ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

20.05.2017 18:09:14
གངས་དཀར་སེམས།

images/stories/45/gold-weight-scales-icon-psd-392100.jpgབུད་མེད་དང་འབྲེལ་བའི་གྲོས་འཆར།
About women's topic
關於女性話題

ལེའུ་དང་པོ།   སྔོན་གླེང་།

བོད་ཀྱི་བུད་མེད་ཚོའི་ཁྲིམས་མཐུན་གྱི་འགན་དབང་དང་ཐོབ་ཐང་ལ་བརྩི་སྲུང་ཡོང་ཕྱིར།  དེ་སྔོན་རང་གཞུང་གིས་བུད་མེད་སྐོར་དོན་ཚན་བརྒྱད་ཀྱི་སྲིད་ཇུས་ཀྱི་རྨང་གཞིའི་འོག  བུད་མེད་རྣམས་ནས་བོད་གངས་ཅན་པའི་ཆོས་དང་ཆབ་སྲིད།  དཔལ་འབྱོར་དང་རིག་གཞུང་།  ཁྱིམ་ཚང་དང་སྤྱི་ཚོགས་ཡར་རྒྱས་ཡོང་ཕྱིར་མི་རིགས་ཀྱི་གོམས་གཤིས་བཟང་པོ་རྒྱུན་འཛིན་ཆེད་དུ་སྤྱི་ཚོགས་ལ་ཞབས་འདེབས་ཚུལ་མཐུན་བསྒྲུབ་ཕྱིར་བུད་མེད་དང་འབྲེལ་བའི་ཁྲིམས་འཆར་ཞིག་དུས་ཀྱི་དགོས་མཁོར་མཐོང་།


 

ལེའུ་གཉིས་པ།  སློབ་གསོའི་ཐོབ་དབང།

དང་པོ།   འབྲེལ་ཡོད་སྲིད་ཇུས་བརྒྱད་ཅན་གྱི་དགོངས་དོན་ལྟར།  སློབ་མ་བུ་མོ་རྣམས་ལ་བུ་དང་གཅིག་མཚུངས་ཀྱི་སློབ་འཇུག་དང་ལས་བགོས། སློབ་ཐོན་སྐབས་ལས་ཀ་འདེམས་སྒྲུག་གི་དབང་ཆ་གཅིག་མཚུངས་ཡོད་པར་གསལ་བ་བཞིན།   སློབ་གྲྭ་ཁག་ནས་ཀྱང་མཐོ་སློབ་ཀྱི་གཞོན་ནུ་མ་ཚོར་མདུན་ལམ་གདམ་ཁའི་ཐད་ལམ་སྟོན་གནང་གལ།

གཉིས་པ།   འཕྲོད་བསྟན་ལས་ཁུངས་ནས་བཙུན་མ་ཇོ་མོ་རྣམས་ཚུད་བུད་མེད་ལ་ཆུང་ནས་ཆེ་བར་གྱི་ལུས་གཟུགས་འཕྲོད་བསྟན་སྐོར་འོས་འཚམས་ཀྱིས་དུས་བསྟུན་སློབ་གསོ་དང་ཟབ་སྦྱོང་རྒྱུན་མཐུད་དམ་རྒྱ་བསྐྱེད་བྱ་ཐབས་དགོས།

གསུམ་པ།   ཕ་མ་གཉིས་ནས་ངེས་པར་དུ་རང་གི་ཕྲུ་གུ་ལ་སློབ་གསོ་རག་ཐབས་ཀྱི་འོས་འགན་འཁྱེར་དགོས་ལ།  ཕ་མ་དང་སྤྱི་ཚོགས་གཉིས་ནས་དབང་པོ་སྐྱོན་ཅན་གྱི་བུ་རྒྱུད་ལ་ལྟ་རྟོག་དང་གསོ་སྐྱོང་མཐའ་འཁྱོལ་དགོས་པའི་འོས་འགན་ཆ་ཚང་ཡོད།

 

 

ལེའུ་གསུམ་པ།  གཉེན་སྒྲིག་དང་ཁྱིམ་ཚང་གི་ཁེ་དབང་།

དང་པོ།  བཅའ་ཁྲིམས་ནས་སྔོན་འགྲོའི་ཚུལ་དུ་བུད་མེད་རྣམས་ཆོལ་ཁོངས་རང་ནས་ཆང་སའི་དཔང་ཡིག་ལ་ཆ་འཛིན་ཆོག་ཅིང་། གཉེན་སྒྲིག་རང་དབང་ལ་འགན་སྲུང་ཡོད་དགོས།  ཁྲིམས་ལུགས་ཁག་ནས་གཏན་འབེབས་ཟིན་པའི་གནས་སྟངས་ཕུད།   བུད་མེད་སྦྲུམ་མས་ཕྲུ་གུ་བཙས་རྗེས་ཀྱི་ལོ་ཕྱེད་ནང་ཁྱོ་བོས་རང་དགའི་སྒོ་ནས་བཟའ་འཐོར་གྱི་རེ་འདུན་བཏོན་མི་ཆོག ཁྱིམ་ཚང་དང་སྤྱི་ཚོགས་ཕྱོགས་གཉིས་ནས་བུད་མེད་ཀྱི་གཟུགས་ཕུང་ལ་མནར་གཅོད་དང་རྡུང་རྡེག  དྲག་འགུལ་དང་རྩུབ་སྤྱོད་རིགས་སྤེལ་མི་ཆོག

 

གཉིས་པ།   བཟའ་འཐོར་སྐབས་ཁྱིམ་ཚང་གི་ཁང་པ་དང་རྒྱུ་ནོར་རིགས་ཁྲིམས་མཐུན་གྱི་བགོ་འགྲེམས་བྱ་དགོས།  ཕ་མ་གཉིས་ཀར་བུ་ཕྲུག་གསོ་སྐྱོང་དང་སྲུང་སྐྱོར་གང་ལེགས་ཡོང་བའི་འགན་དབང་ལ་ཁྲིམས་ཀྱིས་འགན་སྲུང་གཅིག་མཚུངས་ཡོད།

གསུམ་པ།   བུད་མེད་རྣམས་ལ་ཁྱིམ་ཚང་གསར་འཛུགས་དང་། བུ་རྒྱུད་སྐྱེ་སྲིང་དང་བུ་རྒྱུད་ཅི་ཙམ་སྐྱེ་མིན་གྱི་ཐོབ་ཐང་། དེ་བཞིན་མི་ཚེའི་མདུན་ལམ་གཞན་གདམ་ཁ་གང་བྱེད་མིན་བཅས་ལ་གཅིག་མཚུངས་ཀྱི་རང་དབང་ཆ་ཚང་ཡོད་དགོས།

 

 

ལེའུ་བཞི་པ།  ཁྲིམས་ཀྱི་ཐག་གཅོད།

དང་པོ།   བུད་མེད་ཀྱི་ཁྲིམས་མཐུན་འགན་དབང་ལ་རྡོག་རོལ་གཏོང་སྐབས་རང་རེའི་ས་གནས་ཁྲིམས་ཞིབ་ཁང་དང་། དེ་རྗེས་ཆེས་མཐོའི་ཁྲིམས་ཁང་དུ་ཁྲིམས་གཏུག་གི་དབང་ཆ་དང་།  བུད་མེད་དང་འབྲེལ་བའི་སྒྲིག་འཛུགས་ཁག་ནས་ཁྲིམས་མཐུན་གྱི་འགན་དབང་དེར་སྲུང་སྐྱོར་ཡོང་ཐབས་བྱེད་དགོས།  དེའང་བཅའ་ཁྲིམས་ལྟར་བུད་མེད་ཀྱི་འགན་དབང་ལའང་སྲུང་སྐྱོར་བྱེད་དགོས།

 

གཉིས་པ།   བུད་མེད་དང་འབྲེལ་བའི་གནད་དོན་རིགས་ཁྱབ་བསྒྲགས་དང་སྐྱོན་བརྗོད་།  ཐེར་འདོན།  དེ་བཞིན་ཁྲིམས་ལྟར་ཐག་གཅོད་ཡོང་ཐབས་བཅས་ལ་གསར་འགྱུར་གྱི་རང་དབང་བེད་སྤྱོད་ཚུལ་མཐུན་བྱེད་དགོས།  ཁྲིམས་གཏུག་གི་རྒྱུད་རིམ་ནང་བུད་མེད་ལ་འཇིགས་བསྐུལ་དང་གཟུགས་ཕུང་ལ་མནར་གཅོད་རིགས་ཀྱི་ཉེས་སྤྱོད་ལ་བཅའ་ཁྲིམས་དང་ཡུལ་ཁྲིམས་ལྟར་ཐག་གཅོད་བྱེད་དགོས།

 

གསུམ་པ།   བུད་མེད་བཙན་གཡེམ་བྱེད་མཁན་ལ་ཡུལ་ཁྲིམས་ནས་བདེན་དཔང་གསལ་པོ་བཟོས་ཟིན་པའི་རིགས་ལ། བོད་ཀྱི་ཡུལ་མིའི་ཁེ་དབང་གདམ་བྱ་འདེམས་བྱེད་ཀྱི་དབང་ཆ་ཉུང་མཐའ་ཡང་ལོ་བཅུ་འཕྲོག་དགོས།

བཞི་པ།   འབྲེལ་ཡོད་སྡེ་ཚན་སུ་འདྲ་ཞིག་ཡིན་ཡང་ལོག་གཡེམ་གཙོས་ནག་ཉེས་ཅན་གྱི་བུད་མེད་རིགས་ལ་ཁྲིམས་ཀྱིས་ཐག་གཅོད་ཡོང་ཐབས་དགོས་པ་ལས་སྤྱི་ཚོགས་ཐོག་ནས་གང་ཟག་དེར་ངོ་ཚ་ཕུད་ཐབས་ཀྱིས་བུད་མེད་ཉེས་ཅན་ཡིན་ཡང་དེར་མི་ཚོགས་དབུས་ནས་མཐོང་ཆུང་དང་ཁྱད་བསད་རིགས་བྱེད་མི་ཆོག

 

ལྔ་པ།   ལམ་ལུགས་དང་སྤྱོད་སྒོ་སྣ་ཚོགས་ཁ་ལ་འཁྱེར་ནས་བུད་མེད་ལ་དོན་མེད་ཀྱིས་མཐོང་ཆུང་དང་དམའ་འབེབས།  ཁྱད་བསད་དང་རྡོག་རོལ་གཏོང་བའི་རིགས་འབྲེལ་ཡོད་ཁྲིམས་ལ་སྦྱོར་བའི་དབང་ཆ་ཚང་མར་ཡོད།

 

 

ལེའུ་ལྔ་པ་།   མ་བུ་གཉིས་དང་འབྲེལ་བའི་སྐོར།

དང་པོ།   འབྲེལ་ཡོད་སྡེ་ཚོགས་ཁག་ནས་སློབ་ལོ་མ་ལོན་པའི་བྱིས་པ་ཤུགས་ལས་ཀྱི་ངལ་རྩོལ་ནང་འཇོག་མི་ཆོག   བྱིས་པ་ངལ་ལས་པ་ཉར་མཁན་ལ་ཁྲིམས་སྒྲིག་གིས་དོ་དམ་བྱེད་དགོས།

 

གཉིས་པ།   འབྲེལ་ཡོད་སྡེ་ཚོགས་ཁག་ནས་བུད་མེད་དང་བྱིས་པ་རྣམས་ལ་སྒེར་གྱི་གནས་སྟངས་དང་མི་འཚམས་པའི་ཤུགས་ལས་ངལ་རྩོལ་ཀྱི་ལས་འགུལ་ནང་བཙན་བསྐུལ་བྱེད་མི་ཆོག   བུད་མེད་རྣམས་ཟླ་མཚན་བབ་སྐབས་དང་སྦྲུམ་པ། བཙས་པ་དང་བུ་རྒྱུད་གསོ་སྐྱོང་སྐབས་སྤྱི་ཚོགས་ཡོངས་ནས་མ་བུ་གཉིས་ཀྱི་བདེ་འཇགས་སྲུང་སྐྱོར་བྱེད་པའི་འོས་འགན་ཡོད།

 

གསུམ་པ།  འབྲེལ་ཡོད་སྡེ་ཚོགས་ཁག་ནས་བུད་མེད་གཉེན་སྒྲིག་དང་ཕྲུ་གུ་སྦྲུམ་པ།  བཙས་པ་དང་བུ་རྒྱུད་གསོ་སྐྱོང་གི་དུས་རིམ་གྱི་གནས་སྟངས་ལ་བསྙད་དེ་ལས་འཇུག་གི་གན་རྒྱ་ཡི་གེའི་ནང་མ་འཁོད་པའི་གནས་སྟངས་འོག་གླ་ཕོག་གཅོག་བྱའི་རིགས་དང་།  ལས་གནས་ནས་ཕྱི་ཕུད་གཏོང་བ་རིགས་མི་ཆོག   བུད་མེད་ཉོ་ཚོང་རིགས་མི་ཆོག   བུད་མེད་རང་ངོས་ལ་འདོད་མོས་མེད་པའི་གཉིས་སྦྱོར་དང་འཆལ་སྤྱོད་གློག་བརྙེན་རིགས་བཙན་བསྐུལ་གྱིས་འཁྲབ་བཅུག་མི་ཆོག

 

 བཞི་པ།  མ་ཡུམ་ཚོར་བརྩི་བཀུར་དང་མཚན་སྙན་ལ་འགན་སྲུང་སྐོར་ཁྱོན་ཡོངས་ནས་ལུགས་བཟང་དར་སྤེལ་དང་།  ཆོག་མཆན་མེད་པར་བུད་མེད་ཀྱི་པར་རིགས་གང་བྱུང་བེད་སྤྱོད་མི་ཆོག  མོ་གཤིས་བཟང་མོའི་ལ་རྒྱ་ལ་ཁྲིམས་སྒྲིག་གིས་འགན་སྲུང་དགོས།  དེའི་ནང་དམིགས་བསལ་སྐྱེད་མ་ཚོར་བརྩི་བཀུར་དང་ཆེ་མཐོང་གིས་རང་མི་རིགས་ཀྱི་རིག་གཞུང་དང་སྲོལ་བཟང་རྒྱུན་འཛིན་ལ་ཤུགས་གནོན་རྒྱག་དགོས།

 

ཁྲིམས་འཆར་བཏོན་མཁན། སྤྱི་འཐུས་གངས་ལྷ་མོ།

རྒྱབ་སྐྱོར་གནང་མཁན། སྤྱི་འཐུས་

 

 

 

 

མཆན་འགྲེལ། ( གྲོས་འཆར་འདི་གུས་མོས་དེ་སྔོན་ཟིན་བྲིས་སུ་བཀོད་ཟིན་ཡང་གྲོས་ཚོགས་སུ་བཏོན་མེད་པ་ཞིག་དང་། དེའི་ནང་དམར་ཐིག་ཡོད་པའི་གྲོས་དོན་གྱི་རིགས་ནི་སྔར་མེད་གསར་འཇུག་གི་ནང་དོན་ཡིན་ལགས། )


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -