ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

29.07.2016 06:08:45
ལི་ཐང་ངག་དབང་དབྱིག་གཉེན།

ཕ་ཡུལ་གཅིག་པའི་གྲོགས་བེ་མདའ་འམ་བསྟན་འཛིན་རྣམ་དག་ལགས་ཀྱི་རུས་གསེང་གི་གླིང་བུ་སྒོར་སྐྱེལ་བ།
ཁོག་པ་ཉོབ་པའི་དུས་ཚུགས་འདི་འདྲར།།
ང་ཡི་སྣང་བ་ནང་དུ་བསྡུས་ཀྱིན།།
ད་ཚོད་ཅིག་ནས་ཅི་ཞིག་ཐོས་སྙམ།།
ཉི་མའི་ཁ་ངོ་དྲན་པ་མང་ཨང༌།།


གནའ་རབས་ལི་ཆུའི་འགྲམ་གྱི་མྱི་ཚོས།།
ཁ་ཁོག་བར་དུ་གྲི་མཚོན་ཉར་གྱིན།།
ལོ་ངོ་ཨ་འདྲའི་མང་པོ་བུད་སྟེ།།
ད་ཚོད་དབྲག་ཏུ་ཁ་ཁུར་སིམ་མེར།།

ད་རེས་འདི་ནས་དབྱངས་ཤིག་འཁོར་འོང༌།།
རྨོངས་པ་སེལ་བའི་དབྱངས་ཤིག་ཐོས་འོང༌།།
མུན་པ་གཞོམ་པའི་སྐད་ཅིག་དཀྲོལ་འོང༌།།
རུས་པའི་གསེང་ནས་གླིང་བུ་འབུད་འོང༌།།

ཚོར་བའི་གཏན་ཚིགས་འདི་ནས་བསླང་འོང༌།།
རིག་པའི་ཀླན་ཀ་འདི་ནས་དབབ་འོང༌།།
སྲིད་པའི་ཆག་འཇིག་འདི་ནས་གླེང་འོང༌།།
ང་ཡི་སྤུན་ཡ་བེ་མདའ་མཚར་རོ།།

ད་དུང་དབྱངས་ཀྱིས་ས་ཆེན་སྒུལ་ཤོག།
ཡང་བསྐྱར་ངག་ལ་མེ་ཏོག་འཁྲུང་ཤོག།
ཚོར་བ་ཁྲ་ཁྲའི་ཚོམ་བུ་སྤུངས་ཤོག།
བཙན་པོ་ཚང་གི་རུས་རྐང་སློངས་ཤོག།

ཅེས་གྲོགས་བེ་མདའ་འམ་བསྟན་འཛིན་རྣམ་དག་ལགས་ཀྱི་རུས་གསེང་གི་གླིང་བུ་སྒོར་སྐྱེལ་བའི་ཤིས་ཚིག་ཅིག་གི་ཚབ་ཏུ་ལི་ཐང་དབྱིག་གཉེན་གྱིས་རྒྱ་གར་འཕགས་ཡུལ་རང་ཤག་དཔེ་མང་སྤུངས་བའི་ལྡིང་ཁང་ནས་ཐོལ་གྱིས་བྲིས།།  །།


  ཆོལ་གསུམ་བོད་ཀྱི་ན་གཞོན་དཔུང་སྡེ།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -