ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

03.07.2016 08:24:42
ལི་ཐང་ངག་དབང་དབྱིག་གཉེན།

ཇ་འཐུང་ཞོར་དུ་སྨྲས་པ།

ད་རེས་ཀྱི་འགྱིག་གི་རྐུབ་སྟེགས་སྟེང་དུ།།
གྲོག་མ་འགའ་རེ་ཞིག་འཕག་ཚུལ་བསམ་ན།།
ནམ་མཁའ་ལ་སྤྲིན་པ་འཁོར་ཚུཊ་དེ་ཡིས།།
སྐར་མ་འགའ་ཕར་ཕར་དད་ཚུལ་མཐོང་གི།


 

ཤེལ་ཕོར་ནང་ཇ་ཡི་ཁ་དོག་དག་གིས།།
རྒན་པོ་འགའ་ཐོལ་གྱིས་འུར་ཚུལ་རིག་ན།།
གནའ་སྔ་མོའི་ཆང་གི་ངར་ཁ་དྲན་ཏེ།།
མི་ཡུལ་ནས་ང་རང་ཁེར་བགད་བྱས་ཡིན།།

ནམ་མཁའ་ལ་ངོ་ཚ་མེད་པ་དེ་ཡིས།།
གཏན་ཚིཊ་བྲལ་བའི་གཅིན་པ་འགའ་བཏང་པས།།
བཞད་མ་ཐག་པའི་མེ་ཏོག་འགའ་བཅག་སྟེ།།
སྲང་ལམ་ན་མྱ་ངན་ཞུ་དགོས་བྱུང་སོང༌།།

སྐད་ཆ་བཤད་མི་ཕོད་པའི་ང་རང་ནི།།
བཙན་ཁང་ནང་གི་སྡར་མ་ཞིག་ཡིན་པས།།
གསང་མི་བཏུབ་པའི་སྐད་ཆ་མངས་པོས།།
ང་ནི་ཆར་རྗེས་ཀྱྀ་ཉུལ་མ་ཞིག་ཡིན།།

____༢༠༡༥_༦_༢༢ཉིན་གྲུབ།


  ཆོལ་གསུམ་བོད་ཀྱི་ན་གཞོན་དཔུང་སྡེ།
 

06.07.2016 17:31:48


 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 | -