ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

ཁྲོ་གཏུམ།
གོམ་པ་སྤོ་སྟངས་ལས་གོམས་སྲོལ་ཞིག་ན་བ།
02.05.2016 06:03:40

ཁྱོད་རང་ཅི་ཞིག་གི་ཚུལ་དུ

ལུ་གུ་དང་བེའུ་འཚོ་ས་ནས་བསྐྱོད་མྱོང
མེ་ལོང་རྩྭ་ཐང་དུ་འདེགས་པའི་ཡོམ་ཤིང་གི་རྩེ་རུ
བྱ་ཁུ་ལོ་དང་བྱེའུ་མཇོལ་མོས
གློ་བ་ཁྱོད་ཀྱི་ཉེ་སར་གཏད་པ་གྲངས་ཀྱིས་དཔག་དཀའ


 

བསིལ་རླུང་གི་རྒྱུ་བ་ཧ་ཅང་རྣོ་བའི་རྩེ་མོ་ནས
ཉི་ཟླ་གཉིས་ཀྱི་རྣ་ཆ་ལག་པས་ཟིན་པར་འདོད་པའི་ཕུགས་བསམ་བཞུར་སྟེ
ཁྱོད་རང་ལྷོད་གཡེང་གིས
རི་བོར་འགོས་ཤིང་རི་བོར་བབས
སྐབས་དེ་ནི་ཁྱོད་ཀྱི་ཆེས་འདང་རྒྱག་མེད་པའི་དུས་རབས་རེད

དལ་བུར་སེམས་པ་མི་ཚོགས་སུ་འདྲིས་ཤིང
འུར་སྒྲ་དང་འཕྲུལ་སྒྲས་གནམ་ས་བཀབ་པའི་རྐས་ཐེམ་ལ་ཐོན་དུས
དངས་འཚབ་དང་འབྲོག་མགོ་ལང་བའི་གོམ་སྟབས་ཀྱིས
ཁྱོད་ཀྱི་འདོད་པ་དང་གོམ་པ་གཉིས་ཀྱི་བང་ཁ་མ་འགྲིག་པས
ཐང་ཆད་དེ་གློ་ནད་བྱུང
ཐང་ཆད་དེ་མཆིན་ནད་བྱུང
ཐང་ཆད་དེ་ཕོ་ནད་བྱུང
དོན་ལྔ་སྣོད་དྲུག་གི་རྒྱུ་བར་ཆུ་ལོག་བྱུང་ནས
ཁྱོད་ལྷོད་ལ་འབབ་མ་ཐུབ་ལ
ཁྱོད་མདུན་ལ་བསྐྱོད་མ་ཐུབ་པའི་ས་མཚམས་དེར
གཞི་ནས་གོམ་པ་སྤོ་སྟངས་ནོར་བ་ཤེས

ཨ་ཡ་མཚན ཁྱོད་ད་རུང་མི་ཐོག་འདིའི་ལྗིད་ཁོག་རེད་དམ
༢༠༡༦།༠༥།༠༢ཉིན་རྒྱབ་གྱི་ཤར་བྲིས།



བརྗོད་གཞིའི་རིགས་བཀར་བ།:


 

02.05.2016 09:35:49

འདྲོག་འགོ་ལང་ཡིན་ས་རེད་པ།
ལན།
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -