ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

20.12.2018 05:34:00
གངས་དཀར་སེམས།

images/stories/logo17.gif

འཚོ་བའི་སྤུས་ཚད་མཐོར་འདེད་བྱེད་ཐབས་ཡག་ཤོས་ནི་གཉིད་ཉལ་རྒྱུ་དེ་རེད།

To improve your quality life, the easy way is sleep

提升生活質量最簡單的方式:睡覺

 

( བསྒྱུར་རྩོམ། )

 བསམ་བློ་ཐོངས་དང་། མི་ཞིག་གིས་སྨན་རྫས་གསར་ཐོན་ཡ་མཚན་ཅན་ཞིག་བཙོང་ཕྱིར་ཁྱོད་ཀྱི་ཕྱོགས་སུ་’འབྱོར་བཞིན་ཡོད། སྨན་དེའི་རིགས་ཀྱིས་དྲན་སེམས་བརྟེན་མིན་བཅོས་ཤིང་ཕྱོགས་ཡོངས་ཀྱི་རིག་པ་ལེགས་བཅོས། རིག་པ་གསར་པ་སྦྱོང་བའི་ནུས་པ་མཐོར་འདེགས། ངོ་བོའི་རྣམ་འགྱུར་ལ་ངོས་ལེན་གྱི་ནུས་པ་དང་ཚོར་བ། དེ་བཞིན་གནས་ཚུལ་ཐག་གཅོད་དང་གསར་རྙིང་བརྗེ་བསྒྱུར། སྙིང་ནད་དང་ནད་རིགས་སྔོན་འགོགི་དབང་པོའམ་ནང་ཆས་བཅས་ནུས་མེད་ཅན་གྱི་ཉེན་ཁ་འགོག་ཐུབ།




དེས་ན་ཁྱོད་ཀྱིས་སྨན་འདི་ཉོའམ། རེད་རེད། ཁྱོད་ཀྱིས་སྔོན་ནས་ཤེས་ཐུབ་ཡོད་པ་རེད། ཡིན་ཡང་སྨན་ཟེར་བ་འདིའི་རིགས་ཡོད་པ་ཙམ་མ་ཟད་སྤྱི་བཏང་ང་ཚོས་བཤད་བསྡད་པའི་སྨན་ཞེས་པ་དེའི་ངོ་བོའི་ཐོག་ནས་མིན།

ཁྱོད་ཀྱིས་རིན་མེད་ཀྱི་སྒོ་ནས་ཁེ་བཟང་ཡོངས་སྤྱོད་ཆོག་ཅིང་། ཁྱོད་ཀྱིས་བྱེད་དགོས་པ་གཅིག་ཁོ་ན་ཡོད་པ་དེ་ནི་ཁྱོད་རང་སྔ་ཙམ་ཉལ་བསྡད་རྒྱུ་དེ་འདྲ་རེད། འོན་ཀྱང་ནད་སྔོན་འགོག་དང་སྔོན་འགོག་གི་ལྟེ་གནས་(Centers for Disease Control and Prevention)

ཅེས་པའི་ལྟེ་གནས་ནས་གཉིད་བཅག་པའམ་བཅོམ་པ་དེ་ནི་ཁྱོན་ཡོངས་ཀྱི་སྤྱི་ཁྱབ་འཕྲོད་བསྟེན་གྱི་ཉེན་ཁ་ཞིག་ཡིན་པར་བཤད་ཀྱི་ཡོད་པ་རེད།

དེ་ནི་མི་འབོར་གྱི་གསུམ་ཆ་གཅིག་གི་དར་གཞོན་ཚོ་གཉིད་མི་འདང་བའི་ཉེན་ཁ་དེ་རེད། ཕལ་ཆེར་མི་བརྒྱ་ཆ་བརྒྱད་བཅུས་བདུན་རེར་གཉིད་སྐོར་གོང་ཞུ་དགོས་པ་མ་ཟད། ༢༠༡༦ ལོའི་ཞིབ་འཇུག་ཅིག་གི་གྲུབ་དོན་ནང་གཉིད་མི་འདང་བའི་དཀལ་ངལ་གྱིས་ཨ་རིའི་དཔལ་འབྱོར་ལོ་རེར་ཨཱ་སྒོར་དུང་ཕྱུར་ ༤༠༠༠ ཙམ་ཕམ་ཁར་གཏོང་བཞིན་མ་ཟད། དུས་མཚུངས་སུ་ཨཱ་སྒོར་ཁྲི ༡༢༣ ཙམ་གྱི་ལས་ཉིན་དེ་དག་་འཕྲོག་བརླགས་འགྲོ་གི་ཡོད་པ་རེད་ཅེས་ངོས་འཛིན་བྱས།

གལ་ཏེ་ཁྱོད་ལ་འདི་ཙམ་གྱིས་མི་ཆོག་ན། འདིར་གཉིད་མ་མདང་བའི་རྐྱེན་གྱིས་མི་སྒེར་ལ་གནོད་སྐྱོན་ཇི་ལྟར་གཏོང་མིན་སྐོར་གྱི་སྤྱི་བཏང་གི་བསྡོམས་ཐོ་ཞིག་ཡོད་དེ།

༄༅། ཁྱོད་ཀྱི་ཕྱོགས་ཡོངས་ཀྱི་ཤེས་རྟོགས་མངོན་འགྱུར་རམ་དམིགས་བསལ་དུ་ཁྱོད་ཀྱི་མིག་ཤེས་ཀྱི་དོ་སྣང་གི་ནུས་ཤུགས་དང་ལམ་ལུགས་ཤེས་རྟོགས་ཀྱི་ནུས་པ་ཉམས་འགྲོ་བ་དེ་ཡིན། (དེ་བས་སྟབས་བདེ་ཙམ་བཤད་ན་འདི་ནི་ང་ཚོ་མཚན་ཕྱེད་ཙམ་ལའང་འཕྲད་བཞིན་པའི་ཀླད་པའི་སྨུགས་སྤྲིན་ཞེས་པ་དེ་རེད།)

༄༅། ཁྱོད་ཀྱིས་གསར་གནས་སློབ་སྦྱོང་མ་བྱེད་སྔོན་དང་དེའི་རྗེས་སུ་དེ་སྦྱོང་བའི་ནུས་པ་དེ་ནི་གཉིད་མི་མདང་བའི་རྐྱེན་གྱིས་གྱོང་རྒུད་ཐེབས་བཞིན་ཡོད་པ་རེད།

༄༅། ཁྱོད་ཀྱིས་ངོ་གདོང་གི་རྣམ་འགྱུར་དེ་ཙམ་གྱིས་གནས་སྟངས་འགྲེལ་བརྗོད་ཡང་དག་བྱེད་ཐབས་མེད་སྲིད་ཅིང་། དེ་བས་རྣམ་འགྱུར་ཡོངས་རྫོགས་སམ་བར་གནས་ཀྱི་གནས་སྟངས་དག་ཀྱང་ཉེན་ཁར་འགྲེལ་བརྗོད་བྱེད་ཐབས་བྲལ།

༄༅། ངོ་མ་དཀའ་ཁག་འཕྲད་དུས་ཁྱོད་སྔར་བའི་ཁོང་ཁྲོ་ཆེན་པོས་འཚབ་འཚུབ་ལོང་བ་མ་ཟད། དེའི་གནས་སྟངས་སྔར་བས་ཧ་ཅང་གི་སྡུག་དུའང་འགྲོ་སྲིད།

༄༅། གནོད་སྐྱོན་ཚབ་ཆེན་ཕོག་ཟིན་པའི་རིག་པ་དེ་ཕུད། དེས་ཁྱོད་ཀྱི་ལུས་པོ་ལའང་ཤུགས་རྐྱེན་ཐེབས་སྲིད་པ་རེད། གཉིད་མདང་ངེས་མེད་པའི་རྐྱེན་གྱིས་ལུས་གཟུགས་ཀྱི་ལྕི་ཚད་མཐོ་རུ་འགྲོ་ཞིང་ཁྱོད་ལ་མངར་མོའི་ན་ཚ་དང་སྙིང་ནད་ན་བའི་ཉེན་ཁ་སྔར་བས་མཐོ་རུ་སོང་ཡོད།

 དེས་ཁྱོད་ཀྱིས་རྒྱུན་གཏན་དུ་ཆམ་ནད་འགོག་པའི་ནུས་པ་ཧ་ཅང་ཉམས་ཆག་བཏང་གི་ཡོད། འདི་ནི་ཧ་ལས་པ་རེད། གནད་དོན་འདི་དག་ཚང་མ་གཉིད་མི་མདང་བའི་རྐྱེན་གྱིས་རེད་འདུག་པར་བརྟེན། ང་ཚོས་གང་འདྲ་བྱེད་ན་ལེགས་སམ།

ང་ཚོས་ཁྱོད་ལ་དུས་བབ་ཀྱི་ཁ་ཕྱོགས་ཅེས་པ་འདི་གྲ་བསྒྲིགས་བྱས་ཏེ་ཁྱོད་ལ་གཉིད་གང་ལེགས་ཡོང་བར་རོགས་ཕན་བྱེད་ཀྱི་ཡོད།

ཐོག་མར་ཁྱོད་ལ་གཉིད་ཅི་ཙམ་དགོས་མིན་ཤེས་དགོས། སྤྱི་བཏང་གི་ཆ་ནས་བཤད་ན། གལ་ཏེ་ཁྱོད་གཉིད་ལས་སད་དུས་ཉོབས་སྣང་སྐྱེ་ཡི་འདུག་ན་དེ་ནི་ཁྱོད་ལ་གཉིད་ཀྱིས་མ་མདང་བས་རེད། འོན་ཀྱང་མཚན་རེར་མཚན་མོར་ཆོུད་བརྒྱད་རེ་ཉལ་དགོས་པའི་གསར་བརྡ་ལྟ་བུའི་དམིགས་ཚད་འདི་ཁྱོད་ལ་འཚམས་པོ་མེད།

འདིར་ ༢༠༡༥ ལོར་དེའི་སྐོར་གྱི་ཞིབ་འཇུག་གི་གྲུབ་དོན་ཞིག་ནས་ང་ཚོར་གཉིད་ཆུ་ཚོད་འདི་ཙམ་ཁུག་དགོས་མིན་སྐོར་དྲི་དོགས་བསློངས་ཡོད། དེར་བརྟེན་ཁྱོད་ཀྱིས་སོ་སོའི་ལུས་གཟུགས་ལ་ལྟ་ཉན་དགོས་པ་དང་ལུགས་མཐུན་གྱི་གོ་རིམ་བརྒྱུད་དགོས་པ་ནི་ཐབས་ཤེས་བཟང་ཤོས་ཡིན།

དེར་བློ་སྟོན་གྱི་ཐབས་ཇུས་བཟང་པོ་ཁོ་ན་ཞིག་ཡོད་པ་ནི་ཁྱོད་གང་ཐུབ་ཀྱིས་གཉིད་མང་ཙམ་ཁུག་དགོས་པ་དེ་རེད། དེ་འདྲ་བྱས་ན་ཕྱི་ཉིན་ཁྱོད་རང་རིག་པ་དྭངས་གསལ་དང་གྲུང་ཤ་དོད་པ། དེ་ནས་མཚན་ལྟར་འདི་འདྲ་བྱས་ཏེ་གཉིད་ཁུག་པའི་ཉིན་ཐོ་རྒྱུན་འཁྱོང་གིས་བཀོད་རྒྱུ་འདི་འདྲ་རེད། འདི་འདྲ་བྱས་ནས་རིའུ་མིག་འདི་ལྟར་

(https://static01.nyt.com/packages/pdf/health/NYTimes_Sleep_Diary_checklist.pdf)

བསྐོང་ན་ཁྱོད་ཀྱིས་གནད་དོན་འདི་ཐག་གཅོད་པར་ཕན་ཐོག་ཡོད་པ་རེད། དེ་ནས་ཁྱོད་ཀྱི་ལུས་པོའི་རང་བྱུང་གི་གོ་རིམ་དེ་ཤེས་རྟོགས་གསལ་པོར་བཟོས། གཅིག་བྱས་ན་ལོ་མང་རིང་གི་ཚོད་ལྟ་འདི་འདྲ་ཞིག

(https://www.nytimes.com/interactive/2017/03/10/opinion/sunday/what-kind-of-sleeper-are-you.html)

བརྒྱུད་ཁྱོད་ནི་ཞོགས་སྔ་ལང་ཐུབ་མཁན་གྱི་རིགས་སུ་ཚུད་མེད་པར་ཤེས་ཡོད་སྲིད། དེ་འདྲ་ཡིན་ན་ཧ་ཅང་ཡག་པོ་ཆག་པ་རེད།

ཚོད་ལྟ་འདི་འདྲ་ཞིག་བྱས་ནས་ཁྱོད་ནི་གཉིད་གང་འདྲ་ཁུག་གི་ཡོད་མེད་ཀྱི་གནས་སྟངས་ཤེས་པར་བྱས་རྗེས་ཁྱོད་ཀྱི་ལུས་པོའི་རང་བྱུང་གི་གཉིད་ཁུག་པའི་ཁ་ཕྱོགས་ལ་རྒོལ་མི་རུང་ངོ།

མཇུག་ཏུ་གཅིག་གྱུར་གྱི་གཉིད་ཁུག་པའི་རེའུ་མིག་དེ་རྒྱུན་འཁྱོང་བསྐོང་དགོས། དེ་ནི་ཕྱོགས་ཡོངས་ཀྱི་གཉིད་ཁུག་པའི་བདེ་ཐང་ནང་གི་གལ་ཆེའི་ཆ་ཤས་གཅིག་ཡིན་སྲིད། ང་ཚོ་ཚང་མར་སྐྱེ་དངོས་ཀྱི་འཁོར་སྟངས་ཤིག་ཏུ་གནས་ཡོད་པ་རེད། དེ་ནི་ལུས་པོའི་ནང་ཆུ་ཚོད་ ༢༤ བརྩིས་པའི་འཕྲུལ་འཁོར་དེ་རེད།

དེས་རང་བཞིན་གྱིས་ང་ཚོར་ག་དུས་གཉིད་དགོས་མིན་བཤད་ཀྱི་རེད། ངལ་གསོ་དང་རིག་པ་གྲུང་པོ་ཡོང་ཐབས་ལེགས་ཤོས་ནི་རང་བྱུང་གི་འཁོར་སྟངས་འདི་བརྒྱུད་མཐུད་བྱེད་རྒྱུ་དེ་ཡིན།

ཉིན་ལྟར་( འདིའི་ནང་གཟའ་མཇུག་ཚུད། )གྱི་དུས་གཅིག་ཏུ་གཉིད་ཉལ་བ་དང་སད་པ། དེ་བཞིན་ཁྱོད་ཀྱི་ཉིན་རེའི་འཁོར་རྒྱུགས་ཀྱི་གོ་རིམ་དེ་རྒྱུན་གཏན་དུ་ཡོང་ཐབས་གང་ལེགས་བྱེད་རྒྱུ། དེའང་ཟས་ཟ་བའི་དུས་ཚོད་དང་། ལུས་སྦྱོང་གི་གོམས་གཤིས། གློག་རིགས་ལྟ་བའི་དུས་ཚོད། ( དེའི་ནང་གློག་རིགས་ཁ་བཀག་པའི་དུས་ཚོད་ཚུད།) དང་ཞོགས་པ་ཉི་འོད་ལ་སྤྲོས་པའི་དུས་ཚོད་བཅས་ཀྱང་ཚུད་ཡོད། དེ་མིན་ཉལ་ཁང་དུ་ག་དུས་ཡིན་ཡང་བསིལ་ལྡན་གྱི་གནས་སྟངས་ཤིག་ཡོང་ཐབས་བརྒྱུད་མཐུད་བྱེད་རྒྱུ་མ་བརྗེད།

མ་རྩོམ་གྱི་འབྲེལ་ཐག

https://cn.nytimes.com/health/20181102/how-to-get-better-sleep/


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -