ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

24.06.2020 18:58:14
གངས་དཀར་སེམས།

images/stories/ww1.jpg

 

བུད་མེད་ཚོས་ལུས་སྦྱོང་ལ་མི་དགའ་ཞེས་ཁ་གཡར་ས་བཅུ།

10 Reasons why women don’t like sport

女性不愛運動的十大理

(འགྱུར་རྩོམ།)

 

ལུས་སྦྱོང་གིས་ཤ་གཟུགས་རྒས་མགྱོགས་པ་དེ་བཅོས་ཤིང་། གཉིད་ཡག་པོ་ཁུག་པ། བདེ་ཉམས་ཀྱི་ཚོར་བ་སྟེར་བ་བཅས་ཡོང་ཐུབ། ང་ཚོས་ལུས་སྦྱོང་གི་ཕན་ཡོན་ཤེས་ཀྱི་ཡོད།


འོན་ཀྱང་ཨ་རིའི་མི་བརྒྱ་ཆ་ ༨༨ ལུས་སྦྱོང་ལ་མི་དགའ་བའི་རྒྱུ་མཚན་གང་ཡིན་ནམ། ཡང་ན་མང་པོ་ང་ཚོ་དང་འདྲ་བ་ལུས་སྦྱོང་ལ་ངོ་མ་མི་དགའ་བ་ཡིན་སྲིད། ང་ནི་ལུས་སྦྱོང་ལ་ངོ་མ་མི་དགའ་མཁན་ཞིག་ཡིན། ང་སྐྱེས་ནས་ད་བར་ལུས་སྦྱོང་ལ་སེམས་འགུལ་ཐེབས་མ་མྱོང་བ་མ་ཟད། དེ་མིན་རྒྱུན་དུ་ནས་ང་ལ་སོ་སོས་བྱེད་བསམ་པའི་བྱ་བ་གང་མང་ཡོད། དམིགས་བསལ་དུ་ལུས་སྦྱོང་སྣ་ཚོགས་མཉམ་སྦྱོང་ CrossFit དང་ཡང་ན་དཀའ་ལས་ཧ་ཅང་ཆེ་བའི་དུས་ཐུང་སྦྱོང་བརྡར་ཤུགས་ཆེར་དགོས་པ་དེ་དག་གིས་ང་ཧ་ཅང་ངལ་དུབ་ཏུ་ལྷུང་བཅུག་གི་ཡོད།

 

 

 

མི་ལ་ལ་ལུས་སྦྱོང་ལ་ཧ་ཅང་འཕྲོད་པོ་རེད། ཁོ་ཚོས་སོ་སོ་རྩ་རིས་སྨྱུག་མ་ལྟར་སྒྱུར་གྱི་རེད། ང་ནི་དེ་འདྲ་མིན་པར་བདུན་རེར་ཉིན་དྲུག་རིང་ཧ་ཅང་བརྩོན་འགྲུས་ཆེན་པོ་བྱས་ཡོད་ཀྱང་ཁྱོད་ཚོས་ངའི་གཟུགས་པོར་གཅིག་བལྟས་ན་ཤེས་ཐུབ། ང་རྒྱུན་དུ་ནས་འབོལ་གདན་ཐོག་ཉལ་བསྡད་པའི་ཞོ་ཁོག་རྒྱགས་ལུག་དེ་དག་དང་མི་འདྲ་ས་ཁྱོན་ནས་མེད། དེར་བརྟེན། ངས་དཀའ་ལས་དེ་འདྲ་རྒྱག་དགོས་དོན་མིན་འདུག་སྙམ།

 

 

གཤམ་གསལ་ནི་ངས་ཐོས་མྱོང་བའི་བུད་མེད་ཚོས་ལུས་སྦྱོང་མི་བྱེད་པའི་རྒྱུ་མཚན་ཁག་བཅུ་རེད།

དེ་བཞིན་ངས་ལུས་སྦྱོང་སྐབས་དགོས་པའི་ལྷམ་དེའི་སྒྲོག་གུ་བསྡམས་ཏེ་སྒོ་ཕྱིར་བུད་ནས་ལུས་སྦྱོང་སློབ་ཚན་ barre ཉན་ཞིང་སྦྱོང་བརྡར་བྱེད་ཐུབ་པའི་ལྡོག་ཕྱོགས་ཀྱི་གཏན་ཚིག་དག་རེད།  

 

 

དང་པོ། དུས་ཚོད་མེད།

 

ཁྱོད་ཀྱི་ཉིན་རེའི་བྱེད་སྒོའི་ནང་ལུས་སྦྱོང་དང་འབྲེལ་བའི་ལས་འགུལ་ཆུང་ཙག་རེ་དེར་འཇུག་ཐབས་དགོས། གང་ཡིན་ཟེར་ན། སྐར་མ་རེའི་ཧུར་བརྩོན་བྱས་པ་དེ་ཙམ་ཡང་འགྲིག་གི་ཡོད་པ་རེད། ལུས་འགུལ་ཆུང་ཙག་ཁག་འགོ་བརྩམས་རྒྱུ་དཔེར་ན་ཁ་པར་གཏོང་དུས་ཡར་མར་འགྲོ་བ། ཚིགས་ཇ་བསྐོལ་དུས་སྐར་མ་གཉིས་ལ་ཞབས་བྲོ་འཁྲབ་པ་ལྟ་བུའོ།

ལས་རིགས་སྣེ་མང་གཉེར་མཁན་གྱི་སྐྱེས་པ་ཚོས་ལུས་སྦྱོང་དེའི་རིགས་ལ་སྦྱོར་བརྡར་རང་མིན་པའི་ལུས་སྦྱོང་ NEAT ཞེས་འབོད། དེའང་ལང་ཙམ་སྡོད་ཙམ་དང་ཡར་མར་ཅུང་འགྲོ་བ། དེ་བཞིན་རླངས་འཁོར་ཟུར་ཞིག་ལ་བཀག་ནས་ནང་དུ་གོམས་བགྲོད་བྱེད་པ་བཅས་ཀྱིས་ཁྱོད་ཀྱི་ལུས་ལ་སྦྱོང་བརྡར་གང་འཚམས་ཡོང་ཐུབ་ལ། དེ་དག་ཚང་མ་ལུས་སྦྱོང་རེད།

 

 

གཉིས་པ། ལས་སྟབས་བདེའི་སྒོ་ནས་དེར་ཉོབས་ཡོང་གི་འདུག

 

 

ལུས་སྦྱོང་གི་འཆར་གཞིར་འགྱུར་ལྡོག་མང་ཙམ་ཡོད་དགོས། དེའང་རེའུ་མིག་གམ་བང་རིམ་བཀོད་ལུགས་དང་། དེའི་ནང་ནས་ད་ལྟའི་ཆར་ཁྱོད་ལ་འཚམས་ཤོས་ཀྱི་སྦྱོང་བརྡར་རིགས་གདམ་རྒྱུ། དཔེར་ན་ལུས་སྦྱོང་ Zumbabarre འདི་དག་དང་། གཞན་ཡང་རླུང་སྦྱོང་སྦྲགས་རྒྱུགས་ཤར་གློད་སྟངས། Chi running རིགས་སྣ་ཚོགས་ཀྱི་ལུས་སྦྱོང་དང་། CrossFit རླུང་སྦྱོང་བཅས་རེད། རྩེད་མོའི་ཚུལ་དང་དམིགས་ཡུལ་ངེས་ཅན་མིན་པའི་ལས་འགུལ་ལྟ་བུར་ཞུགས་པའི་ཚོར་སྣང་དགོས།

 

 

 

གསུམ་པ། ཞོགས་པ་སྔ་ལང་ལ་དཀའ་ངལ་འདུག

 

 

དུས་ཚོད་ཡུན་ཐུང་གི་ལུས་སྦྱོང་བྱེད་པ། ཉིན་དགུང་ཟས་ཟ་དུས་ལ་ལུས་སྦྱོང་བྱེད་པ། ཡང་ན་དགུང་མོ་དང་མཚན་མོར་གྲོགས་པོ་དང་མཉམ་ཕྱིར་འཁྱམ་དུ་འགྲོ་བ།

 

 

 

བཞི་པ། དེ་འདྲ་བྱས་ན་ཁྱིམ་མིར་སྣང་ཆུང་ཤོར་གྱི་རེད།

 

 

ཁྱིམ་མི་མཉམ་དུ་འཁྲིད་ནས་སོང་། ཕྲུ་གུ་རྣམས་དང་མཉམ་དུ་གོམས་བགྲོད་མཉམ་དུ་འགྲོ་བར་བསྐུལ་འདེད་གཏོང་། (ས་གནས་སུ་ནོར་བུ་འཚོལ་སྟངས་ཟེར་བའི་རྩེད་མོའི་རིགས་དེ་གོ་མྱོང་ངམ། ) ཡང་ན་ཁྱོད་ཀྱི་བཟའ་ཟླ་འཁྲིད་དེ་རླུང་སྦྱོང་དང་ཞབས་བྲོའི་འཛིན་གྲྭར་སོང་།

 

 

ལྔ། ལས་ཀ་གྲོལ་རྗེས་དཀའ་ལས་ཁག་ནས་ནུས་པ་མིན་འདུག

 

 

དགུང་དྲོ་ཆུ་ཚོད་ལྔ་པའི་རྗེས་སུ་ངས་བསམ་ན། སོ་སོར་གལ་ཏེ་ངས་འདི་འདྲ་ཞིག་བྱ་ན་དང་། ཡང་ན་ངས་དེ་འདྲ་བྱས་ན་ཞེས་པའི་ཚིག་གིས་སོ་སོར་ད་དུང་ཡང་གདམ་ཁ་གཞན་ཡོད་པར་སྟོན་ན་ཕན་ཐོགས་ཆེན་པོ་འདུག དཔེར་ན་ངས་གལ་ཏེ་ང་ཧ་ཅང་དཀའ་ལས་ཁག་ན། དེ་ནས་ང་རང་ཁྱོ་ག་མཉམ་དུ་དགུང་ཉིའི་འོག་ཏུ་གོམ་བགྲོད་འགྲོ་ཆོག་གི་རེད་ལྟ་བུ་ཡིན།

 

 

 

དྲུག་པ། གཡོ་འགུལ་ཁག་ཅིང་ནུས་ཤུགས་མེད། ལུས་སྦྱོང་གང་འདྲ་དགོས་མིན་མི་ཤེས།

 

 

འདིའི་སྐོར་གྱི་སློབ་ཚན་འཚོགས་པའམ་ལུས་སྦྱོང་དགེ་རྒན་ཞིག་འཚོལ་དགོས། གོམས་པ་རིམ་འཛེགས་དགོས་པའི་དུས་ཚོད་ཡོལ་ཐབས་ཀྱི་སློབ་ཚན་དེ་འདྲར་མ་བཞུགས་ན་ལེགས། དེས་ཁྱོད་ལ་སྔར་བས་སྡུག་ཏུ་སོང་བའི་ཚོར་སྣང་སྟེར་གྱི་རེད། ང་ལ་ཡིད་ཆེས་བྱོས་དང་། ངའི་སོ་སོའི་ཉམས་མྱོང་ཐོག་ནས་ལུས་སྦྱོང་རིགས་འདི་ barre འགུལ་སྤྱོད་ལ་མི་དགའ་བའམ་དོ་དབྱིངས་མེད་པའི་རིགས་ལ་ཧ་ཅང་འཚམས་པོ་ཡོད་པ་ཤེས། གལ་ཏེ་ཁྱོད་ཤུགས་ཚད་སྦྱོང་བརྡར་དང་བཀྱང་རྐུམ་དགོས་པའི་ལུས་སྦྱོང་སྐོར་གང་ཡང་ཤེས་ཀྱི་མེད་ཚེ་དེ་ནས་རྨང་གཞིའི་འཛིན་གྲྭ་དང་ཡང་ན་སློབ་མ་གསར་པའི་འཛིན་གྲྭར་སོང་ན་འགྲིག

 

 

བདུན་པ། ན་བའམ་རྨས་སྐྱོན་ཕོག་པ།

 

 

ཁྱོད་ཀྱིས་སྒེར་ལ་འཚམས་ཤིང་དགོས་མཁོ་ཡོད་པའི་ལུས་སྦྱོང་གི་ཆེད་ལས་པ་ཞིག་འཚོལ་དགོས་ཀྱི་ཡོད་སྲིད། དེའང་གཙོ་བོ་སློབ་སྦྱོང་གི་དམིགས་ཚད་དུ་གཙོ་འདོན་བྱེད་པ་ལས་དེ་ཕྱིར་མངོན་ཐབས་ཙམ་མིན། དུས་ཡུན་ཐུང་ནང་མང་པོ་མ་སྦྱོང་། སོ་སོར་གུ་ཡངས་ཅུང་ཙམ་རེ་སྤྲོད།

 

 

 

བརྒྱད་པ། རྒྱུན་འཁྱོང་མི་ཐུབ་པའམ་མཐའ་སྐྱོང་མི་ཐུབ།

 

 

ཞིབ་འཇུག་བྱས་པ་ལྟར་ན་ཁྱོད་ཀྱིས་ཐོག་མའི་དུས་ནས་མཐའ་བསྐྱེལ་དགོས་བསམ་པ་དེ་རྗེས་སུ་གློ་བུར་དུ་སེམས་ལ་འགུལ་ཤུགས་བརླགས་པའི་དུས་སྐབས་དེར་གཙོ་བོ་བསྔགས་བརྗོད་བྱེད་རྒྱུར་གཙོ་བཟུང་དགོས། དེའང་དཔེར་ན་ནུས་ཤུགས་སྔར་བས་ཆེ་བ། གནོན་ཤུགས་ཆུང་དུ་སོང་བ། ད་དུང་སེམས་ཁམས་ལེགས་སུ་སོང་བ་བཅས་ཐད་ནས་སྒེར་ལ་གོ་བཀོན་བྱས་ན་བཟང་། དཔེར་ན་གནམ་གཤིས་བཟང་ངན་གང་ཡིན་ཡང་ང་རང་གྲོགས་པོ་ཀྱཱོ་དང་མཉམ་དུ་གཟའ་ཉི་མ་ཉིན་རྒྱུགས་ཤར་གློད་དུ་འགྲོ་སྲིད་པ་རེད་ཅེས་པ་ལྟ་བུའོ།

 

 

 

དགུ་པ། རྔུལ་ཆུ་ཤོར་ན་སྐྱུག་བྲོ་བ་མཐོང་བ།

 

 

 

དེར་རྔུལ་ཆུ་ལེན་ཐབས་བྱོས། དཔེར་ན་རྔུལ་ཆུ་མེད་པ་བཟོ་བའི་འཕྲུལ་ཆས། བརྐྱང་བསྐུམ་རང་བཞིན་ལྡན་པའི་འཕྲུལ་རིགས་སྤྱོད་པ་བཅས་དགོས། ཚད་མཐོ་བའི་ཚན་རིག་ཐོན་རྫས་ཀྱི་དབུགས་འབྱིན་རྔུབ་ལུས་སྦྱོང་གྱོན་ཆས་གོན་པ་དང་། ཡང་ལུས་ལ་རྔུལ་ཆུ་དེ་ཙམ་དོན་མི་ཐུབ་པའམ་དོ་སྣང་ཡོང་མི་ཐུབ་པའི་ལུས་སྦྱོང་གི་རིགས་གདམ་དགོས། དཔེར་ན་ཆུ་སྐྱལ་དང་། མགྱོགས་བགྲོད། ད་དུང་རིགས་སྣ་མང་གི་ལུས་སྦྱོང་ barre ལྟ་བུ་རེད། 

 

 

བཅུ་པ། ལེ་ལོ།

 

 

ཁྱོད་ལ་འོས་འགན་བརྩད་གཅོད་དགོས་པའི་ལམ་ལུགས་ཤིག་དགོས། དཔེར་ན་ལུས་སྦྱོང་མཉམ་དུ་བྱེད་མཁན་རོགས་པ་དང་། ཡང་ན་ལུས་སྦྱོང་དགེ་རྒན་ལྟ་བུ་ཞིག་དགོས། དེ་བཞིན་ཁྱོད་རང་ནུས་ཤུགས་ཧ་ཅང་ཆེ་བའི་དུས་སུ་ཁྱོད་ལ་ལུས་སྦྱོང་གོ་སྒྲིག་བྱེད་ཐུབ་མཁན་ཞིག་དགོས། ཁྱོད་རང་སོ་སོའི་ངོས་ནས་ཀྱང་སྒེར་ནི་ལུས་སྦྱོང་དང་འགུལ་སྤྱོད་ལ་དགའ་སྣང་ཅན་ཞིག་ཡིན་པའི་ཟོལ་འདྲ་སྟོན་དགོས་པའང་ཡོང་སྲིད། དེ་དག་མངོན་འགྱུར་མ་ཡོང་བར་དུ་དེ་འདྲ་བསམ་ན་ཆོག དཔེར་ན་ང་གོ་རིམ་བཅུ་གཉིས་སྤྱོད་དེ་ངན་གོམས་དེ་མཚམས་བཞག་ཐབས་ཅེས་པའི་ཐབས་ལམ་ལྟར་ཡིན།

( ལུས་སྦྱོང་གི་དམིགས་ཡུལ་བཟང་པོ་དེ་འགྲུབ་ཕྱིར། ) སོ་སོ་འདི་དང་དེ་འདྲ་ཞིག་ཡིན་པའི་ཟོལ་འདྲ་སྟོན་དགོས་པ་ཡོང་གི་རེད།

 

 

 

 

 


  གངས་དཀར་སེམས།
 

24.06.2020 21:09:13

མ་རྩོམ་གྱི་འབྲེལ་ཐག
https://www.epochtimes.com/gb/20/5/29/n12146573.htm

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -