ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

26.07.2016 03:49:56
འཆམ་ར་དྲི་མེད་རྒྱལ་མཚན།

༄།། བྷག་སུ་ཆུ་ཁའི་མེ་ཏོག
                                        ས་མཐའི་གཡུ་རལ།(འཆམ་ར་བ།)
༈ ལྷུང་ལྷུང་འབབ་པའི་ཆུ་མོ་རྒྱང་ལ་བཞུད་དུས།།
ལྡིང་ལྡིང་འཕར་བའི་སྙིང་འདི་ཤུལ་དུ་ལུས་བྱུང་།།
རི་ལུང་སྨུག་པས་བཏུམ་པའི་ས་ཁུག་རེ་ནས།།
ཁྱེད་རང་འབོད་པའི་སྐད་འདི་སྙིང་ལ་རྗེ་ཨང་།།


མུ་ཏིག་འོད་ལྟར་འཚེར་བའི་ཆུ་མོའི་གཞུང་ནས།།
སྣང་བའི་གཟུགས་བརྙན་ཞིག་གིས་འགུལ་འགུལ་བྱས་བྱུང་།།
དྲན་གདུང་འོད་ཀྱིས་འཚིག་བའི་བྲང་ཤ་སྟེང་ན།།
ཆུ་ཡི་ཐིགས་པ་རེ་རེ་བརྒྱབ་ནས་གཟེར་བྱུང་།།

ལྷང་ལྷང་དྲན་པའི་སེམས་པ་ལག་ན་བླངས་ཏེ།།
དྭངས་བསིལ་ཆུ་མོའི་ངོས་ན་ལྷོད་ཀྱིས་གླན་དུས།།
མུ་མཐའ་མེད་པའི་ཚོར་བས་དལ་ཅིག་བཟི་ཡང་།།
མིག་མཐའ་ཆུ་ཡིས་བངས་ནས་དབུགས་རིང་ཤོར་སོང་།།

ཤམ་ཤམ་འབབ་པའི་ཆུ་མོའི་སྐད་སྒྲ་མཉན་ཏེ།།
སྣང་བ་རི་ལ་མངག་པའི་ཞིང་ཁམས་ཤིག་ནས།།
རླུང་བུས་གདོང་ལ་གཙགས་པའི་ན་ཟུག་རྙིང་བ།།
ཐོལ་གྱིས་རོ་ལངས་བརྒྱབ་པའི་སྡུག་བསྔལ་སུས་ཐེག།

དུང་བ་མིག་ལ་ཐོགས་པའི་ཉིན་ཞག་འདི་ཚོར།།
གྲིབ་མས་རྗེས་འདེད་གཏོང་བའི་བདེ་བ་རྔུབ་བཞིན།།
ཆུ་ཡི་ཟེགས་མ་རེ་རེའི་ལོ་རྒྱུས་ཀློག་དུས།།
མིག་ཟུང་རྒྱང་ལ་ཕྱོགས་པའི་བློ་ཞིག་རྙེད་བྱུང་།།

༢༠༡༦།༥།༡༣ ཉིན་ཟིན་བྲིས་བཏབ། ཚེས་ ༡༧ ཉིན་རྡ་ས་ནས་ཕྱིར་ལོག་ཁར་གྲུབ་པར་བྱས།
★བྷག་སུ་ཆུ་ཁ་ Bhagsu རྡ་སའི་རི་ཆུ་འབབ་ས་ཞིག


  རྡོག་རྩ་ཆིག་སྒྲིལ།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -