ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

26.12.2019 22:17:50
གངས་དཀར་སེམས།

images/stories/ww.jpg
འཐུང་ཆུ་གྲོན་ཆུང་བྱེད་ཐབས་སྟབས་བདེ་འགའ།

Some easy way to save water

一些簡單的節水方法

 

འགྱུར་རྩོམ་གྱི་མཆན། དེ་སྔོན་གྱི་ང་རང་ཚུད་ལ་ལས་སོ་སོའི་རྒྱུན་གཏན་གྱི་འཚོ་བའི་ནང་གི་བཟང་པོའི་སྤྱོད་སྒོ་ཆུང་ཙག་རིགས་ལ་རྩ་བ་ནས་དོ་སྣང་མི་བྱེད། འོན་ཀྱང་ངན་པ་རྒྱུན་འབྱམས་སུ་སོང་བའི་སྤྱོད་ངན་ཆུང་ཚག་རིགས་དེ་འདྲ་དུས་ཡུན་རིང་པོར་སོང་ན་དེ་ནས་སྤྱི་སྒེར་གཉིས་ཀ་ལ་གནོད་ཆེན་པོ་བསྐྱེལ་གྱི་ཡོད་པ་རེད།


 

དེ་བས་སྡོམ་པ་རང་སྲུང་དང་ཁྲིམས་རང་འཁུར་གྱི་དཔེ་ལྟར་ཐུབ་ན་ཡག་ས་རེད།

ཉེ་སྔོན་ཙམ་ནས་བཟུང་ང་ཚོ་སྡོད་སའི་ས་གནས་འདིའི་ཉེ་འཁོར་དུ་རི་མེ་སྤར་ནས་སྲིད་གཞུང་དང་ས་ཁུལ་གྱི་མི་དམངས་ཡོངས་ལ་དཀའ་ངལ་མི་ཆུང་བ་ཞིག་བཟོས་ཡོད་པ་རེད། དེ་མིན་རྗེས་སུ་སྲིད་གཞུང་ངོས་ནས་གནམ་གཤིས་འགྱུར་ལྡོག་བཅས་ལ་བརྟེན་ང་ཚོ་སྡོད་སའི་མངའ་སྡེའི་ནང་གི་འཐུང་ཆུ་ཧ་ཅང་ཉུང་དུ་འགྲོ་གི་ཡོད་པས་ཚང་མས་འཐུང་ཆུ་གྲོན་ཆུང་དགོས་ལུགས་ལ་ངས་ཤེས་གསལ་ལྟར་ན་ཉེན་བརྡའི་ཚུལ་གྱི་གསལ་བསྒྲགས་ཐེངས་འགར་བཏང་སོང་།

 

 

དེ་སྔོན་སྒེར་ལའང་ཡོད་པའི་གཤིས་ངན་དེ་དག་ལ་གཞི་ནས་ཛ་དྲག་གིས་དོ་སྣང་འདྲ་ཡིན་ཁུལ་གྱིས་གཤམ་གྱི་གནད་དོན་ཆུང་ཡང་ཧ་ཅང་སྤྱོད་སྒོ་ཆེ་བའི་འཐུང་ཆུ་གྲོན་ཆུང་གི་ཐབས་ལམ་འགའ་རྙེད་སོང་བས་འབྲེལ་ཡོད་ཚོར་སྤྱན་འབུལ་ཞུ།

 

 

མ་རྩོམ།

 

འཐུང་ཆུ་གྲོན་ཆུང་བྱེད་པར་ཁྱོད་ངེས་པར་དུ་ཆུ་གྲོན་ཆུང་ཧ་ཅང་ཤེས་པའི་རྔ་མོང་ལྟ་བུ་ཞིག་ཆག་དགོས་དོན་མེད།

 

འཐུང་ཆུ་གྲོན་ཆུང་བྱེད་པར་ཐབས་ལམ་སྣ་ཚོགས་ཡོད་ཅིང་། འདིར་ཐབས་ལམ་འགའ་ཤས་གཞན་ལས་སྤྱོད་སྒོ་ཆེ་བ་ཡོད། ང་ཚོས་རྔ་མོང་ལྟར་ཆུ་སྤྱོད་ཧ་ཅང་ཤེས་པ་དང་། ཡང་ན་རྒྱུན་གཏན་དུ་སོ་སོ་དམར་ཧྲིང་དུ་ཕུད་ཅིང་ལུས་སྦྱོང་བྱེད་དེ་ཆུ་མང་པོ་སྤྱོད་མི་དགོས་པ་ལྟ་བུའི་རེ་འབོད་བྱ་རྩིས་མེད།

 

དེ་བས་ཁྱོད་ཀྱིས་གཟུགས་པོ་འཁྲུ་ཡུན་སྐར་མ་བཞི་ལ་ཚོད་འཛིན་དང་། འཁྲུ་ཡུན་ཉུང་དུ་གཏོང་དགོས་པ་དེ་རྒྱུན་འཁྱོང་བྱེད་ན་སྔར་བས་བཟང་།

 

 

 

 

ལས་སྟབས་བདེའི་སྒོ་ནས་ཁྱིམ་ནང་ཆུ་གྲོན་ཆུང་བྱེད་སྟངས།

 ༡། སྐར་མ་བཞིིའི་ནང་ལུས་པོ་འཁྲུ་ཚར་དགོས་རྒྱུ་དང་། གཟུགས་པོ་འཁྲུ་ཡུན་ཐུང་དུ་གཏོང་རྒྱུ་དེ་ནི་ཆུ་གྲོན་ཆུང་ལ་རོགས་འདེད་བྱ་ཐབས་བཟང་པོ་ཞིག་ཡིན།

 

 

 

༢། ཕོར་པ་སོགས་ཟས་སྣོད་རིགས་འཁྲུ་ས་འཕྲུལ་འཁོར་དང་གྱོན་ཆས་འཁྲུ་འཁོར་འགོ་མ་བརྩམས་སྔོན་དེའི་ནང་སྣོད་ཀྱིས་ཁེངས་ཚར་བ་བཟོ་དགོས་རྒྱུ།

 

 

༣། སོ་འཁྲུ་དུས་དང་ཁ་སྤུ་བཞར་དུས་ཆུ་སྤྱོད་མི་དགོས་པའི་སྐབས་སུ་ཆུ་གློད་ནས་མིན་པ་དེ་དུས་ཆུ་བཀག་ནས་བཞག་རྒྱུ།

 

 

༤། སྔོ་ཚལ་འཁྲུ་དུས་དང་། འཁྲུ་འཁོར་ནས་བཏོན་པའི་སྣོད་རྣམས་ཆུ་ཟོམ་ནང་བཞག་སྟེ་ཆུ་བཤལ་གཏོང་རྒྱུ་ལས་ཆུ་འགོའི་སྦུག་ནས་གློད་དེ་འཁྲུ་རྒྱུ་མ་ཡིན་པ།

 

 

༥། སྐར་མ་ ༤ རྟགས་ཅན་གྱི་ WELS ཆུ་གྲོན་ཆུང་གི་སྦུ་གའི་རྩེ་མོ་དེ་དག་ཐབ་ཚང་དང་ཁྲུས་ཁང་དུ་བཀལ་ནས་ཆུ་གྲོན་ཆུང་ཡོང་ཐབས།

 

 

ལས་སྟབས་བདེའི་སྒོ་ནས་ལྡུམ་རའི་ནང་ཆུ་གྲོན་ཆུང་བྱེད་སྟངས།

 ༡། ཕྱག་མ་དང་སྣོད་གཞན་སྤྱོད་དེ་ཆུ་ཟོམ་གྱི་ཆུ་ཡིས་རླངས་འཁོར་འགྲོ་ས་དང་སྲ་མཁྲེགས་ཀྱི་ལམ་གཙང་མ་བཟོ་བ་ལས་ཆུ་སྦུག་བེད་སྤྱོད་མི་གཏོང་རྒྱུ།

 

 

༢། སོ་སོ་སྡོད་གནས་ཀྱི་གནམ་གཤིས་དང་ས་གཤིས་ལ་བསྟུན་ནས་རྩ་རྩི་ཤིང་དང་སྐྱེ་དངོས་འདེགས་འཛུགས་བྱེད་དགོས།

 

 

༣། སྐྱེ་དངོས་རིགས་ཀྱི་ངོས་སུ་རིང་ཚད་ཐོ་གང་ལྷག་ཙམ་ལ་དངོས་པོས་བཀབ་ཏེ་ཆུའི་རླན་གཤེར་ཉར་ཐབས་དགོས།

 

 

༤། ཉེ་འཁོར་གྱི་རྩ་དུམ་རིགས་གཙང་བཟོ་དགོས། གང་ཡིན་ཟེར་ན་དེས་སྐྱེ་དངོས་མ་རྐང་ལ་དགོས་པའི་རླན་གཤེར་འཁྱེར་འགྲོ་གི་ཡོད།

 

 

 

༥། གཤིས་མཐུན་གྱི་སྐྱེ་དངོས་ཁག་བགོས་ཀྱིས་དེ་དག་ལ་དགོས་ངེས་ཀྱི་ཆུ་མཁོ་སྤྲོད་ཐུབ་དགོས་པ་ལས་ཆུ་འཕྲོག་བརླག་མི་འགྲོ་བ་དགོས་རྒྱུ།

 

 

ཁང་པའི་ཉེ་འཁོར་གྱི་ཆུ་ཤོར་བའམ་གློད་པ་དེ་བཀག་པའམ་བསྐྱར་བཟོ་དགོས་རྒྱུ།

ཆུུ་སྦུག་ཡོངས་ལ་རྟག་དཔྱད་དང་། ཡང་ན་ཆུ་ཤོར་ས་གང་འདུག་ན་དེ་དུས་ཐོག་བཀག་སྡོམ་བཟོ དགོས།

 

ཆུ་ཤོར་བཞིན་པའི་ས་དེ་ནས་ཟླ་རེར་ཆུ་ཤོང་ཚད་ལཱི་ཊེ་ liter ༢༠༠༠ ལྷག་འཕྲོག་བརླག་གཏོང་གི་ཡོད་པ་རེད།

 

 

སྒེར་གྱི་ཁྱིམ་ནང་ཆུ་རྟགས་དཔྱད་བྱེད་སའི་འཕྲུལ་ཆ་ལ་རྒྱུས་ལོན་ཏན་ཏན་ཞིག་ཡོད་དགོས་པ་རེད།

གལ་ཏེ་ཁྱོད་ཀྱི་ཁྱིམ་དུ་ཆུ་སྤྱོད་སྒོའི་ཆུ་ཚོད་དེ་མེད་ན་སྐབས་དེར་ས་ཚིགས་ག་གེ་མོ་ཞིག་ནས་ཆུ་ཤོར་བཞིན་ཡོད་པའང་སྲིད།

 

 

དེ་བཞིན་ཆུ་ཤོར་བའམ་གློད་བཞག་པའི་སྐོར་གྱི་གནས་སྟངས་མང་ཙམ་ཤེས་ཐབས་དགོས་པ་ཡིན།

འདག་རྫས་ཀྱིས་ལག་མགོ་འཁྲུ་དུས་ཆུ་སྦུག་བཀག་ནས་ལག་པར་འདག་རྫས་འཕུར་ཚར་རྗེས་གཞི་ནས་གློད་དེ་ཆུ་བཤེལ་གཏོང་ནའང་ཆུ་གྲོན་ཆུང་ཡོང་ཐུབ་པ་དང་།

 

 

འདིའང་ཁྱོད་ཀྱི་ཁང་པའི་ཉེ་འཁོར་དུ་ཆུ་གྲོན་ཆུང་ཡོང་ཐབས་ཀྱི་ཐབས་མང་པོའི་ནང་གི་གྲལ་ཞིག་ཀྱང་རེད།

 

 

 

 


  གངས་དཀར་སེམས།
 

26.12.2019 23:46:42

མ་རྩོམ་གྱི་འབྲེལ་ཐག

http://www.sydneywater.com.au/SW/your-home/using-water-wisely/water-wise-tips/index.htm

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -