ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

25.04.2020 20:07:11
གངས་དཀར་སེམས།

images/stories/julia_gillard_2012_cropped.jpg

 

ཨོ་གླིང་གི་བུད་མེད་སྲིད་བློན་ཐོག་མ། (སྲིད་བློན་ཨང་ཉེར་བདུན་པ།)

First Australian women Prime minister (27th)

第一位澳洲女總理(第二十七任)

 

ཅུའུ་ལི་ཡ་ཨེ་ལིན་གྷི་ལ་ཊི་ Julia Eileen Gillard ནི་ ༡༩༦༡ ལོའི་ཟླ་ ༩ ཚེས་ ༢༩ ཉིན་ཨཱིན་ཇི་ United Kingdom རྒྱལ་ཁབ་ཀྱི་ཝེ་ཨར་སིར་ Wales སྐུ་འཁྲུངས། ཁོང་མོ་ནི་ཨོ་གླིང་གི་བུད་མེད་ཆབ་སྲིད་མཁས་དབང་དང་། བཟོ་པ་ཆབ་སྲིད་ཚོགས་པའི་ Labor Party ཚོགས་མི། ད་བར་ཨོ་གླིང་རྒྱལ་ཁབ་འདིའི་སྲིད་བློན་ཨང་ཉེར་བདུན་པའམ་བུད་མེད་ཀྱི་སྲིད་བློ་ཐོག་མ་དེ་ཡིན། ( ༢༠༡༠ ནས་ ༢༠༡༣ ལོ་གསུམ་བར། )


༢༠༠༧ ལོར་བཟོ་པ་ཆབ་སྲིད་ཚོགས་པས་རྒྱལ་ཁོངས་སུ་འོས་ཀྱི་རྒྱལ་ཁ་ཐོབ་རྗེས་ཅུའུ་ལི་ཡས་ཨོ་གླིང་རྒྱལ་ཁབ་ཀྱི་སྲིད་བློན་གཞོན་པ་དང་མཉམ་འབྲེལ་ཤེས་ཡོན་ལྷན་ཁང་གི་འགན་འཛིན། ལས་འཇུག་དང་ངལ་རྩོལ་མ་རྩའི་འབྲེལ་བ་སྡེ་ཚན་གྱི་འགན་འཛིན་བཅས་ཀྱི་གོ་དབང་བཟུང་། ༢༠༢༠ ལོའི་ཟླ་ ༦ པར་མོས་ཨོ་གླིང་སྲིད་བློན་གྱི་གོ་དབང་དང་བཟོ་པ་ཆབ་སྲིད་ཚོགས་པའི་འགོ་འཛིན་གྱི་ལས་གནས་དེ་ ༢༠༡༣ ལོའི་ཟླ་ ༦ པ་བར་བསྐྱངས།

 

 

ཐོག་མའི་འཚར་ལོང་གི་གོ་རིམ།

 

ཅུའུ་ལི་ཡ་ནི་ཨིན་ཇིའི་ཝཱེ་ཨར་སི་རི་གཤམ་གྱི་གྲོང་བརྡལ་པཱ་རིར་ Barry ཞེས་པར་སྐུ་འཁྲུངས། བྱིས་པའི་དུས་སུ་མོ་ལ་དབུགས་བསག་གློ་ནད་ཀྱི་གཉེན་ཚད་ཀྱི་ན་ཚ་ཡོད། སྨན་པས་མོ་རང་གནམ་གཤིས་དྲོད་ལྡན་གྱི་ཁོར་ཡུག་ནང་བདེ་ཐང་ཡོང་བར་ཕན་ཐོག་ཡོད་སྐོར་བསླབ་བྱ་གནང་། ༡༩༦༦ ལོར་མོའི་ཁྱིམ་མི་ཡོངས་ས་ཆ་ཨཱ་ཏེ་ལེ་ཏིར་ Adelaide གནས་སྤོས་བྱས། མོའི་ཨ་ཕ་ནི་གླད་རྩའི་སྡེ་ཚན་གྱི་སེམས་བཅོང་ན་ཚའི་ Psychiatry སྨན་ཞབས་པ་ཞིག་ཡིན་པ་དང་། ཨ་མ་ནི་ས་གནས་རང་གི་དགེ་རྩ་ཚོགས་པའི་རྒན་གསོ་ཁང་དུ་ལས་ཀ་བྱེད་ཀྱི་ཡོད། ཅུའུ་ལི་ཡར་ད་དུང་མོ་རང་ལས་ལོ་ ༣ ཆེ་བའི་གཅེན་མོ་ཞིག་ཀྱང་ཡོད།

 

 

༡༩༨༢ ལོར་ཅུའུ་ལི་ཡ་ས་གནས་ཨཱ་ཏེ་ལེ་ཏི་སློབ་གྲྭ་ཆེན་མོ་ནས་སློབ་མཚམས་བཞག་ཏེ་མཱེར་བྷོམ་ Melbourne ལ་གནས་སྤོས་བྱས་ཏེ་ཨོ་གླིང་སློབ་གྲྭའི་མཉམ་འབྲེལ་ཚོགས་པ་ཞེས་པའི་ནང་ལས་འཇུག་བྱས་པ་མ་ཟད། ༡༩༨༦ ལོར་མཱེར་བྷོམ་སློབ་ཆེན་ནས་ཁྲིམས་ལུགས་རིག་པ་དང་རྩོམ་རིག་ཕྱོགས་གཉིས་ནས་འབུམ་རམས་པའི་ཡོན་ཚད་ཐོན། སློབ་ཆེན་ཐོན་རྗེས་མོ་རང་ཐོག་མཐའ་བར་གསུམ་དུ་མཱེར་བྷོམ་ལ་ཁྲིམས་རྩོད་པའི་སྡེ་ཚོགས་གཅིག་ནང་ལས་ཀ་བྱེད་བཞིན་གཙོ་བོ་ངལ་རྩོལ་བཟོ་པའི་ཁྲིམས་སྐོར་གྱི་གྱོད་དོན་ལ་གཙོ་གཉེར་བྱས། ལོ་གསུམ་རྗེས་ཁྲིམས་རྩོད་དེའི་མཉམ་འབྲེལ་གྱི་ཚོགས་མི་ཞིག་ཆག སྐབས་དེར་མོ་རང་རང་ལོ་ ༢༩ ཡིན།

 

 

ཆབ་སྲིད་ལ་བཞུགས་ཚུལ།

 

མོ་རང་སློབ་ཆེན་དུ་སློབ་སྦྱོང་བྱེད་སྐབས་སུ་བཟོ་པ་ཆབ་སྲིད་ཚོགས་པའི་སྤྲོ་སྐྱིད་སྡེ་ཚན་ཟེར་བའི་སྒྲིག་འཛུགས་དེར་བཞུགས་ཏེ་རྒྱལ་ཁབ་ཀྱི་ཆབ་སྲིད་ཚོགས་པའི་སྲིད་ཇུས་འགྲན་བསྡུར་གྱི་བགྲོ་གླེང་བཅས་སུའང་བཞུགས། མཱེལ་བྷོམ་ལ་སྤོས་རྗེས་དེ་སྔོན་གྱི་ ༡༩༨༣ ལོར་ཨོ་གླིང་སློབ་མའི་མཉམ་འབྲེལ་ཚོགས་པ་ཅེས་པའི་ཚོགས་གཙོར་གདམས་ཐོན་བྱུང་བ་མ་ཟད། ཚོགས་པ་དེའི་གཡོན་ཕྱོགས་ཆབ་སྲིད་ཚོགས་པའི་སྤྱི་ཚོགས་རིང་ལུགས་གླེང་སྟེགས་ཅེས་པའི་དྲུང་ཆེའི་ལས་ཀ་བྱས།

 

 

༡༩༩༦ ལོར། མོ་རང་ཝཱེ་ཁྲོ་རི་ཡའི་བཟོ་པ་ཆབ་སྲིད་ཚོགས་པའི་ Victorian Labour Party འགོ་ཁྲིད་བྷོ་ལུན་པེའི་དྲུང་ཆེ་བྱས། ༡༩༩༨ ལོར་རང་ཁོངས་ཆབ་སྲིད་ཚོགས་པ་ཚབ་བྱས་ཏེ་རྒྱལ་ཁོངས་ཀྱི་འོས་འདེམས་ཆེན་མོར་བཞུགས། མཐར་ཝཱེ་ཁྲོ་རི་ཡའི་བཟོ་པ་ཚོགས་པའམ་སྲོལ་རྒྱུན་གྱི་འོས་ཁོངས་ལཱ་ལོ་ Lalor ཞེས་པའི་ས་གནས་དེ་ནས་འོས་གྲངས་ཚད་མཐོན་པོ་ཐོབ།

 

 

གོམ་གང་མདུན་སྤོས།

 

༢༠༠༡ ལོར་ཨོ་གླིང་མནའ་འབྲེལ་བཟོ་པ་ཆབ་སྲིད་ཚོགས་པ་དེ་སླར་འོས་འདེམས་ཆེན་པོ་ནས་ཕམ། དེ་རྗེས་ཅུའུ་ལི་ཡ་མནའ་འབྲེལ་ཚོགས་པའི་ལྡོག་ཕྱོགས་ཚོགས་པའི་གྲིབ་གཟུགས་ཀྱི་ནང་ཁུལ་སྒྲིག་འཛུགས་ཅེས་པར་བཞུགས་ཏེ་བཟོ་པ་ཚོགས་པའི་འགོ་ཁྲིད་གཙོ་བོའི་གྲལ་དུ་ཚུད། སྔ་ཕྱིར་ཡུལ་གྱར་བ་དང་འཕྲོད་བསྟེན། ད་དུང་ལས་མིའི་འབྲེལ་བ་བཅས་ལས་གཞིའི་ཐོག་གི་ལས་ཀ་རིམ་པས་བྱས། དེར་བརྟེན། སྐབས་དེར་གསར་འགྱུར་ཚོགས་པ་ཁག་ནས་ཅུའུ་ལི་ཡར་དོ་སྣང་མང་ཙམ་བྱུང་།

 

 

༢༠༠༤ ལོར་བཟོ་པ་ཆབ་སྲིད་ཚོགས་པ་བསྟུད་མར་རྒྱལ་ཁོངས་ཀྱི་མནའ་འབྲེལ་འོས་འདེམས་ཆེན་པོ་ནས་ཕམ་ཁར་ལྷུང་། སྤྱི་ཚོགས་སུ་ཅུའུ་ལི་ཡ་བཟོ་པ་ཆབ་སྲིད་ཚོགས་པའི་འགོ་གཙོར་བསྐོ་བཞག་ཐུབ་པའི་རེ་བ་ཞུ་མཁན་བྱུང་ཡང་མོས་དེར་ངོས་ལེན་བྱས་མེད། དེ་རྗེས་ཀྱི་དམངས་ཁྲོད་ཀྱི་ཞིབ་འཇུག་གྲུབ་དོན་འགའི་ནང་དམངས་ནས་ཅུའུ་ལི་ཡར་ཚད་མཐོན་པོ་གང་མཚམས་ཀྱི་རྒྱབ་སྐྱོར་ཐོབ་ཡོད་པར་མངོན་གསལ་བྱུང་། འོན་ཀྱང་མོས་ཚོགས་པའི་འགན་འཛིན་གྱི་འོས་འགྲན་དུ་ཞུགས་ཀྱི་མེད་པར་བཤད། དེར་བརྟེན། ༢༠༠༥ ལོའི་ཟླ་ ༡ པོར་ཚོགས་པའི་འགན་འཛིན་འོས་འདེམས་ནང་འོས་མི་གཞན་ཞིག་སྟེ་བྷི་ཙི་ལིར་ Bizli ནི་དོགས་པ་ཙ་མེད་པར་ལས་སྟབས་བདེའི་སྒོ་ནས་ཚོགས་པའི་འགན་འཛིན་གྱི་འོས་ཐོབ་ཡོད་པ་རེད།

 

 

 

༢༠༠༦ ལོར། བཟོ་པ་ཆབ་སྲིད་ཚོགས་པའི་འགན་འཛིན་རཱབ་བྷི་ Rudd དང་ཅུའུ་ལི་ཡ་གཉིས་ལ་ནང་ཁུལ་གྱི་འོས་ཐོབ་རྗེས་རྒྱལ་ཡོངས་སུ་གསར་འགོད་ལྷན་ཚོགས་ཐོག་མ་དེ་སྤེལ། ༢༠༠༦ ལོའི་ཟླ་ ༡༢ པར་མོ་དང་གྲིབ་གཟུགས་ཀྱི་ནང་ཁུལ་སྒྲིག་འཛུགས་ཅེས་པའི་ཕྱི་འབྲེལ་འགན་འཛིན་རཱབ་བྷི་དང་མཉམ་རོགས་ཀྱི་སྒོ་ནས་ཕྱོགས་འགལ་ཚོགས་པའི་མིང་ལས་བརྒལ་བའི་མཉམ་འབྲེལ་གྱི་མནའ་གན་གྱི་སྒྲིག་འཛུགས་གཅིག་བཙུགས་ཡོད་པ་མ་ཚད། དེའང་རྒྱལ་ཁའི་ངང་ནས་བཟོ་པ་ཆབ་སྲིད་ཚོགས་པའི་འགོ་ཁྲིད་ཀྱི་དབང་ཆ་བཟུང་ཐུབ་པ་བྱས། རཱབ་བྷི་ཡིས་བྷི་ཙི་ལི་ཕམ་ཁར་བཏང་ནས་འགན་འཛིན་གྱི་གོ་དབང་བཟུང་། སྐབས་དེར་ཅུའུ་ལི་ཡ་འགན་འཛིན་རཱབ་བྷིའི་ལས་རོགས་བྱས། དེ་རྗེས་མོ་རང་ཆབ་སྲིད་ཚོགས་པའི་འགན་འཛིན་གྱི་ངོ་བོའི་ཐོག་ནས་སམ་ཡང་ན་ལས་མིའི་དཔལ་འབྱོར་སྐོར་གྱི་ལས་ཀ་དང་སློབ་གསོ། དེ་བཞིན་སྤྱི་ཚོགས་ཀྱི་ལས་དོན་ཁག་བཅས་ལ་དོ་དམ་གྱི་ལས་ཀ་བྱས།

 

 

བཀའ་ཤག་ཏུ་འཛུལ་སྟངས།

 

༢༠༠༧ ལོའི་ཟླ་ ༡༡ ཚེས་ ༢༤ ཉིན། བཟོ་པ་ཆབ་སྲིད་ཚོགས་པས་ཨོ་གླིང་རྒྱལ་ཡོངས་ཀྱི་མཉམ་འབྲེལ་འོས་འདེམས་ཆེན་པོའི་ནང་མཐའ་མའི་རྒྱལ་ཁ་ཐོབ་ཡོད། ཟླ་དེའི་ཚེས་ ༢༩ ཉིན། ཅུའུ་ལི་ཡས་ཆབ་སྲིད་ཚོགས་པ་མང་ཆེའི་འགན་འཛིན་གཞོན་པའི་ལས་ཀའི་ངོ་བོ་ཐོག་ནས་ཨོ་གླིང་གི་ལོ་རྒྱུས་ཐོག་གི་བུད་མེད་སྲིད་བློན་གཞོན་པའི་གོ་གནས་བཟུང་། དུས་མཚུངས་སུ་མོ་རང་གིས་རྒྱལ་ཁབ་ཀྱི་སློབ་གསོ་དང་ལས་ཞུགས་ཀྱི་སྐོར། དེ་བཞིན་ངལ་ལས་སྐོར་གྱི་འབྲེལ་ལམ་བཅས་ལས་ཁང་གི་འགན་འཛིན་གཙོ་བོའི་ལས་འགན་འཁྱེར། མོ་རང་སྲིད་བློན་བྱས་པའི་རིང་མོས་ཧཱ་ཝ་ཏིའི་སྲིད་གཞུང་ Howard Government གིས་སྤེལ་བའི་ངལ་རྩོལ་གདམ་ཐོན་ཁྲིམས་ཡིག ཅེས་པ་དེ་ཕྱི་འཐེན་བཟོས་ཏེ་མནའ་འབྲེལ་རྒྱལ་ཁབ་ཀྱི་ངལ་རྩོལ་བའམ་ལས་མིའི་འབྲེལ་ལམ་སྐོར་གྱི་ཁྲིམས་Labor Choice Law གསར་པ་དེ་བཅས། དེ་བཞིན་ ༢༠༠༩ ལོར། མོས་ཨོ་གླིང་རྒྱལ་ཁབ་སྲིད་གཞུང་གི་སློབ་གསོའི་གསར་བརྗེའི་ལས་འཆར་སྤེལ་ཐབས་ལ་ཧུར་བརྩོན་ཆེན་པོ་བྱས་པ་དང་། ལས་གཞི་དེར་ཨོ་སྒོར་དུང་ཕྱུར་ ༡༦༠ བཏང་ནས་ཨོ་གླིང་རྒྱལ་ཡོངས་ཀྱི་སློབ་གསོའི་སྒྲོམ་གཞི་འཛུགས་སྐྲུན་སྐོར་གསར་གཏོད་རང་བཞིན་གྱི་ལས་དོན་སྤེལ་ཡོད་པ་རེད།

 

 

 


  གངས་དཀར་སེམས།
 

25.04.2020 22:08:34

མ་རྩོམ་གྱི་འབྲེལ་ཐག

https://zh.wikipedia.org/wiki/%E6%9C%B1%E8%8E%89%E4%BA%9E%C2%B7%E5%90%89%E6%8B%89%E5%BE%B7

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -