ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

གངས་རིན་ཆེན།
འགྱུར་ཟིན་པའི་ལོ་ཟླ།
17.09.2016 22:56:54

དཔྱིད་དཔལ་ལྷ་མོའི་འཛུམ་དཀར་གྱི་མདངས་ལས།།
ས་འཛིན་བུ་མོའི་འཇོ་སྒེག་གི་མགུར་རྒྱན།།
དུང་སེམས་ལང་ཚོའི་འཛུམ་ཞལ་གྱི་འོད་སྣང༌།།
ཁྱེད་དང་ང་ཡི་ཤོར་ཟིན་པའི་ལོ་ཟླ།།


འཇམ་འཇམ་ལྷག་བསམ་གཤིས་རྒྱུད་ཀྱི་དུས་ཚིགས།།
དཀར་དཀར་འཛུམ་དྲུག་མེ་ཏོག་གི་ཚོམས་བུ།།
བཟང་བཟང་བརྩེ་བའི་དྲི་བསུལ་གྱི་ཁྱིམ་གཞི།།
རིག་རིག་བལྟས་བལྟས་ཤོར་ཟིན་པའི་ལོ་ཟླ།།

སྙིང་ལ་གཟེར་བའི་ན་ཟུག་གི་འཁུན་སྒྲ།
གསེར་མདོག་ལང་ཚོའི་སྐྱོ་བ་ཡི་ངོ་གདོང༌།།
མ་རིག་རྨོངས་བའི་འདུ་ཤེས་ཀྱི་མི་ཚེ།།
སྐྱིད་ལ་སྡུག་གི་ཤོར་ཟིན་པའི་ལོ་ཟླ།།

དུས་བཞིའི་འགྱུར་ལྡོག་རྒོད་པོ་ཡི་མནར་གཅོད།།
སེམས་ཀྱི་ན་ཟུག་མེ་ལྕེ་བཞིན་འཕྱོ་བས།།
དུས་སྟོན་ཡོད་ཚད་སྡུག་གཏམ་གྱི་ཐོར་བུ།།
སེམས་གཏིང་དཀར་དམར་གསང་ཚིག་གི་རི་མོ།།

_________/གངས་རིན་ཆེན་གྱིས།



བརྗོད་གཞིའི་རིགས་བཀར་བ།: གངས་དཀར་སེམས། | རྡོག་རྩ་ཆིག་སྒྲིལ།


 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -