ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

02.05.2016 22:16:13
གངས་དཀར་སེམས།

བརྩེ་དུང་གི་ལྷ་མོ་ཧྥི་རེ་ཧའི་ལོ་རྒྱུས།

(དང་པོ།)

ཧྥི་རེ་ཧ་ནི་བརྩེ་དུང་གི་ལྷ་མོ་དང་། དགྲ་ལྷ་དང་རྫུ་འཕྲུལ་གྱི་ལྷ་མོ། དེ་བཞིན་ཕུན་ཚོགས་དང་སྐྱེ་འཕེལ། བརྩེ་དུང་བཅས་ལ་དོ་དམ་བྱེད་མཁན་གྱི་ལྷ་ཞིག་ཡིན། མོ་ནི་ཧ་ཅང་མཛེས་སྡུག་ལྡན་ཞིང་མི་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་མཁན་ཞིག་རེད། གང་ཡིན་ཟེར་ན། བྱང་ཨ་རིའི་གྲང་ངར་གྱི་དུས་ཚིགས་སུ་མི་རྣམས་ཀྱིས་རེ་བ་ཆེན་པོས་དཔྱིད་ཀར་རེ་སྒུག་བྱེད་བཞིན་པ་ལྟར་རེད།


 

ལྷ་མོ་ནི་རྒྱུན་དུ་གཟབ་ཆས་སྤྲས་ཤིང་མེ་ཏོག་ལྟར་མཚར་སྡུག་ལྡན། མཚམས་རེར་གཟུགས་པོ་ཡོངས་སུ་ཁྲ་རྨུག་གྱོན་ནས་དགྲ་ལྷ་མོ་རྣམས་དབུ་འཁྲིད་དེ་ཨཱོ་ཏིང་ ( འདི་བྱང་ཡཱོ་རོབ་ཀྱི་ལྷ་སྒྲུང་ནང་གི་ལྷ་གཙོ་བོའམ་དགྲ་ལྷ་ཞིག་གོ ) གི་ཆེད་དུ་འདས་པོའི་དཔའ་བོ་གདམ་རོགས་བྱེད།

 

ཧྥི་རེ་ཧ་དེ་སྔོན་ཧཱ་ན་ལྷའི་ལྷ་མོ་ཞིག་ཡིན་ལ། མི་རིགས་དབར་གྱི་གཡུལ་འཐབ་བྱུང་རྗེས་མོ་རང་ཨ་ཕ་ནཱོ་ཏེ་དང་མོ་དང་མཚེ་ཁྲ་ཡིན་པའི་ཧྥི་རེ་མཉམ་དུ་ཡཱ་ས་ཐུར་སླེབས་པ་མ་ཟད། སོ་སོའི་མཛེས་སྡུག་དང་རླབས་ཆེ་བའི་ལྷའི་ཆེ་མཐོང་ལ་ལྷ་ཚོགས་ཀྱིས་གུས་བཀུར་ཆེན་པོ་ཐོབ།

 

ཧྥི་རེ་ཧའི་མཛེས་སྡུག་ནི་རང་བྱུང་གི་ཡིན། དེའང་མོ་ལ་བྷར་སིང་གམ་Brisingamen( མེ་ལྕེའི་ནོར་བུ་ཞེས་པའི་དོན། )ཟེར་བའི་སྐེ་རྒྱན་ཞིག་ཡོད་པས་ཡིན། སྐེ་རྒྱན་འདི་ནི་གཏིང་ཟབ་པའི་རྒྱ་མཚོའི་ནང་གི་གསེར་སེར་པོའི་སྐེ་རྒྱན་ཞིག་ཡིན་ལ། འཛམ་གླིང་ཐོག་གི་ཆེས་མཛེས་པའི་སྐྱེ་རྒྱན་ཡང་དེ་རེད། ཧྥི་རེ་ཧས་སྐེ་རྒྱན་དེ་བཏགས་རྗེས་མོའི་མཛེས་པའི་ངོ་གདོང་སྔར་བས་གསོན་ཉམས་དོད་དུ་སོང་། གསེར་འོད་ཆེམ་ཆེམ་གྱི་རྒྱན་ཆའི་འོག་འོད་འཚེར་བ་ལྟར་ཤིན་ཏུ་ཡིད་འོང་བའི་འོད་མདང་རྒྱས། ཧྥི་རེ་ཧས་ཀྱང་རྒྱུན་དུ་མོའི་གསེར་གྱི་སྐེ་རྒྱན་དེ་འདོགས་ནས་ཡོད།

 

མོའི་མཛེས་སྡུག་ནི་ཡཱ་ཐུ་གཞིས་སྒར་གྱི་སྤོབས་པ་རེད། གླིང་དགུའི་ནང་དུའང་འགྲན་ཟླ་བྲལ་བ་ཞིག་ཡིན། མོའི་ཡིད་འོང་གི་བརྩེ་ཚོར་ནི་དྭངས་ཤིང་གསལ་བའི་ཆུ་བཞིན་ཡིན། གལ་ཏེ་མོས་འདེགས་པའི་ཞིམ་མངར་གྱི་ཆང་མེད་ན་ལྷ་ཚོགས་ཀྱི་སྤྲོ་ཚོགས་དེའང་བྲོ་བ་མེད་པ་ཆག་སྲིད་པ་ཡིན།

 

ཡཱ་ཐུ་གཞིས་སྒར་ལ་ད་དུང་རྣམ་པ་སྤྱི་བཏང་བའམ་གྲགས་འགུལ་མེད་པའི་ལྷ་མོ་ཧྥོ་ལ་Fulaཡོད། མོས་ཧྥི་རེ་ཧའི་མཛེས་སྡུག་ལ་ཕྲག་དོག་ཆེན་པོ་ཟ་བཞིན་ཡོད། མོས་སྐེ་རྒྱན་དེ་འདི་འདྲ་མཛེས་པ་ལ་ཨང་། ཧྥི་རེ་ཧར་ལྷ་ཚོགས་ཀྱིས་དགའ་མོས་ཐོབ་པ་དེ་ནི་སྐེ་རྒྱན་འདི་ཡོད་པ་ཁོ་ནར་བརྟེན་ནས་རེད། གལ་ཏེ་ང་ལ་དེ་ཐོབ་ན་གཞན་གྱིས་ང་ལ་དགའ་ཞེན་ཧ་ཅང་ཆེན་པོ་ཐོབ་སྲིད་སྙམ།

 

རཱོ་ཅིས་སྐེ་རྒྱན་བརྐུས་པ།

 

ཧྥོ་ལས་རཱོ་ཅི་Lokeའཚོལ་ནས། ཁྱོད་ཀྱིས་ཤེས་སམ། ང་ལ་སྐེ་རག་རིན་ཐང་ཅན་ཞིག་ཡོད། སུས་སྐེ་རག་དེ་བཅིང་ཐུབ་ན་མི་དེ་འཛམ་གླིང་འདིའི་ཐོག་གི་ཆེས་ཡིད་དུ་འོང་བའི་སྐྱེས་པ་ཞིག་ཆག་གི་རེད། ཅེས་བཤད། རཱོ་ཅིས་ཧྥོ་ལའི་སྐད་ཆ་དེ་གོ་མ་ཐག་འཕགས་མཆོང་དང་བཅས། དེ་ནི་ང་ལ་དགོས་བསམ་པ་དེ་ཡིན། ཞེས་བཤད།

 

ཧྥོ་ལས། སྐེ་རག་འདི་ཐོབ་དགོས་ན་ལས་སྟབས་བདེ་རེད། ཁྱོད་ཀྱིས་ཧྥོ་རེ་ཧའི་སྐེ་རྒྱན་དེ་འཁྱེར་ནས་བརྗེས་ན་འགྲིག ཅེས་བཤད་པར། རཱོ་ཅིས། དེ་འདྲ་བྱས་ན་འགྲིག་གི་མ་རེད། སྐེ་རྒྱན་དེ་འཁྱེར་ཡོང་ནས་ཁྱོད་ཀྱིས་རྒྱན་ན་གཞན་གྱིས་དེ་ཧྥི་རེ་ཧའི་སྐེ་རྒྱན་ཡིན་པ་ཤེས་ཀྱི་མ་རེད་དམ། ཞེས་པར་ཧྥོ་ལས་ཁྱོད་རང་བློ་བདེ་པོར་བྱོས། ངས་སྐེ་རྒྱན་དེ་ནོར་བུའི་རིགས་ལ་བརྩིས་ནས་ངའི་ནོར་སྒམ་དུ་ཉར་འདོད་པ་ཙམ་ཡིན། ཅེས་བཤད།

 

རཱོ་ཅིས་བསམ་བློ་དྲུག་གསུམ་བཅོ་བརྒྱད་ལ་བསྐོར་ནས་ཧྥི་རེ་ཧའི་སྐེ་རྒྱན་ཇི་ལྟར་བརྐུ་ཐབས་སྐོར་བསམ་བློ་བཏང་། འོན་ཀྱང་ཧྥོ་རེ་ཧས་སྐེ་རྒྱན་དེ་རྒྱུན་དུ་བཏགས་ནས་ཡོད་པས་ཁོས་དེ་རྐུ་ཐབས་མ་བྱུང་བ་རེད། དེ་ནས་རཱོ་ཅིས་ལྷ་མོ་གཉིད་ཡུལ་བའི་སྐབས་དང་བསྟུན་ནས་སྐེ་རྒྱན་རྐུ་དགོས་སྙམ། གྲ་སྒྲིག་གང་མཚམས་བྱས་རྗེས་ལྷ་མོ་གཉིད་ཁུག་དུས་རཱོ་ཅིས་མོའི་ཉལ་ཁང་ཕྱིར་སླེབས། རཱོ་ཅིས་ལྷ་མོའི་ཉལ་ཁང་གི་སྒོ་དམ་དུ་བརྒྱབ་ཅིང་དེའི་ནང་འཛུལ་བའི་གོ་སྐབས་རྩ་བ་ནས་མ་རྙེད་སྟབས། ཁོ་རང་སྦྲང་འབུ་ཞིག་ལ་རྫུས་ཏེ་ཉལ་ཁང་དུ་འཛུལ་ཐུབ་པའི་ཨི་ཁུང་རེ་མཐོང་ཨེ་ཐུབ་བལྟས།

 

འོན་ཀྱང་དེ་ལ་ལམ་ལྷོང་ཁྱོན་ནས་མ་བྱུང་བ་རེད། མཇུག་དེར་རཱོ་ཅིས་ཉལ་ཁང་གི་ཐོག་རྩེགས་སུ་དུ་ཁུང་ཞིག་མཐོང་བས་དེ་ནས་ཡར་འཛུལ། ཁང་པའི་ནང་སླེབས་རྗེས་རཱོ་ཅིས་ཧྥོ་རེ་ཧའི་ཉལ་ཁྲིའི་ཟུར་དུ་འཕུར་སྐབས་ལྷ་མོ་གཉིད་གཏིང་རུམ་དུ་སྐྱིད་མདོག་གིས་ཁུག་ཡོད་པ་མཐོང་། འོན་ཀྱང་མོའི་སྐེ་རྒྱན་གྱི་མདུད་པ་དེ་ལུས་འོག་སྣོན་ཡོད་པས་རཱོ་ཅིས་དེ་དཀྲོལ་ཐབས་མེད་པར་གྱུར། དེར་བརྟེན། སྤྱང་གྲུང་འཛོམས་པའི་རཱོ་ཅིས་དེ་མུར་སླར་ཡང་ལྗི་བ་ཞིག་ལ་རྫུས་ཏེ་ཧྥོ་རེ་ཧའི་སྐེ་ལ་སོ་རྒྱག དེ་ནས་ལྷ་མོ་ཅུང་གཉིད་སད་གྲབས་ཀྱིས་ལུས་ཕྱིར་འཁོར་བྱུང་ཡང་སླར་གཉིད་དུ་ཡུལ།

 

ད་ཐེངས་སྐེ་རྒྱན་གྱི་མདུད་པ་དེ་ཕྱིར་མངོན་བྱུང་། དེ་ནས་རཱོ་ཅིས་ཕྱིར་རང་མདོག་བཏོན་ནས་ག་ལེར་སྐེ་རྒྱན་དཀྲོལ་རྗེས་ཉལ་ཁང་གི་སྒོ་ལྕགས་ཕྱེས་ནས་ཕྱིར་རྒྱུགས་ཏེ་ཧྥོ་ལ་འཚོལ་དུ་སོང་།

 

སྐུ་སྲུང་བ་ཕོ་ལྷ་ཧཱེ་མ་ཏོལ་Heimdallགྱིས་སྐེ་རྒྱན་ཕྱིར་འཕྲོག་པ།

 

ལྷ་མོ་ཧྥོ་རེ་ཧ་གཉིད་སད་རྗེས་སྐེ་རྒྱན་བརླགས་ཚར་བ་མཐོང་ཞིང་། ཉལ་ཁང་གི་སྒོ་ཧར་གྱིས་ཕྱེས་ནས་ཡོད་པ་མཐོང་ནས་ལམ་སེང་གནས་ཚུལ་ག་རེ་ལྷག་མིན་ཤེས་ཡོད་པ་རེད། མོས་དེ་མུར་གོས་གྱོན་ཏེ་སྐུ་སྲུག་ཕོ་ལྷ་ཧཱེ་མ་ཏོལ་སར་སླེབས་ཏེ་ཁོས་སྐེ་རྒྱན་ཕྱིར་རག་ཐབས་ཡོང་བའི་རེ་བ་ཞུས།

 

ཧཱེ་མ་ཏོལ་ནི་ཡཱ་ས་ཐུ་གཞིས་སྒར་གྱི་སྲུང་མ་ཡིན་ལ། ཁོ་ལ་ཚད་བརྒལ་བའི་ནུས་ཤུགས་དང་། གཟུགས་པོ་ཡང་ཞིང་ཤུགས་དང་ལྡན་པ། མགྱོགས་ཚད་མྱུར་བ། བཟོད་སྒོམ་ཆེན་པོ་ཡོད་མཁན་བཅས་ཡིན།

 

ཁོའི་སྤྱང་གྲུང་ནི་མྱུར་ཚད་དང་ལྡན་ཞིང་། དེའི་ཚད་གཞི་དེའང་ཁོས་ལྕང་སྡོང་གི་ཁུ་བ་འགུལ་སྤྱོད་ཀྱི་སྒྲ་ཡིན་ཡང་ཐོས་ཐུབ་པ་ཞིག་རེད། ཁོས་ཆེས་ཆུང་བའི་རྩི་ཤིང་དེ་དག་ནགས་ཚལ་དུ་གབ་ཡིབ་ཀྱིས་འཚར་ལོང་འབྱུང་བ་ཤེས་པ་མ་ཟད། ཡཱ་ས་གཞིས་སྒར་དང་། ཡང་ན་སའི་གོ་ལའི་ཐོག་གྱི་གནས་ཚུལ་ཡོངས་རྫོགས་མཐོང་བ་དང་ཐོས་ཐུབ་ཀྱི་ཡོད་པ་རེད།

 

མཛེས་སྡུག་དང་སྤྱང་གྲུང་འཛོམས་པའི་བརྩེ་དུང་གི་ལྷ་མོ་ཧྥོ་རེ་ཧ་སུན་སྣང་གི་རྣམ་པ་མཐོང་བས། ཁོའི་སེམས་ཀྱིས་མ་བཟོད་པ་གྱུར། ཁོས་ཧྥོ་རེ་ཧར་སེམས་གསོ་དང་བཅས་མོ་ལ་རོགས་པ་བྱས་ཏེ་སྐེ་རྒྱན་ཕྱིར་རག་ཐབས་ཡོང་རྒྱུར་ངེས་པར་དུ་རོགས་པ་བྱ་རྒྱུ་ཡིན་སྐོར་བཤད། ཧཱེ་མ་ཏོལ་བརྩེ་དུང་གི་ལྷ་མོའི་སྡོད་ཁང་དུ་སླེབས་ནས་རྟག་དཔྱད་བྱས། དེ་ནས་ཁོས་དེ་སྔོན་རཱོ་ཅིས་དེར་བཞག་པའི་དྲི་མ་ཚོར། ཁོས་ལེ་དབར་སྟོང་གི་གནས་སྟངས་མཐོང་ཐུབ་པའི་མིག་དང་། དེ་བཞིན་གྱི་ས་ནས་ཐོས་ཐུབ་པའི་རྣ་བས་རྟག་དཔྱད་ཀྱང་བྱས་པར། རཱོ་ཅིས་སྐེ་རྒྱན་འཁྱེར་ནས་ཧྥོ་ལ་དང་ཐུག་བཞིན་པ་མཐོང་།

 

དེ་ནས་ཧཱེ་མ་ཏོལ་གྱིས་ཉེན་བརྡའི་དུང་འབུས། རཱོ་ཅིས་དུང་སྒྲ་ཐོས་མ་ཐག་ཞེད་སྣང་དང་བཅས་རང་འགུལ་གྱི་སྒོ་ནས་ཧྥོ་ལ་སར་འགྲོ་བའི་དུས་ཚོད་མེད་པ་ཚོར་ནས་བྱ་ཆེན་པོ་ཞིག་ལ་རྫུས་ནས་ཡཱ་ས་ཐུ་གཞིས་སྒར་ནས་ཕྱིར་འཕུར་ཏེ་ས་དེ་ནས་ཁ་བྲལ།

 

ཧཱེ་མ་ཏོལ་གྱིས་གནས་སྟངས་དེ་མཐོང་རྗེས་ཁོས་ཀྱང་གཤོག་པ་རྐྱོང་ནས་རཱོ་ཅི་ལ་རྗེས་འདེད་བྱས། དེ་ནས་ཁོ་རང་གཉིས་གཅིག་རྗེས་གཉིས་མཐུད་ཀྱིས་སྔ་ཕྱིའི་གོ་རིམ་བཞིན་ཉིན་གསུམ་ཏག་ཏག་ལ་འཕུར་ལྡིང་བྱས་ཡོད་པ་རེད། སྐབས་དེར་ཁོ་རང་གཉིས་ཀ་གཞིས་སྒར་ནས་ཁ་བྲལ་ཏེ་ས་ཐག་རིང་པོར་སླེབས་ཤིང་འཛམ་གླིང་འདིའི་མཐའ་རུ་སླེབས་གྲབས་ཀྱང་བྱས། རཱོ་ཅིས་ཧཱེ་མ་ཏོལ་ནི་དེ་ལྟར་སྲ་བརྟན་འགྱུར་མེད་ཅིག་ཡིན་པར་ཧ་ལས་པར་གྱུར། སེམས་སུ་འདི་ལྟར་མུ་མཐུད་འཕུར་ན་སོ་སོ་ཤི་རྒྱུ་ནི་ངེས་པ་རེད་སྙམ། དེར་བརྟེན་ཁོ་རང་གཡང་གཟར་གྱི་རྒྱ་མཚོའི་འགྲམ་གྱི་བྲག་རྩའི་ཐོག་མར་བབས་ནས་ངལ་གསོས།

 

དེ་ནས་ཧཱེ་མ་ཏོལ་ཡང་དེར་བབས་ནས་ཁོ་རང་གཉིས་འཛིང་འགོ་བརྩམས་ཤིང་། མི་གཉིས་འཛིང་འཛིང་ནས་གནམ་ས་བླ་འོག་བསྒྱུར་བ་ལྟར་བཟོས། རཱོ་ཅིས་མཚམས་རེར་ཁྱད་མཚར་བའི་ཡ་མཚན་གྱི་བྱ་ཆེན་དང་གཅན་གཟན་ལ་རྫུས་པ་དང་། ཡང་མཚམས་རེར་འཁྱག་པའི་མི་རྒོད་དམ་མི་ཆེན་དུ་རྫུས། ཧཱེ་མ་ཏོལ་ཡང་རཱོ་ཅི་ལྟར་རྫུ་འཕྲུལ་བཏོན་ནས་རཱོ་ཅི་ཡིས་རྫུས་པའི་གཟུགས་དབྱིབས་ལ་ཁ་གཏད་གཅོག

 

མཐར་རཱོ་ཅི་ལ་ཧཱེ་མ་ཏོལ་གྱིས་རྡུང་ནས་དེ་སྔོན་གྱི་མ་གཟུགས་ཕྱིར་མངོན་དགོས་བྱུང་བ་མ་ཟད། མགོ་ལ་རྨ་བཟོས་ནས་ཕྱིར་ཁྲག་དོན་ཡོད་པ་རེད། རཱོ་ཅིས། ཁྱོད་ཀྱིས་ཅི་ཞིག་བྱ་བརྩིས་ཡོད་དམ། ཞེས་པར་ཧཱེ་མ་ཏོལ་གྱིས་དེའི་ལན་དུ། ང་ལ་ཁྱོད་ཀྱིས་བརྐུས་པའི་སྐེ་རྒྱན་དེ་ཕྱིར་སྤྲོད་དང་། ངས་ཁྱོད་རང་ལ་གསོན་ཆོག་པའི་ལམ་ཞིག་སྤྲོད་ཆོག གལ་ཏེ་ཁྱོད་མུ་མཐུད་གཞིས་སྒར་དུ་བསྡད་འདོད་ཀྱང་ངས་ཁྱོད་ལ་སུན་བཙིར་བཟོ་མི་ཡོང་། ཞེས་བཤད། རཱོ་ཅིའི་སེམས་ནས་ཕམ་ཁར་ངོས་ལེན་འདོད་མེད་པར་བརྟེན། ཁོས་ནུས་ཤུགས་ཡོད་རྒུས་ཧཱེ་མ་ཏོལ་དང་མུ་མཐུད་འཐབ་ནས་མཇུག་ཏུ་ནུས་ཤུགས་ཡོད་རྒུ་རྫོགས་ནས་སར་འགྱེལ། དེ་ནས་སྐབས་དེར་ཧཱེ་མ་ཏོལ་གྱིས་རཱོ་ཅིའི་གཟུགས་པོའི་ཐོག་ནས་སྐེ་རྒྱན་ལེན་ནས་སོང་བ་རེད།

 

ཧཱེ་མ་ཏོལ་ཕྱིར་གཞིས་སྒར་དུ་སླེབས་ནས་སྐེ་རྒྱན་དེ་ཧྥོ་རེ་ཧར་སྤྲད། སེམས་དགའ་བའི་སྐེ་རྒྱན་སླར་ཧྥོ་རེ་ཧར་བདག་པ་རེད། བརྩེ་དུང་གི་ལྷ་མོ་སླར་ཡང་དགའ་སྤྲོའི་འཛུམ་མདང་ཕྱིར་མངོན།

 

དེར་བརྟེན། རཱོ་ཅི་དང་ཧཱེ་མ་ཏོལ་གཉིས་དབར་ལ་སངས་ཐབས་མེད་པའི་དགྲ་འཁོན་འཛིན་ཆག་པ་དང་། དེ་རྗེས་ཁོ་གཉིས་མཉམ་དུ་འཐབ་ནས་ཤི་དགོས་པའི་སྡུག་གི་ས་བོན་དེའང་འདི་ནས་བཏབས་ཟིན་ཡོད་པ་རེད།

 

འབྲེལ་ཐག

http://www.epochtimes.com/b5/16/3/5/n4655433.htm


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -