ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

27.12.2018 17:52:28
གངས་དཀར་སེམས།

images/stories/22222222.jpgཚེ་མཇུག་གི་འཚོ་བ་ལེགས་པར་རོལ་ཐབས།

ཚིག་བརྗོད་བཅུ་པོ་སེམས་ལ་ངེས་ནས་བྱའོ།

The best lifestyle in the end

後半生最好的生活方式

ང་ཚོའི་བསམ་པ་བཞིན་མི་ཚེ་འདི་རིང་པོ་དེ་འདྲ་མིན་ལ། ང་ཚོ་བརྒྱུད་མྱོང་བའི་ལམ་དུམ་རེ་རེ་བཞིན་དེར་འགྱོད་པ་རྩ་བ་ནས་མེད་པའང་མིན། རྩོམ་པ་པོ་སཱན་མོ་三毛ཡིས་བཤད་མྱོངས་པ་ལྟར། ངས་དེ་སྔོན་ནན་ཏན་གྱིས་སོ་སོའི་ལང་ཚོར་རོལ་ཁོམ་མ་བྱུང་། ངས་གནས་སྟངས་དེ་ཤེས་རྗེས་ད་ང་ནན་ཏན་གྱིས་རྒས་འགྲོ་རྒྱུ་དེ་ཁོ་ན་རེད་འདུག ཅེས་པ་དེའོ།


མང་ཉུང་ལ་མ་ལྟོས་པར་མི་ཚེའི་དུམ་མཚམས་རེར་འགྱོད་པ་རེ་ཡོད་སྲིད། འོན་ཀྱང་ང་ཚོ་རྒས་འགྲོ་བའི་སྐབས་སུ་འགྱོད་པ་འདི་དག་ཕྱི་དྲན་གྱི་རྒྱུ་རུ་གྱུར་གྱི་ཡོད། རྟག་ཏུ་གལ་ཏེ་དེའི་ཚེ་ང་བློ་སྟོབས་དེ་ལས་ཅུང་ཆེ་ཙམ་ཡོད་ནའམ་དེའི་ཚེ་ངས་ལམ་གཞན་ཞིག་གདམས་ཡོད་ན་མཇུག་འབྲས་ཅི་ཞིག་ཡིན་ནམ་སོགས་བསམ་ཆོག

འོན་ཀྱང་དོན་དངོས་ཐོག་ད་གལ་སྲིད་ཟེར་བའི་ཚོད་དཔག་དེ་འདྲ་མང་པོ་མེད་པ་མ་ཟད། ད་ལྟའི་ཆར་ཁྱོད་ལ་མཇུག་འབྲས་ལས་ལྷག་མེད། གལ་ཏེ་མི་ཚེའི་འགོ་ནས་ཐེངས་ཤིག་བརྩམས་ཆོག་ནའང་འགྱོད་པ་སྤུ་ཙམ་མེད་པའི་སྒོ་ནས་ཡོངས་སུ་འཐུས་ཚང་དེ་འདྲ་ཡོང་མིན་ཤེས་དཀའ། མི་ཚེ་གཅིག་ལས་མེད་པས་སོ་སོར་དབང་བཞིན་པ་དེ་ནི་ཆེས་ལེགས་ཤོས་དེ་རེད།

 

ཕྱི་དྲན་མེད་ཅིང་མ་འོངས་པ་ལའང་དཔའ་མི་ཞུམ་པ་ནི་ཚེ་མཇུག་རོལ་སྟངས་ཡག་ཤོས་དེ་ཡིན།

དར་གཞོན་རྗེས་འཚོ་བ་ཡག་ཤོས་རོལ་སྟངས་ལ་རྒྱུན་དུ་ནས་ཚིག་བཅད་བཅུ་འདི་ངེས་ནས་འགོ་བརྩམས་ན།

 

༡། ཚེ་ཕྱེད་ཡོལ་ཟིན། ཁུ་སིམ་མེར་གྱི་འཚོ་བར་གོམས་དགོས།

 

 

མི་ཚང་མར་སོ་སོ་ཕྱིར་མངོན་པར་བྱེད་པའི་འདོད་པ་ཡོད། ཚང་མས་གཞན་གྱིས་སོ་སོར་དོ་སྣང་མང་ཙམ་བྱུང་ན་བསམ་གྱི་ཡོད་པ་དང་། མང་པོས་གཞན་ལ་ཉན་རྒྱུ་ལས་བཤད་རྒྱུ་ལ་དགའ་ཆེ། འོན་ཀྱང་དར་གཞོན་ཡོལ་རྗེས་གནས་ཚུལ་མང་པོར་བློས་གཏོང་ཐུབ་ཅིང་སོ་སོས་དེ་ཤེས་པ་ཙམ་གྱིས་འགྲིག་གི་ཡོད་པ་རེད། སྐབས་འགར་ཁུ་སིམ་མེར་བསྡད་ཤེས་པ་དེ་ནི་འཐུས་ཚང་བའི་བྱ་བ་ཞིག་ཡིན།

 

 

༢། སེམས་ཞི་བར་གནས་ཅིང་སླར་ཟང་ཟིང་ལ་མི་རོལ།

 

དར་གཞོན་རྗེས་གནས་ཚུལ་མང་པོར་གུ་ཡངས་པོའི་སྒོ་ནས་ལྟ་དགོས། སྔོན་མ་ལྟར་ཐོབ་ཤོར་ལ་དེ་ཙམ་གཙེགས་ཆེན་འཛིན་རྒྱུ་མེད། དེ་བས་སོ་སོའི་མིག་སྔར་གྱི་བདེ་སྐྱིད་ཀྱི་འཚོ་བ་དེ་དམ་འཛིན་ལེགས་པོ་བྱེད་ཤེས་པ་ནི་གནས་སྟངས་ཡག་ཤོས་དེ་ཡིན། ཁྱོད་ལ་མི་དབང་བ་དེ་དུས་ནམ་ཡང་དབང་པ་མེད་ཅིང་དེར་འདོད་རྔམ་ཆེ་དྲག་ཀྱང་ཕན་ཐོགས་མེད།

 

 

༣། ཕམ་ཁ་ཁེས་ལེན་རྒྱུ་སྦྱོང་དགོས། སྒེར་གྱི་གཤིས་ངན་དེ་ནང་མིར་མ་བཏོན།

 

ང་ཚོའི་ནང་མང་པོ་ཞིག་གིས་སྒེར་གྱི་གཤིས་ཀ་བཟང་པོ་དང་བཟོད་སྒོམ་དེ་ངོ་མི་ཤེས་པར་སྤྲད་ཅིང་གཤིས་ཀ་ངན་པ་དེ་ཁྱིམ་མིར་བཏོན་གྱི་ཡོད་པ་རེད། འོན་ཀྱང་དེ་རྗེས་ང་ཚོས་དེ་འདྲ་བྱེད་པ་ནི་ཁྱིམ་མིས་ཁྱོད་ཀྱི་གཤིས་ངན་ལ་གུ་ཡངས་སྤྲོད་སྲིད་པ་དང་། སྣང་ཆུང་བྱེད་སྲིད་ཀྱི་རེད་བསམ་པས་ཡིན།

 

 

 

༤། ད་སླར་འགྱོད་པ་མེད་ཅིང་འགྱོད་པ་དང་ཞི་མཐུན་ཡོང་ཐབས་བྱོས།

 

 

ཁྱོད་ལ་དེ་སྔོན་གྱི་གོ་རིམ་དུ་མང་ཉུང་ལ་མ་ལྟོས་པར་འགྱོད་པ་འགའ་ཡོད་སྲིད། ཡིན་ཡང་མཐར་ང་ཚོས་འགྱོད་པ་དེ་དག་དང་ཞི་བའི་སྒོ་ནས་གནས་ཐབས་དགོས། མི་ཚེ་ལ་གལ་སྲིད་ཀྱི་ཚོད་དཔག་དེ་འདྲ་མང་པོ་མེད། སླར་མི་ཚེ་གཞན་ཞིག་ཀྱང་ཡོང་མི་སྲིད།

(མཆན། ལྟ་བ་འདིར་ནང་པ་ཚོས་ཁེས་ལེན་མེད། ཧཧཧ)

 

གལ་ཏེ་ཚེ་གཞན་ཞིག་སླར་འགོ་བརྩམས་ཀྱང་ང་ཚོའི་མི་ཚེ་སྐྱོན་དང་དྲི་མ་སྤུ་ཙམ་མེད་པ་ཞིག་ཀྱང་ཡོང་རྒྱུ་ཧ་ཅང་ཁག་པོ་རེད། ཤེས་དགོས་པ་ཞིག་ལ། འཇིག་རྟེན་འདིར་ཡོངས་སུ་འཐུས་ཚང་བ་ཞིག་མེད་པ་དེ་ཡིན། ཁྱོད་ལ་འཚམ་ཤོས་ཀྱི་འཚོ་བ་དེ་ནི་བཟང་ཤོས་ཀྱི་འཚོ་བ་དེ་རེད།

 

 

 

༥། སློབ་སྦྱོང་བརྒྱུད་མཐུད་ངང་རྟག་ཏུ་མཐོར་སྙེགས་དགོས་པ་དེ་ནམ་ཡང་བློས་གཏོང་རྒྱུ་མེད།

 

 

མི་ཚེའི་དུམ་མཚམས་ཅི་འདྲ་ཞིག་ཏུ་སླེབས་ཀྱང་མཐོ་ས་གཅིག་ལ་སྙེགས་རྒྱུ་དེ་བློས་གཏོང་རྒྱུ་མེད། རིག་པ་འཆི་ཁ་ཡིན་ཡང་སློབ་ཅེས་པའི་རྒྱུ་མཚན་དེ་རེད། རྒྱུན་དུ་སློབ་སྦྱོང་བྱེད་པ་དེས་ང་ཚོ་རྒྱུན་དུ་དུས་རབས་དང་མཐུན་པ་བྱེད་སྲིད་ཅིང་། ཚེ་སྲོག་ལ་གསོན་ཤུགས་གསར་པ་དང་ཤེས་རབ་གསར་པ་སྦྱིན་སྲིད། དེ་བཞིན་འཇིག་རྟེན་འདིར་དོ་དབྱིངས་ཡོད་པའི་སེམས་ཁམས་དེ་རྒྱུན་མཐུད་བྱེད་ཐུབ།

 

 

༦། ཐོག་མའི་དྭངས་གཙང་གི་སེམས་ཁམས་གཅེས་ཉར་དང་མ་བརྗེད་པ་བྱེད་ན་མི་ཚེའི་མཐའ་སྐྱོང་ཐུབ།

 

མིའི་ཉམས་མྱོང་མང་པོ་བསགས་ཅིང་མཐོང་ཐོས་མྱོང་གསུམ་མང་དྲག་ན་སོ་སོའི་དམིགས་སྒོ་དེ་བརླག་སྲིད། འོན་ཀྱང་ཇི་ཙམ་སོང་ཡང་སོ་སོའི་ཐོག་མའི་བསམ་བློའི་དམིགས་ཡུལ་དེ་དོར་མི་ཉན། གང་ཡིན་ཟེར་ན་ཐོག་མའི་ཀུན་སློང་རང་བཞིན་གྱི་དམིགས་ཡུལ་དེས་ཁྱོད་ཀྱི་དགོས་དམིགས་ངོ་མ་དེ་བསྒྲུབ་ཐུབ་པས་ཡིན།

 

 

༧། འཚོ་བར་དགའ་ཞེན་གྱི་བློ་རྒྱུན་མཐུད་དགོས།

 

ང་ཚོ་འཇིག་རྟེན་འདིར་འཚོ་བཞིན་པའི་སྐབས་འཚོ་བར་གུས་བརྩི་དང་ཡིད་གཟབ་ཀྱི་སེམས་ཁམས་ཤིག་བརྒྱུད་དགོས། མི་ཚེའི་བརྒྱུད་རིམ་ཇི་འདྲ་ཞིག་སླེབས་ཀྱང་འཚོ་བར་དགའ་ཞེན་དགོས་པ་ཡིན། དེ་ལྟར་བྱུང་ན་ང་ཚོས་གཞི་ནས་ཡར་རྒྱས་གཏོང་བའི་ནུས་ཤུགས་ཡོད་ལ་འཚོ་བ་ཇེ་ལེགས་སུ་འགྲོ་རྒྱུ་རེད།

 

 

 

༨། སོ་སོར་གཅེས་སྤྲས་ཡག་པོ་བྱོས། མཛེས་སྡུག་དེ་འཚོ་བའི་གོམས་གཤིས་སུ་བསྒྱུར་དགོས།

 

སོ་སོ་དར་གཞོན་རྗེས་སུ་གཟུགས་པོ་རྒྱག་ལུག་ཆགས་པ་དང་སེམས་ཀྱི་ཚོར་བ་དེ་ཙམ་མེད་པ་ཆག་སྟབས་སོ་སོར་མཛེས་སྤྲས་དང་མཛེས་བཟོ་ནི་དགོས་མེད་ཅིག་ལ་ངོས་འཛིན་བྱེད་མི་ཉེན། ཤེས་དགོས་པ་ཞིག་ལ་མཛེས་མ་ནི་སེམས་གཏིང་གི་མཛེས་ཆོས་རུས་ལ་ཡོད་པ་ལས་ཕྱིའི་པགས་པ་ཙམ་ལ་མེད། མི་ཚེའི་བརྒྱུད་རིམ་མང་པོས་ཁྱོད་ཀྱི་ནང་བསམ་བློའི་སྤུས་ཚད་དེ་ནི་ཕྱིའི་ངོ་གདོང་ལས་མཛེས་ཆོས་ཆེ་བ་ཡིན་པ་ཤེས་ཐུབ།

 

 

དེ་མིན་སོ་སོར་མཛེས་ཆོས་སྤྲས་རྒྱུ་བརྗེད་མི་ཉེན། དེ་ལྟར་བྱས་ན་ཁྱོད་རྒྱུན་དུ་ནས་མཛེས་སྡུག་ལྡན་པ་ཞིག་ཡོང་སྲིད། མཛེས་ཆོས་ལ་གཅེས་སྤྲས་བྱེད་པ་དེ་གཞན་ལ་མིག་སྟོན་རྒྱུ་ཞིག་མིན་སྲིད་ནའང་སོ་སོར་དགའ་སྤྲོ་འཕེལ་ཕྱིར་ཁོ་ནར་བརྟེན་ནས་ཀྱང་ཁྱོད་གང་ཐུབ་ཀྱིས་མཛེས་སྡུག་ལྡན་པ་ཞིག་བྱེད་དགོས།

 

༩། མཚམས་རེར་གཞན་ལ་གུ་ཡངས་སྤྲོད་ཅིང་གནས་སྟངས་ཤེས་ནས་གཞན་ལ་ལབ་གླེང་མི་བྱེད་པར་སོ་སོའི་འཚོ་བ་ཡག་པོ་རོལ་དགོས།

 

 

 

མཚམས་རེར་གནས་སྟངས་འགར་འོན་ལྐུགས་ལྟར་མ་གོ་མ་ཐོས་ཟེར་ནས་བསྡད་ན་ཡག ལོ་གང་མཚམས་སླེབས་རྗེས་སོ་སོའི་སེམས་ནས་ཧ་ཅང་གསལ་པོ་ཤེས་ཀྱང་ཕྱི་ནས་མི་ཤེས་མདོག་གིས་སྡོད་ན་དགའ། སྐད་ཆ་མང་པོ་བཤད་མི་དགོས་ན་མ་བཤད་ན་བཟང་། དེ་མིན་སྐད་ཆས་གཞན་སེམས་དཀྲུགས་ན་ཡག་པོ་མེད། གཅིག་བྱས་ན་གཞན་དེས་ཀྱང་སོ་སོར་ནོར་འཁྲུལ་ཡོད་པར་ཤེས་ཡོད་ངེས། འོན་ཀྱང་ཕྱི་ནས་དེ་འདྲར་ཁེས་ལེན་མ་ཐུབ་པའང་ཡིན་སྲིད། སྐབས་དེར་ཁྱོད་ཀྱིས་གཞན་ལ་གུ་ཡངས་གཏོང་ཐུབ་ན་ཡག་ཤོས་ཡིན་ལ། གང་ལྟར་ཡང་སོ་སོའི་འཚོ་བ་ཡག་པོ་ཞིག་རོལ་རྒྱུ་དེ་ནི་གལ་ཆེ་ཤོས་ཡིན།

 

 

 

༡༠། བཀའ་དྲིན་བསམ་ཤེས་དང་སྨོན་སེམས་བཅང་ཤེས་དགོས། སེམས་བཟང་པོའི་སྒོ་ནས་ཚེ་མཇུག་འཁྱོང་བ་དགོས།

 

ང་ཚོའི་མི་ཚེ་འདིའི་ནང་འཕྲད་པའི་གང་ཟག་དང་གནས་ཚུལ་ཡོངས་རྫོགས་ལ་བཀའ་དྲིན་ཚོར་ཤེས་བྱེད་འོས་པ་ཡིན། གང་ཡིན་ཟེར་ན། ང་ཚོས་གང་ཟག་ག་གེ་མོ་དང་གནས་ཚུལ་ག་གེ་མོའི་ཐོག་ནས་སྦྱོང་འོས་པའི་ཤེས་བྱ་མང་པོ་ཐོབ་ཡོད་ཅིང་། ཡང་ན་ང་ཚོ་འཚར་ལོང་འབྱུང་བར་སྨན་པ་ཞིག་ཡིན་པ་རྟོགས་ཐུབ།

 

ཚེ་ཕྱེད་ནི་ཡོལ་ཟིན་ལ་དེའི་ཚོད་ཀྱིས་སྤྲོ་སྣང་ཡང་མང་ཙམ་དགོས། བཀའ་དྲིན་ཚོར་ཤེས་དང་སྨོན་ལམ་འདེབས་བཞིན་འཚོ་བ་བསྐྱེལ་ཐབས་བྱེད་པ་ནི་རང་སེམས་གཏིང་གི་བྱམས་སེམས་དེ་རེད།

 

ཚེ་ཕྱེད་ཡོལ་ཟིན་པས་སོ་སོར་དཀའ་ཁག་མ་བཟོ། ཇི་ལྟར་སྐྱིད་ན་དེ་ལྟར་འཚོ་དགོས། མིའི་མི་ཚེ་གཅིག་ཏུ་སོ་སོའི་ཆེད་དུ་ཐེངས་གཅིག་གསོན་དགོས། ཁྱོད་ཀྱིས་དེ་ལྟར་འགོ་བརྩམས་ཤེས་ན། དུས་ཚོད་ག་དུས་ཡིན་ཡང་ཕྱི་དྲག་མེད།

སོ་སོའི་མི་ཚེར་འགྱོད་པ་མེད་པ་ཞིག་དགོས་ལ་སོ་སོར་གཅེས་སྐྱོང་མང་ཙམ་བྱོས། 

 

མ་རྩོམ་གྱི་འབྲེལ་ཐག

https://fun01.live/post/791367/


  གངས་དཀར་སེམས།
 

28.01.2019 02:28:46

དེང་སང་གངས་ཁྱེད་མ་གཏོགས་ཤམྦྷ་ལ་ཚང་བུག་ཚར་གྲབས་རེད་འདུག

 
 
18.02.2019 19:33:47

ཁྱེད་ཀྱང་ཤམ་བྷ་ལར་ཕེབས་པ་དགའ་ཡོད་ལགས།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -