ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

16.10.2019 03:08:22
གངས་དཀར་སེམས།

images/stories/kiss.jpg

Identify true love from a man's kiss

從男人的吻識別真愛

 

འོ་བྱེད་པ་ནི་དགའ་རོགས་ཕན་ཚུན་དབར་ངེས་པར་དུ་བརྒྱུད་དགོས་པའི་ལུས་ཀྱི་བྱ་འགུལ་ཞིག་རེད། དགའ་རོགས་དབར་མཆུ་ཏོ་མ་སྦྱར་ཏེ་འོ་མ་བྱེད་སྔོན་དུ་དེ་དང་་འབྲེལ་བ་གཏན་འཁེལ་མེད་པ་དང་། དེར་བྱུང་འབྲས་མེད་པ་མཚོན་གྱི་ཡོད་པ་རེད།


ཕོ་མོ་དར་གཞོན་ཚོར་མཚོན་ན་འོ་སྦྱོར་བའི་སྐབས་སུ་ལུས་ཀྱི་རེག་བྱ་དངོས་སུ་བྱེད་པ་ཡིན། གོ་རིམ་དེ་མེད་ན་ཁྱོད་གཉིས་ཀྱི་འབྲེལ་བ་དེའང་ཤེལ་སྒོའི་ནང་གི་བག་ལེབ་ལྟར་དོན་དངོས་ལས་རབ་རུབ་མི་གསལ་བ་མང་།

དོན་དངོས་ཐོག་སྐྱེས་པས་བུད་མེད་ལ་འོ་བྱེད་སྟངས་ཀྱི་རྣམ་འགྱུར་ནི་ཧ་ཅང་ནན་ཏན་ཡིན། སྐྱེས་པ་ཞིག་གིས་སོ་སོས་མི་དགའ་སའི་བུད་མེད་ཅིག་དང་མཉམ་དུ་ཉལ་སྲིད་ནའང་། སོ་སོས་མི་དགའ་སའི་བུད་མེད་དེར་འོ་སྦྱོར་གཏན་འཁེལ་བ་ཡིན་མི་སྲིད།

 

 

གལ་ཏེ་བུད་མེད་དེ་དང་མཉམ་དུ་ཉལ་རྒྱུ་དེ་སྒེར་གྱི་ལུས་པོའི་དགོས་མཁོའི་ཆེད་དུ་ཡིན་ན་འོ་སྦྱོར་བ་ནི་བརྩེ་ཚོར་མཚོན་བྱེད་ཁོ་ནའི་ཆེད་དུ་ཡིན། དེའང་སྐྱེས་པས་བུད་མེད་ལ་བརྩེ་བ་བཅང་སྟངས་དེ་འོ་སྦྱོར་སྟངས་དེའི་འོག་ཏུ་ཡིབ་ནས་ཡོད།

དགའ་རོགས་དབར་འོ་སྦྱོར་སྟངས་སྣ་ཚོགས་ཡིན། དེའི་ཐོག་ནས་ཁྱོད་རང་སྐྱེས་པ་དེའི་སེམས་ནང་གི་གནས་སྟངས་དེའང་མཚོན་གྱི་ཡོད། དེ་བས་སྐྱེས་པས་ཁྱོད་དང་འོ་སྦྱོར་སྟངས་ནས་ཁོའི་བརྩེ་བ་ངོ་མ་དེ་ནས་མཚོན་གྱི་ཡོད་པ་རེད།

འདོད་མོས་བཞིན་རང་འགུལ་གྱིས་འོ་བྱེད་མྱོང་མེད་པའམ་འོ་གཏིང་ཟབ་པོའི་སྒོ་ནས་སྤྲད་མ་མྱོང་བའམ་ཁྱོད་དང་ཁ་བརྡ་ཡང་བྱེད་འདོད་མེད་ན་དེ་ནི་བརྩེ་བ་མེད་པ་གཏན་འཁེལ་བའམ་བརྩེ་བ་དེ་ཙམ་མེད་པར་ངེས།

 

 

མཉམ་དུ་ཡོད་དུས་སྐྱེས་པས་གལ་ཏེ་ཁྱོད་ལ་རང་འགུལ་གྱིས་འོ་སྦྱོར་མྱོང་མེད་པ་དེ་ནི་བརྩེ་དུང་གི་གནས་སྟངས་དེའི་ནང་ཁོ་ནི་ག་དུས་ཡིན་ན་གཞན་གྱི་སྣེ་ཤེན་འོག་ཏུ་ཡོད་པ་ཙམ་དང་། ཡང་ན་ཕ་རོལ་པོར་ངོ་སོ་སྤྲོད་སྟངས་ཙམ་གྱི་ཆེད་དུ་ཡིན་པ་རེད། འོ་སྦྱོར་སྟངས་སྐོར་ཕོ་མོ་གཉིས་གཅིག་མཚུངས་ཀྱིས་བརྩེ་ཚོར་ལྡན་ཞིང་། སེམས་ནས་སུ་ཡོད་མིན་དང་དྲན་ཡུལ་དེ་སུ་ཡིན་མིན་ཚོར་དུས་དེ་ལ་འོ་སྦྱོར་སྙིང་འདོད་ཀྱི་རེད།

དེ་དང་གཅིག་མཚུངས་ཀྱིས་སྐྱེས་པས་ག་དུས་ཡིན་ཡང་འོ་སྦྱོར་དུས་ངོ་དགའ་ཙམ་ལས་ཁྱོད་ཀྱིས་བརྩེ་བ་ཚོར་ཐུབ་པ་ཞིག་མིན་པ་ཤེས་ན་ཁོས་ཁྱོད་ལ་དེ་ཙམ་དགའ་གི་མེད་པ་རེད། སྐྱེས་པས་ཁྱོད་ལ་བརྩེ་དུང་ཇི་ཙམ་ཟབ་ན་དེ་ཙམ་གྱིས་ཁྱོད་ལ་འོ་གཏིང་རུམ་ཞིག་བྱེད་སྲིད་ལ། འོ་ཐེངས་རེེར་ལས་དོན་ཞིག་གྲུབ་སོང་བ་ཙམ་གྱི་གནས་སྟངས་ཡིན་ཚེ་གསལ་པོར་བཤད་ན་དེ་བརྩེ་བ་མེད་པའི་རྟགས་རེད།

 

 

 

ཕོ་མོ་གཉིས་ཕན་ཚུན་འཐམ་སྐབས་ཀྱང་ལག་གི་བྱེད་སྟངས་ཧ་ཅང་མང་པོ་ཡིན། ལག་པའི་འགུལ་སྤྱོད་ཀྱང་སྣ་མང་རེད། ཚུལ་ལྡན་མིན་པའི་སྐྱེས་པས་ཁྱོད་ཀྱི་ལུས་གཟུགས་ཐོབ་འདོད་ཙམ་དང་། ཡང་ན་ཁྱོད་རང་ལ་ངོ་མ་དགའ་མིན་གཉིས་ནི་ཁོས་འོ་བྱེད་དུས་ཁྱད་པར་ཧ་ཅང་གསལ་པོ་ཡིན།

དམིགས་བསལ་དུ་ཁྱོད་གཉིས་མཉམ་དུ་དུས་རིང་པོར་སོང་མེད་ཅིང་འབྲེལ་བ་དེ་བྱུང་མེད་པའི་སྔོན་དུ་དེ་བས་གསལ་པོ་ཡིན། ཁྱོད་ལ་ལྷག་བསམ་རྣམ་དག་གིས་དགའ་ཞིང་ཁྱོད་ཀྱི་སེམས་ཐོབ་རེ་བཅང་མཁན་གྱི་སྐྱེས་པ་ཞིག་ཡིན་ན་ཁྱོད་ལ་འོ་སྦྱོར་དུས་ཡིན་ལུགས་ཚུལ་ལྡན་ཞིག་ཡིན་ངེས་པ་རེད། ཁོས་ཁྱོད་དམ་དུ་འཐམ་པ་ཙམ་གྱིས་ཀྱང་ཁོའི་སེམས་སུ་ཁྱོད་ཤོར་མི་འགྲོའམ་སྙམ་ནས་ཞེད་སྣང་སྐྱེ་གི་ཡོད་པ་མཚོན་གྱི་རེད།

གང་ལྟར་ཡང་ཁོའི་ལུས་པོས་ཁྱོད་ལ་ཚོད་ལྟའི་ཚུལ་གྱི་འགུལ་སྤྱོད་ཙམ་ལས་དམིགས་ཡུལ་གཞན་མེད། དེ་བས་འོ་སྦྱོར་དུས་སུ་སྐྱེས་པའི་ལག་པས་རེག་སྟངས་མང་། དེའི་གྲལ་དུ་ཚུལ་མཐུན་མིན་པ་ཞིག་ཡིན་ཚེ། དུས་དེར་ཁྱོད་ཀྱིས་གང་ཐུབ་ཀྱིས་ཁོའི་ཚད་གཞི་བརྒལ་བའི་བྱ་སྤྱོད་དེ་འགོག་ཐབས་ཆེན་པོའི་རྣམ་འགྱུར་སྟོན་ཀྱང་ཁོའི་བྱ་བ་དེ་དག་མཚམས་བཞག་རྩིས་སམ་དེ་ནས་ཕྱི་ཉུལ་ཙམ་ཡང་བྱ་འདོད་མེད་པ་ཡིན་ཚེ། ཁོས་ངོ་མ་ཁྱོད་ལ་དམིགས་ངན་བཅང་ཡོད་པ་མ་ཟད། ཁྱོད་ལ་སེམས་གཏིང་ནས་བརྩེ་དུང་བཅང་ཡོད་པར་ངེས་པ་གཏན་ནས་མེད།

 

 

གཞན་ཡང་ཁོའི་གྲོགས་པོ་དང་སྤུན་ཉེའི་མདུན་དུ་ཁྱོད་ལ་འོ་སྦྱོར་བ་དེ་དོན་དངོས་ཐོག་དེ་ནི་ཁོས་སོ་སོའི་ང་རྒྱལ་མཚོན་སྟངས་ཤིག་རེད། སྐྱེས་པ་ཞིག་བུད་མེད་ལ་ངོ་མ་དགའ་དུས་ཁོས་སྒུག་ལོང་མེད་པར་ཁོའི་དགའ་རོགས་མ་དེ་སོ་སོའི་གྲོགས་པོ་དང་སྤུན་ཉེར་ངོ་སྤྲོད་བྱེད་འདོད་ཧ་ཅང་ཆེན་པོ་ཡིན། གལ་ཏེ་དེ་ལས་ལྡོག་ན་བྱ་བ་ཅི་འདྲ་ཞིག་ཡིན་ཡང་ཁོས་དོན་དག་དེར་ཐེ་ཚོམས་ཟ་ནས་ཡོད་པར་ངོས་འཛིན་བྱེད་ཆོག དེའང་ཁོ་ཁྱོད་ལ་བརྩེ་དུང་མེད་པའམ་ཡང་ན་བརྩེ་དུང་དེ་ཙམ་མེད་པ་ཡིན་སྲིད།

འོ་སྦྱོར་སྟངས་སྐོར་གལ་ཏེ་སྐྱེས་པས་ག་དུས་ཡིན་ཡང་ལྐོག་ལྐོག་སུབ་སུབ་ཀྱིས་བྱེད་ན་དེ་ནི་ཁོས་ཁྱོད་གཉིས་དབར་གྱི་འབྲེལ་བ་དེའང་གཞན་ལ་མཐོང་བཅུག་འདོད་མེད་པ་མཚོན་གྱི་ཡོད།

 

 

སྐྱེས་པས་བརྩེ་ཚོར་འདི་འདྲའི་ནང་ཁོའི་སེམས་བསམ་པའི་གཏིང་མའི་ངོ་མ་དེ་མངོན་མི་སྲིད། དེ་ལས་ལྡོག་ཏེ་གལ་ཏེ་སྐྱེས་པ་ཞིག་གིས་མི་ཚོགས་ཡོད་སར་ཁྱོད་ལ་འོ་སྦྱར་ཞིང་། ཁོའི་གྲོགས་པོའི་མདུན་དུའང་ཁྱོ་ལ་འོ་སྦྱོར་ཕོད་ན། དེ་བས་ཀྱང་ཁོའི་སྤུན་ཉེའི་མདུན་ནས་ཁྱོད་ལ་འོ་བྱེད་ན་གནས་སྟངས་དེས་ཁོས་ཁྱོད་ལ་བརྩེ་དུང་ངོ་མ་བཅང་ཡོད་པར་གསལ་བཤད་བྱེད་ཐུབ་ཀྱི་རེད།

 

 

དེ་མིན་ཁོས་སོ་སོས་མི་དགའ་སའི་བུད་མེད་ཅིག་ལ་མི་ཚོགས་དབུས་སུ་འོ་བྱེད་དེ་གཞན་གྱི་འཕྱ་དམོད་ཉོ་སྟངས་ཤིག་སྐྲུན་མི་སྲིད། སྐྱེས་པ་ནི་སོ་སོའི་ངོ་སོ་སྲུང་རྒྱུར་ཧ་ཅང་དོ་ནན་བྱེད་མཁན་རིགས་ཡིན། ཁོས་སོ་སོའི་ངོ་ཤེས་ཚོའི་མདུན་དུ་དགའ་སའི་བུད་མེད་དེར་འོ་སྦྱོར་བ་དེ་ནི་ཁོ་ལ་མཚོན་ན་ཧ་ཅང་གི་ངོ་སོ་ལྡན་པའི་གནས་ཚུལ་ཞིག་ཆགས་ཡོད།

 

 

( མཆན། དྲ་རྩོམ་ཁག་ཅིག་ཕྱོགས་བསྡུས་ཀྱིས་བོད་བསྒྱུར་ཞུས། )


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -