ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

30.08.2016 06:03:22
ཉི་མ་དབང་ཕྱུག

རྟོག་འཆར།
དྲ་ཞུགས་པ་རྣམས་རང་རང་འཚོ་བའི་ཆེད།།
སྐབས་འགར་དྲ་བ་འདི་ལས་ཕྱི་རུ་འཐོན།།
ལ་ལར་གཏན་ནས་ཁ་བྲལ་བྱེད་ངེས་ཀྱང༌།།
བདག་ནི་འཐོན་པ་གནས་སྐབས་ཙམ་ཞིག་མོད།།


མཛེས་སྡུག་དྲ་བའི་ཞིང་གི་བཀོད་པ་སོགས།།
མཐོང་ཚེ་བདག་བློའི་སྤྲོ་བ་འབུམ་བཞད་ནས།།
སླར་ཡང་ཤམ་བྷ་ལ་ཡི་གནས་མཆོག་འདིར།།
རང་ཁྱིམ་བཞིན་དུ་བཀུར་ནས་འདིར་ཞུགས་སོ།།

སྔ་མའི་དུས་སུ་རྣམ་དཔྱོད་བློ་གྲོས་ཀྱི།།
གཤོག་ཟུང་བརྐྱངས་པའི་མཁས་གྲུབ་དུ་མའི་ཚོཊ།།
དྲ་བ་འདི་ཡི་གཙུག་གི་གསེར་ཏོག་བཞིན།།
ངོ་མཚར་ལེཊ་བཤད་འབུམ་གྱི་དར་ཆེན་བསྒྲེངས།།

བར་སྐབས་ཤར་ཕྱོགས་གདོན་གྱི་སྒྲ་རླབས་ཀྱིས།།
ཆོ་འཕྲུལ་སྣ་ཚོགས་མི་བུའི་ཁོག་དུ་ཞུགས།
ཐུ་མིའི་བཞེད་གཞུང་སྙན་འཇེབས་དབྱངས་ཀྱི་ཚོཊ།།
རེ་ཞིག་བག་ལ་ཞ་བའི་ཚུལ་དུ་སྣང།།


  །བོད་མིའི་སྐྱིད་སྡུག་མཉམ་མྱོང་།
 

30.08.2016 08:10:21

དྲ་བདག་མཆོག་ལ་ཞུ་རྒྱུ། ཁོ་བོའི་ཟིན་སྤེལ་ལྷུག་སོང་། བདག་སྐྱོང་གནང་རོགས།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -