ་དུ་དགོང་མོར་རྐང་པ་སྐྲང་སྦོས་ཆགས་སླ་བའི་བུད་མེད་རྣམས་ཀྱིས་གཞུང་ལས་ཁང་དུའང་རྐང་པ་སྐྱིལ་ཀྲུང་བཅས་ནས་གནོན་ཐབས་བྱེད་ན་འགྲིག་གི་རེད། རྐང་པ་གཉིས་ཀྱི་རྩ་གནད་ལ་རྡུང་ནས་བཅོས་ཐབས་དེའང་ཐབས་ལེགས་པོ་ཞིག་ཡིན། རྐང་པའི་ནང་ཕྱོགས་སུ་མཆིན་པ་དང་མཚེར་མ། མཁལ་མ་གསུམ་གྱི་རྩ་ཡོད། དེ་གསུམ་ལ་བཞུ་ནས་རྡུང་སྟེ་བཅོས་ན་མཆིན་པ་དང་མཚེར་མ། མཁལ་མའི་རླན་གཤེར་ཕྱིར་བཏོན་ཐུབ་པ་མ་ཟད། ད་དུང་བདེ་ཐང་ངང་ནས་རྐང་པ་སྐམ་དུ་གཏོང་ཐུབ་ཅིང་། ལུས་པོའང་སྐམ་དུ་གཏོང་ཐུབ།

 

 

རྐང་པར་བཞུ་སྟངས་སམ་རྡུང་སྟངས་ནི།

༡། རྐང་པ་གཅིག་གཞན་དེའི་སྒང་བཞག་ཅིང་ལག་པའི་མཛུམ་མོ་ལྔ་ཡིས་སྦུབས་དབྱིབས་ལྟར་བཟོས་ཏེ་རྐང་པའི་ནང་ཕྱོགས་སུ་ཤུགས་ཚད་ལྷོད་པོའི་སྒོ་ནས་ལེབ་མོས་རྡུང་དགོས། སྤུས་མོའི་ཕྱོགས་ནས་རིམ་གྱིས་མར་རྐང་མཐིལ་ཕྱོགས་ཀྱི་མཛུམ་པོའི་བར་གོང་འོག་གི་གོ་རིམ་ལྟར་ལེབ་མོས་རྡུང་ཐེངས་ ༣༠ ཙམ་བྱེད་ཅིང་། རྐང་པ་གཉིས་བརྗེ་ལེན་གྱིས་དེ་ལྟར་བྱེད་དགོས།

 

 

ཆུ་བཏོན་ནས་སྐྲང་སྦོས་ཞི་བའི་ཟས་ཀྱི་བཅོས་ཐབས།

ཆུ་བསགས་ནས་རྒྱགས་ལུག་ཆགས་པའི་མི་མང་ཆེར་ལ་གཡོ་འགུལ་དེ་ཙམ་མི་བྱེད་པའི་སྐྱོན་དང་། ཡང་ན་ཟས་དང་བཏུང་བྱ་གྲང་མོ་རིགས་རྒྱུན་དུ་ནས་སྤྱོད་པའི་གྲལ་མང་། དེར་བརྟེ། ལུས་རྩལ་མང་ཙམ་རྩེད་ཅིང་ཟས་བཅོས་ཡོང་ཐབས་དགོས། གཤམ་ལ་ཆུ་བསགས་ནས་སྐྲང་སྦོས་ཅན་ལ་ཟས་བཅོས་ཐབས་འགའ་མཁོ་སྤྲོད་བྱེད། ཟས་དེ་དག་སྤྱི་བཏང་གི་ཚལ་ཁྲོམ་གང་སར་བཙོང་རྒྱུ་ཡོད་པ་ཤ་སྟག་ཡིན།

 

 

༡། ནས་ཀྱི་ཁུ་བ། Barley water ( ནས་བསྐོལ་ནས་ཐང་བཟོས་པར་གོ )

༤། རྫས་བཞི་ཅན་གྱི་ཐང་ངམ་ཁུ་བ་ནང་ནས་དང་ Poria མང་ཙམ་བླུགས་ནས་བསྐོལ།

༥། རྒྱ་སྲན་དམར་པོའི་ bean ཁུ་བ། སྲན་མ་དམར་པོས་ཀྱང་སྐྲང་ཞི་བར་ཕན།

༦། ག་གོན་ Winter melon ཁུ་བ། ག་གོན་ནི་བསིལ་བ་ཡིན་ལ་དེར་ལྒ་སྨུག་ཏོག་ཙམ་བརྒྱབ་ནས་འཐུང་ན་དྲོད་འཇམ་ལྡན།

༧། ལྒ་སྨུག་ Ginger དང་ཇ་དྭངས་ཀྱི་ཁུ་བའམ་ཐང་།

 

 

 

གལ་ཏེ་ཆུ་བསགས་ནས་སྐྲང་སྦོས་ཀྱི་རྒྱགས་ལུག་ཞི་ཐབས་ནུས་པ་སྔར་བས་ལེགས་པ་ཡོང་དགོས་ན་གསོ་རིག་སྨན་པར་རེ་ན་ཆོག རྩ་སྨན་གྱིས་རྒྱུན་དུ་ནས་རྫས་བཞིའི་ཐང་ཁུ་ཞེས་པ་དང་། ཡང་དབང་ལག་རྒྱས་ཤིང་ཕོ་དྲོད་གསོ་བའི་ཐང་ཡང་འབོད་པ་དེ་དག་རྒྱུན་དུ་སྤྱོད་ན་བཟང་། ཐང་ཁུ་དེ་དག་གིས་མཚེར་མ་དང་ཕོ་བ་གསོ་ཞིང་། དེའི་ནང་རྩ་རིགས་Astragalus, wind, Alisma དང་རྩ་སྨན་པདྨ་ peony བཅས་བསྲེས་ནས་ཐང་ཁུ་བསྐོལ་ནའང་ནུས་པ་ཆེ་བ་ཡོད། འོན་ཀྱང་སོ་སོས་རང་མོས་ཀྱིས་བསྐོལ་ནས་འཐུང་བ་ལས་སྨན་པའི་བཀའ་ལྟར་ཁྱོད་ཀྱི་བདེ་ཐང་གི་དངོས་ཡོད་གནས་སྟངས་ལ་གཞིགས་ནས་བྱ་ན་དགའ་བ་ཡོད་པ་རེད།

 

 

 

 


  གངས་དཀར་སེམས།
 

02.07.2020 20:48:36

མ་རྩོམ་གྱི་འབྲེལ་ཐག

https://www.epochtimes.com/gb/20/2/22/n11888217.htm

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -