ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

26.02.2019 23:47:21
གངས་དཀར་སེམས།

images/stories/68888.jpgངས་སོ་སོའི་ལུགས་ཤིག་བརྩམ་ན་འདོད།

“I want to create my own style”

我想創立一種自己的風格

སྔོན་གླེང་།

ངའི་ཚ་མོ་ཆུང་ཆུང་བསོད་ནམས་མཚོ་མོར་ཉེ་སྔོན་ཙམ་ལ་འཕགས་རི་ཞེས་པའི་དོན་གྱི་聖山攝影大賽པར་ལེན་པའི་འགྲན་བསྡུར་ཆེན་མོའི་ནང་ཨང་གསུམ་པ་ཐོབ་འདུག་ལ། མོས་སྡེ་ཚོགས་དེའི་བཅར་འདྲིར་ལན་འདེབས་བྱས་པ་དེས་ང་ལ་སེམས་གསོ་ཙམ་ཡང་ཐེབས་སུ་བཅུགས།  ངའི་སྙིང་གི་ཚིལ་ལུ་ལྟ་བུར་གྱུར་ཚར་བའི་ཚ་མོ་ཆུང་ཆུང་བསོད་ནམས་མཚོ་མོའི་མ་འོངས་པའི་མི་ཚེའི་མདུན་ལམ་ལ་འོད་སྟོང་ལྡན་ཞིང་། ཞི་འཇམ་དང་བདེ་སྐྱིད་ཡོང་བའི་སྨོན་བཞིན་དྲན་གསོའི་ཚུལ་དུ་མོའི་བཤད་པའི་སྐད་ཆ་དུམ་ཞིག་བོད་བསྒྱུར་བྱས།


རྩོམ་དངོས།

 

 

ད་ལྟའི་ཆར་ང་རང་སློབ་གྲྭ་ཆེན་མོ་བ་ཞིག་ཡིན། ད་ལྟའི་ངོ་བོ་དང་བསྡུར་ན་ངས་བསམ་ན་མི་ཞིག་གི་བསམ་བློའི་ཐོག་ནས་སེམས་ཀྱི་མཛེས་དཔྱོད་ལྟ་བ་དང་དེ་ཕྱིར་མངོན་པ་བྱེད་པ་ནི་ཅུང་གལ་ཆེན་དུ་ངོས་འཛིན་བྱེད་ཀྱི་ཡོད། པར་ལེན་པ་ཞིག་ལ་མཚོན་ན་མཛེས་དཔྱོད་ལྟ་བ་ནི་ཧ་ཅང་གལ་ཆེན་གྱི་ཆ་ཤས་ཅིག་རེད། དེ་ནི་ངས་ད་ལྟ་ལོ་ཤས་སྔོན་གྱི་པར་ལེན་པ་དེ་དག་ལ་བལྟས་པ་དང་མཚུངས་ཤིང་། འོན་ཀྱང་དེའི་ཚེ་ངའི་པར་དེ་དག་མཛེས་སྡུག་ལྡན་པར་མཐོང་ཡོད་སྲིད་པ་ལྟར་རེད། དེར་བརྟེན། ག་དུས་ཡིན་ཡང་དབང་པོ་ལྔའི་ཚོར་བ་རྒྱུན་འཁྱོང་གིས་མཛེས་དཔྱོད་ལྟ་བར་མུ་མཐུད་བཅོས་བསྒྱུར་གཏོང་རྒྱུ་ནི་དགོས་ངེས་ཅིག་ལ་མཐོང་གི་ཡོད།

 

 

ཕལ་ཆེར་མཐོ་འབྲིང་སློབ་གྲྭ་ཙམ་ནས་བཟུང་ང་རང་པར་ལེན་ལ་དགའ་པོ་བྱུང་ཡོད་ཚོད། དེའང་མིའི་ངོ་གདོང་པར་ལེན་རྒྱུར་དགའ་པོ་ཡོད། པར་ལེན་ནི་ང་ལ་མཚོན་ན་དུས་ཚོད་མཚོན་གྱི་ཡོད་ལ། ངས་པར་མང་པོ་ལེན་ཡོད་ལ། དེ་དག་ནས་ངས་སོ་སོར་ག་རེ་ཐོབ་ཡོད་མིན་དང་། ག་རེ་ཤོར་ཡོད་མེད་མཐོང་གི་འདུག

 

 

འདས་སོང་གི་ལོ་ཟླ་ཚང་མ་ངའི་པར་རིས་ནང་བཙུད་ནས་ཡོད་པ་རེད། དེ་མིན་ང་རང་དགའ་ཤོས་ཀྱི་པར་ལེན་པ་གྲགས་ཅན་ནཱན་གོ་ཏིན་ Nan Goldin

 གྱི་ཤུགས་རྐྱེན་ཡང་ཐེབས་ཡོད་སྲིད། མོས་པར་ལེན་གྱི་ཐབས་ལམ་སྒོ་ནས་སྤྱི་ཚོགས་ཀྱི་ལྟེ་བ་ནས་བྲལ་བའི་དམའ་རིམ་དམངས་ཀྱི་ཨ་རིའི་གཞོན་ནུ་ཁག་ཅིག་གི་འཚོ་བ་དངོས་དེ་དག་དོན་དངོས་སུ་མིག་སྟོན་བྱས་ཡོད་པ་རེད།

ད་ཐེངས་ངས་འགྲན་རྩོད་ནང་བཞུགས་པའི་པར་གཅིག་ནི་པར་ལེན་ཁང་དུ་ལེན་ཡོད་པས་ཅུང་ཉོབས་སྣང་ཡང་ཤར་ཡོང་སྲིད། དེའང་ཕྱིའི་ཡུལ་ལྗོངས་ལྟར་ཡོང་མིན་ལ་གཏན་འཁེལ་མི་ཐུབ་པ་ཡིན།

པར་ནང་གི་ཤོམ་སྟོན་མི་སྣ་ནི་ངའི་སློབ་གྲོགས་མ་གཅུང་མོ་རེད། མོས་ངའི་ཡ་མཚན་གྱི་པར་ནང་སྦྱོར་སྒྲིག་མང་པོ་ཞིག་ཧ་ཅང་གསལ་པོ་ཕྱིར་མངོན་ཐུབ་པ་བྱས་ཡོད། དེར་བརྟེན། པར་ཚོགས་འདི་དག་ལ་གཞན་གྱིས་གདིང་འཇོག་ཐོབ་པ་མང་ཆེར་ངའི་སློབ་གྲོགས་མའི་བྱས་རྗེས་ཀྱང་ཡིན།

 

 

 

འགྲན་ཚོགས་ལ་སྨོན་ཚིག

བོད་ས་རང་གི་རྟགས་ཅན་དུ་གྲུབ་པའི་ཐོན་རྫས་ཡིན་པའི་ངོས་ནས་ངས་འཕགས་རི་ཚོགས་པ་ནས་ཧ་ཅང་ལེགས་པོ་གནང་གི་ཡོད་པར་ངོས་འཛིན་ཡོད། པར་ལེན་ལ་དགའ་བའི་གཞོན་སྐྱེས་ཀྱང་ཇེ་མང་དུ་འགྲོ་བཞིན་ཡོད་ལ། སྒེར་ངོས་ནས་ཀྱང་མ་འོངས་པར་ཧུར་བརྩོན་ཆེན་པོ་དགོས་པའི་ལྟ་བ་དེ་རྒྱུན་འཁྱོང་གིས་ཇེ་ལེགས་སུ་འགྲོ་རྒྱུར་ཡིད་ཆེས་ཡོད།

 

 

我想創立一種自己的風格

聖山攝影三等獎獲得者———— 四郎措姆

我目前是一名大學生,比起現在的身份我覺得一個人的思想對於審美和表達比較重要,於攝影來講,審美是很重要的一部分,就像我現在再去看幾年前拍過的東西就覺得很一般,但當時一定是覺得好看的。

所以隨時保持感官的敏感,不斷更新審美我覺得是必要的。)

我大概是從高中開始喜歡攝影,偏好拍人像。攝影對我意味著時間,我拍了足的照片,也讓清楚自己我得到了什麼失去了什麼,所有的時間都被鎖在了我的照片裡。同時也是受到了我喜歡的攝影師Nan Goldin影響,她以攝影方式如實拍攝了處於社會主流邊緣的一部分美國青年的生活實況。

這次投稿的作品是在學校的影棚裡拍的,所以可能比較乏味,沒有去室外的那麼多不確定因素。出鏡的模特是我的學妹,她很好消化了我所有奇奇怪怪的搭配,所以這部片子很大一部分也都歸功於她。

對於聖山的寄語

作為本土的品牌,我覺得聖山已經做得很好了,愛攝影的年輕人也越來越多,對於未來,我也保持積極的觀點,會越來愈好的。


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -