ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

03.07.2016 08:38:43
ལི་ཐང་ངག་དབང་དབྱིག་གཉེན།

ལྕགས་མཁར་གྱི་ཕྱི་རོལ་དུ་བཏང་བའི་ཤིས་པ།
སྒོ་ཡོན།
ལོ་ཁ་ཤས་ཀྱི་ཡར་སྔོན་ནས་དྲྭ་ལམ་བརྒྱུད་དེ་ལི་ཐང་དབྱིག་གཉེན་ལགས་ངོ་ཤེས་ཤིང༌། ཁོང་གིས་དྲྭ་བར་བཀོད་པའི་ཡི་གེ་འགར་བལྟས་མྱོང་ཡོད། དུས་རྒྱུན་ཁོང་གི་མིང་ཡིག་ལས་<ལི་ཐང>་ཞེས་བྱ་མཐོང་ཐེངས་རེར། བདག་གི་ཡིད་ཡུལ་དུ་རིགས་ཀྱི་དཔའ་སྤོབས་འབར་མྱོང་བའི་ལི་ཐང་གི་སྔོན་བྱོན་མཛངས་མི་འགའ་ལམ་མེར་འཆར་ལ། ཕ་ཡུལ་ལི་ཐང་དུ་རུས་པ་སྲ་མོ་ལྕགས་ལས་གྲུབ་པའི་རིགས་ཞེན་གྱི་རྟུལ་ཕོད་ཅན་ཅུང་མང་ཡང༌།


ཡི་གེའི་མཚོན་ཆ་ཐོགས་ཏེ་ལམ་གྱི་རྨི་ལམ་ལ་གཡུལ་འཐབ་བྱེད་མི་ཤིན་ཏུ་ཉུང་བར།  ལི་ཐང་དབྱིག་གཉེན་ལགས་ནི་ཕྱི་མའི་གྲས་སུ་གཏོགས།

ད་རེས།  ཁོང་གིས་འཚོ་བའི་མངའ་ཐང་ལ་བརྒྱུས་པའི་ཡུན་རིང་གསོག་འཇོག་གི་ཡི་གེའི་ཚོམས་ལས། རང་སེམས་ཀྱི་མཁའ་ལ་ཡིད་དུ་འོང་བའི་རྟོག་པའི་བརྡ་ཡིག་དུམ་བུ་ཕྱོགས་གཅིག་ཏུ་གྲབས་གཤོམ་བྱ་བར་བདག་ནི་སྤྲོ་བར་གྱུར་ཏེ། ས་མཐའི་ཡུལ་དུ་སྐྱོ་ཆད་ཀྱི་ན་བུན་བར་མེད་གདུང་ཡང་བོད་ཡིག་འབྲི་བའི་ངལ་བ་ཁུར་དུ་ལེན་པ་ནི། སྤོབས་པ་དང་བསྔགས་བརྗོད་འོས་པར་རིགས་སོ། །

ཞེས་༢༠༡༥ལོའི་ཟླ༡༠པའི་ཚེས་༣༡ཉིན་ཁམས་དར་མདོ་རྩེ་མདོར་སྒོ་ཡོན་གྱིས་བྲིས།


  ཆོལ་གསུམ་བོད་ཀྱི་ན་གཞོན་དཔུང་སྡེ།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -