ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

01.05.2016 03:17:06
གངས་དཀར་སེམས།

ལོ་བརྒྱའི་སྔོན་ཆཱ་ལོ་ཁྲི་བུ་རོམ་Charlotte Brontëལོ་བརྒྱའི་སྐྱེས་སྐར་དུས་དྲན་དུ་ཨཱིན་ཇིའི་རྩོམ་པ་མོ་ཧྥོ་ཀི་ཉི་ཡ་ཨཱོ་ཧྥུ་Virginia Woolfམར་བསྡད་དེ་ཅཱན་ཨེ་Jane Eyreཞེས་པའི་དེབ་དེར་སླར་ཡང་ལྟ་འགོ་བརྩམས། མོས་དཔེ་དེབ་དེའི་ཤུགས་རྐྱེན་ནི་དུས་དང་ཡོལ་ཟིན་པར་སེམས་འཚབ་བྱེད། འོན་ཀྱང་ད་ཆ་མོས་དེབ་དེར་བླ་ཐིམ་པ་ལྟར་བལྟས་ཏེ་ཚོར་བ་འབར་བཞིན་དེབ་དེ་ལག་ནས་བྲལ་མ་ཐུབ།


 

མོས་དེབ་བཀླགས་ཚར་དུས་ཆཱ་ལོ་ཁྲིས་ཀློག་པ་པོ་རྣམས་ཀྱི་སེམས་བཟི་བ་ལྟར་བཟོ་ཐུབ་ཐབས་ཇི་ལྟར་བྱུང་མིན་སྐོར་བསམ་བློ་གཏོང་ནས་ལུས། མོའི་བརྩམས་སྒྲུང་དེ་དག་ལོ་མང་རྗེས་སུའང་འདི་ལྟར་གསོན་ཉམས་དོད་པ་གང་ཡིན་ནམ། མོས་བསམ་པར་དེའི་ནང་གི་གསང་བ་ནི་དེབ་ནང་གི་བུད་མེད་མི་སྣ་གཙོ་བོ་དེར་རག་ལུས་ཤིང་། ཡིག་འབྲུ་རེ་རེའམ་མཛེས་རིས་ཚང་མའི་ནང་དུའང་མི་སྣ་གཙོ་བོའི་གཟུགས་བརྙན་འབུར་དུ་དོད་པར་ངོས་འཛིན་བྱས།

 

ཨཱོ་ཧྥུ་ཡིས་རཱོ་ཆེ་ཟི་ཐི་Rochesterདྲན་པ་ཙམ་གྱིས་ང་ཚོས་དེ་མུར་ཅཱན་ཨེ་དྲན་སྲིད་ལ། མི་མེད་ཀྱི་བྱང་ཐང་ཡང་དྲན་སྲིད། དེ་ནས་ཅཱན་ཨེ་སླར་ཕྱིར་མངོན་པ་རེད། ང་ཚོས་ད་དུང་མགྲོན་པོ་སྣེ་ལེན་བྱེད་སའི་ཁང་པ་དེ་དྲན་སྲིད། འོད་འཚེར་བའི་མེ་ཏོག་ཕྲེང་རྒྱན་ལྟར་གྱི་ས་གདན་དཀར་པོ། རྡོ་ཀ་མ་རུ་པའི་ཐབ་ཆས། དེ་བཞིན་ནོར་བུའི་རྡོ་དམར་པོའི་མདོག་གི་པཱི་ཞི་མི་ཡའི་ཤེལ་ཕོར་དང་ཁ་བ་དང་མེ་འདྲེས་པ། ཅེས་པ་འདི་དག་ནང་གང་སར་ཅཱན་ཨེའི་གཟུགས་བརྙན་མེད་ས་མེད།

སླར་ལོ་བརྒྱ་འདས་ཟིན། འོན་ཀྱང་ཅཱན་ཨེ་ནི་ད་དུང་ཡང་དེང་རབས་སུ་འཚོ་བཞིན་པའི་མི་སྣ་ཞིག་དང་མཚུངས། མོས་འདྲ་མཉམ་དང་བདེ་སྐྱིད་བརྩོན་ལེན་བྱས་པའི་བྱ་བ་རེ་རེ་བཞིན་མིག་སྔར་ཤར་ཡོང་། ཕུག་བསམ་འདི་དག་ཨཱོ་ཧྥུ་དང་། ཡང་ཞཱ་ལོ་ཊི་སོ་སོར་མཚོན་ནའང་ཚང་མ་གལ་ཆེན་དང་ཧ་ཅང་དགོས་ངེས་ཅན་ཞིག་ཆག་ཡོད།

 

ཨཱོ་ཧྥུས་དྲག་ཏུ་འཕྱུར་བའི་རི་གྲོང་།Wuthering Heightsཞེས་པའི་དོན་གྱི་དེབ་ལའང་དགའ་པོ་ཡོད། མོས་ཨཱེ་མི་ལི་ནི་སྙན་ངག་པ་བཟང་པོ་ཞིག་ལ་ངོས་འཛིན་བྱེད། དེབ་དེའི་ནང་གི་ཁཱེ་ཊི་རི་Catherinesགཉིས་ཡོད་པ་དེ་གཉིས་ཀ་ཨཱིན་ཇིའི་བརྩམས་སྒྲུང་གི་ལོ་རྒྱུས་ཐོག་ཆེས་དགའ་འོས་པའི་བུད་མེད་མི་སྣར་ཚོར་གྱི་ཡོད།

 

འགྲེལ་བརྗོད་དེ་འདྲ་ནི་ཧ་ལས་དགོས་པ་རེད། ཁཱེ་ཊི་Cathyནི་རང་གཤིས་གྱོང་པ་མ་ཟད། དེའང་སྲོལ་རྒྱུན་གྱི་དོན་སྙིང་ཐོག་གི་དགའ་འོས་པ་དེ་འདྲ་ཙམ་མིན། འོན་ཀྱང་ཏག་ཏག་འདིའི་རྐྱེན་གྱིས་མོ་རང་ཡ་རབས་ཀྱི་བུ་མོ་དེ་ཚོས་སོ་སོར་སྡུག་ཆག་འགྱུར་སྐབས་ཀྱི་དམིགས་དཔེ་ལྟ་ཡུལ་ཞིག་ཏུ་གྱུར་གྱི་ཡོད་པ་རེད། དེ་ཚོས་མུ་མེད་ཀྱི་ས་རྒོད་དུ་རླུང་འཚུབ་ལ་ཁ་ཕྱོགས་ནས་རྒྱུགས་པ་དང་། སེམས་མཁྲེགས་པོ་ཡོད་པའི་མི་སྡུག་ཆག་ལ་དགའ་བ། དེ་རྗེས་མི་སྡུག་ཆག་དེས་མོ་རང་ལ་ཚོར་བཅུག་པའི་བརྩེ་དུང་ནི་དེ་འདྲ་ཟབ་ཅིང་མཐའ་ན་སོ་སྒྲ་སྒྲོག་བཞིན་སྡོང་པོར་མགོ་རྡུང་ནས་ཁྲག་དོན་པའི་ཚད་དུ་སླེབས་ཡོད་པར་བསམ་བློ་གཏོང་གི་ཡོད།

 

དྲག་ཏུ་འཕྱུར་བའི་རི་གྲོང་ལ་རྦད་དེ་དགའ་མཁན་གྱི་ཀློག་པ་པོ་ཚོར་མཚོན་ན། ཅཱན་ཨེ། ཞེས་པའི་དེབ་ནང་དུ་ཧུར་བརྩོན་དང་བཟོད་སེམས། རང་ལྟ་མཆོག་འཛིན་ཅན་གྱི་དཔོན་པོ་སར་མནའ་མར་སོང་བའི་སྒྲུང་ནི་དེ་དང་བསྡུར་ཐབས་མེད་པ་ལྟར་རེད།

 

ཡིན་ཡང་བུད་མེད་གཙོ་བོ་མི་སྣ་འདི་གཉིས་ཀར་དུས་མཚུངས་སུ་དགའ་མཁན་ཀློག་པ་པོ་ཧ་ཅང་དཀོན། ཅཱན་ཨེ་ལ་དགའ་མཁན་ཚོས་ཁཱེ་ཞི་ནི་ཅོལ་ཆུང་གི་བུད་མེད་ཅིག་རེད་ཅེས་བཤད།   (ཁོ་ཚོས་བཤད་སྟངས་འདི་འགྲིག་ཡོད། མོ་ནི་སྒེར་སེམས་ཆེ་ཞིང་དྲག་པོར་དགའ་མཁན་ཞིག་རེད། དེབ་ཀྱི་ནང་དོན་ཕྱེད་ནང་ཡ་ང་ཞིང་ཡིད་སྐྱོ་བ། ཡང་ན་སྨྱོ་འཚུབ་འཚུབ་ལྟ་བུ་རེད། དེ་བས་མཇུག་སྒྲིལ་བའི་སྐབས་སུའང་དེའི་ནང་བདེ་སྐྱིད་ལྡན་པའི་མཇུག་འབྲས་ཤིག་བྱུང་མེད་པ་རེད།)

 

འོན་ཀྱང་ཅཱེན་ཨེ་ནི་དེ་འདྲ་བློ་ཐག་ཆོད་པོའི་མི་སྣ་ཞིག་རེད། མོ་ནི་ཧ་ཅང་སྤྱང་གྲུང་འཛོམས་ཤིང་། སྒེར་གྱི་སྤྱང་གྲུང་དང་འཇོན་ནུས་སྤེལ་བར་ཞེད་སྣང་སྤུ་ཙམ་བྱེད་ཀྱི་མེད། མོ་རང་ནི་རྩ་དོན་ལ་བརྩི་སྲུང་གིས་སོ་སོར་དགོས་པ་དེ་ཐོབ་ཡོད། ངོ་མ་མོ་ལ་མི་དགའ་མཁན་ཡོད་མི་སྲིད་པ་ལྟར་རེད། དམིགས་བསལ་དུ་མོས་རཱོ་ཆེ་ཟི་ཐིར། ང་ལྟ་བུའི་དབུལ་ཕོངས་དང་སྐད་གྲགས་སྤུ་ཙམ་མེད་མཁན། ངོ་གདོང་ཡང་སྤྱི་བཏང་ཅན། གཟུགས་པོ་ཐུང་ཐུང་ཞིག་ཡིན་པ་བདེན་ཡང་། དེ་ལྟར་ཡང་ང་ལ་བླ་སྲོག་དང་སེམས་དྲང་པོའང་མེད་སོང་བ་རེད་དམ། དེ་འདྲ་ཡིན་ན་ཁྱོད་ཀྱི་ནོར་འཁྲུལ་རེད། ཅེས་ཚ་འདྲི་བྱེད་སྟངས་དེ་ནི་དེ་བས་དགའ་འོས་པ་ཞིག་རེད། ཡང་ན་མོས་ཁོ་དང་ཁ་བརྡ་བྱེ་རྒྱུར་རྒྱུན་འཁྱོང་གིས། དེ་ནི་ངེད་གཉིས་ཀས་དུད་ས་ནས་བརྒལ་ཏེ་དཀོན་མཆོག་གི་ཞབས་འོག་རྒྱུན་དུ་ལང་ཡོད་པ་ལྟར་ཡིན། དཀོན་མཆོག་གི་ཞབས་འོག་ཏུ་ང་ཚོ་ཚང་མ་འདྲ་མཉམ་རེད། ང་ཚོ་དེ་སྔོན་ནས་འདྲ་མཉམ་ཡིན་དགོས་པ་ཞིག་རེད། འདི་ནི་ཁཱེ་ཞིའི་བསྒྲགས་གཏམ་དེའི་དབར་གྱི་དབྱེ་བ་ཧ་ཅང་གསལ་པོ་གྱུར་ཡོད་དེ། ང་ནི་ཧཱེ་ཊི་ཆི་ཧྥུ་Heathcliffཡིན། འདིས་བརྩེ་དུང་ནི་འཇིགས་སྣང་གི་མཇུག་འབྲས་ཤིག་ཡིན་པ་ལྟར་ཐོས་ཤིང་། སོ་སོ་བོར་བརླགས་སོང་བ་ཞིག་ལའང་གོ་སྲིད། ཡིན་ཡང་ (ངས་འདིར་ངོས་ལེན་དགོས་པ་ནི་དུས་ཚོད་མང་པོའི་རིང་ཁཱེ་ཞི་ནི་ངའི་སེམས་ནང་གི་བུད་མེད་གཙོ་བོ་མི་སྣ་ཁོ་ན་དེ་ཡིན། ) མཚམས་རེར་བརྩེ་དུང་ལ་ཚོར་འདུ་འདི་འདྲ་ཡོང་སྲིད་པ་རེད།

 

 

ལྟོགས་སྐོམ། ངོ་ལོག་དང་ཁོང་ཁྲོ།

 

བཱོ་རང་ཐིའི་གཙོ་བོ་མི་སྣ་ཚོས་དུས་ཡུན་རིང་པོའི་ནང་ཀློག་པ་པའི་སེམས་ནང་གནས་ཐུབ་པ་དེའི་རྒྱུ་མཚན་གཅིག་ནི་བུད་མེད་དེ་ཚོར་ཐོག་མཐའ་བར་གསུམ་དུ་སྤྲོ་སྣང་ལྡན་པའི་བགྲོ་གླེང་ཡོང་ཐུབ་པ་དེ་རེད། བུད་མེད་དེ་ཚོ་ནི་རིགས་གང་གི་ཆ་ལའང་མི་རྟོགས་པར་རྙོག་འཛིང་ཅན་དང་ཟང་ཟིང་ཅན་རེད། དེ་དག་ལ་སྐྱོན་ཆ་ལྡན་ཞིང་རྣོ་ངར་ཡང་ལྡན་པ་ཞིག་ཡིན་པས་མི་ཚོའི་མིག་དབང་ལའང་ཁྲ་ཆིལ་ལེར་བཟོས་ཤིང་སེམས་ནས་དོར་ཐབས་དཀའ་བ་ལྟར་གྱུར།

 

ཞཱ་ལོ་ཐིས་གནས་ཚུལ་སྟབས་བདེར་ཡོང་ཕྱིར་མཛེས་སྡུག་ཡིད་འོང་གི་རང་གཤིས་ཡོངས་རྫོགས་བུད་མེད་གཙོ་བོ་མི་སྣ་ཞཱེ་ལིའི་Shirleyགཟུགས་བརྙན་ཐོག་འབྲི་བཀོད་བྱས་པ་ལས་མི་སྣ་གཞན་འབྲི་བཀོད་ལ་ངོས་ལེན་བྱས་མེད་པའི་སྐབས་སུ་གཙོ་བོ་མི་སྣ་གཉིས་ཀའི་ཚེ་སྲོག་གི་ནུས་ཤུགས་ཚང་མ་སྟོང་ཆར་གྱུར་གྱི་ཡོད་པ་རེད། ཞཱེ་ལི་དང་ཁཱ་རོ་ལིན་Carolineཞེས་པའི་མི་སྣ་གཉིས་ཀར་ཅཱེན་ཨེ་ལྟ་བུ་མི་རྣམས་ཀྱིས་དགའ་བསུ་ཡིད་རང་རྩ་བ་ནས་ཐོབ་མེད་པ་རེད།

 

ཝཱེ་ལེ་ཐི་Villetteཞེས་པའི་དེབ་ནང་ཞཱ་ལོ་ཊིས་སླར་སོ་སོས་འབྲི་མཁས་པའི་ལུགས་སུ་ཕྱིར་ལོག་ནས་བུད་མེད་གཙོ་བོ་མི་སྣ་གཞན་ཞིག་སྟེ་ལཱོ་ཞིས་སི་ནོ་Lucy Snoweའབྲི་བཀོད་ལ་གསར་གཏོད་བྱས། དེ་ནི་འདོད་རྔམ་དང་ཁོ་ཁྲོ་ནི་རྒྱུན་དུ་མོས་ལྷོད་ལ་འབབ་བསམ་ཞིང་ཉེན་ཁར་ཕྱོགས་དུས་ཟང་ཟིང་ཙམ་ཡང་མི་བྱེད་པའི་ཕྱིའི་རྣམ་འགྱུར་དབར་འཐབ་བསམ་པའི་མི་སྣ་ཞིག་རེད། མོས། ང་ནི་ལཱོ་ཞི་སི་ནོ་ཡིན། ང་ཧ་ཅང་ལྷིང་འཇངས་ངང་གནས་ཡོད། ཅེས་བཤད། དོན་དངོས་ཐོག་ཀློག་པ་པོ་ཚོས་མོ་ནི་སོ་སྒྲ་བསྒྲིག་བཞིན་གཡོ་རྫུན་བཤད་མཁན་ཞིག་ཡིན་པ་ཤེས་ཀྱི་ཡོད། འདི་ལྟ་བུའི་གལ་ཟླ་ནི་ཀློག་པ་པོས་དོར་བསམ་ཡང་དེ་འདྲ་མི་ཐུབ་པའི་ཕྱོགས་ཤིག་རེད། འདི་ལྟ་བུའི་དེབ་ཀྱིས་མཱ་ཞུ་ཨ་ནོ་ཊི་ཡིས་ཞཱ་ལོ་ཐིའི་བསམ་བློའི་ནང་གཞན་གང་ཡང་མེད། དེའི་ནང་ལྟོགས་སྐོམ། ངོ་ལོག་དང་ཁོང་ཁྲོ་ལས་མེད། ཅེས་བཤད་ཡོད་པ་དེ་ཡིན།

 

ལཱོ་ཞི་ནི་ཅཱེན་ལྟ་བུའི་དགའ་བསུ་ཐོབ་མཁན་ཞིག་མ་རེད། དེའང་མོ་ནི་དེ་ལྟར་འཚབ་འཚུབ་དང་ཁོང་ཁྲོ་ཟ་སླ་ཞིང་། གཞན་གྱིས་དགའ་འོས་པ་ཞིག་མིན་པའི་རྒྱུ་མཚན་གྱིས་ཀྱང་ཡིན་སྲིད། ཀློག་པ་པོ་ཕྱི་ཕུད་གཏོང་བསམ་མཁན་གྱི་མི་ཞིག་གམ། གཙོ་བོ་མི་སྣ་བྱེད་པར་ངོ་རྒོལ་བྱེད་མཁན་གྱི་བུད་མེད་ཅིག་རེད། འོན་ཀྱང་མོའི་དུས་རབས་དེ་སླེབས་ཡོད་མིན་མི་ཤེས། ཀློག་པ་པོ་རྣམས་སྤྱང་གྲུང་དང་གཤིས་འཇམ་གྱི་བུད་མེད་མི་སྣ་གཙོ་བོ་འདིར་ཅུང་མི་དགའ་བའི་རྣམ་འགྱུར་བཏོན་འདོད་པ་འདྲ། ཁཱི་ལེ་ཨར་མཱ་ཞོས་Claire Messudབརྩམས་པའི་ཐོག་ཁའི་བུད་མེད།The Woman Upstairsནང་གི་སུན་སྣང་དང་ཁོ་ཁྲོ་ཅན་གྱི་བུད་མེད་སྒྱུ་རྩལ་བ་ནས། གྷི་ལིན་ཧྥི་ལན་Gillian Flynnགྱི་བརྩམས་སྒྲུང་། ཡལ་ཟིན་པའི་དགའ་རོགས།Gone Girlནང་གི་སྨྱོ་ནད་ཕོག་པའི་ཨཱེ་མི་Amyཡི་བར། དེ་ནས་ཧཱེ་ལུན་ཝོ་ཞིའི་Helen Walshལཱེན་མུང་ནགས་ཚལ་Lemon Groveནང་གི་ཟུར་ཉར་དགའ་རོགས་ཅཱན་བར། བརྩམས་སྒྲུང་འབྲི་མཁན་ཚོས་ཐོག་མཐའ་བར་གསུམ་དུ་བུ་མོ་སྡུག་ཆག་ལ་བསྐུལ་སློང་དང་། བུད་མེད་སྡུག་ཆག་དང་བུད་མེད་ལ་རྒོལ་བའི་རྣམ་པ་ཞིག་ལ་བསྐུལ་འདེད་གཏོང་གི་ཡོད། དེར་བརྟེན། ལཱོ་ཞིའི་དར་སྲོལ་དེ་ནི་ཅཱན་Jennལས་ལྷག་པ་ཡོང་སྲིད་པ་ཞིག་རེད།

 

གཅིག་བྱས་ན་མི་ཚོས་ཨཱན་ཉི་བོ་རང་ཐིས་བྲིས་པའི་མི་སྣའི་ཐོག་དོ་སྣང་བྱ་བར་ཁ་ཕྱོགས་སྲིད། ཨཱན་ཉི་ནི་རྒྱུན་དུ་གཅེན་མོའི་གྲིབ་གཟུགས་འོག་ཏུ་འཚོ་བཞིན་ཡོད། འོན་ཀྱང་མོ་ནི་ཁྱིམ་ཚང་གི་བུད་མེད་དགེ་རྒན་འབྲི་བཀོད་ཀྱིས་མི་ཚེའི་རིན་ཐང་མངོན་འགྱུར་ཡོང་ཐབས་བྱེད་མཁན་ཐོག་མ་རེད། དེབ་དེ་ནི་ཨཱན་གྷི་ཟི་གྷི་རི།Agnes Greyཞེས་པ་དེ་རེད། མོའི་བརྩམས་ཆོས་གཉིས་པ། ཧཱེ་ཨེར་ཊི་ཚང་གི་མགྲོན་པོ། ཞེས་པ་དེའང་གཅིག་མཚུངས་ཀྱི་རྣོ་ངར་ལྡན་པ་ཞིག་ཡིན། བུད་མེད་གཙོ་བོ་མི་སྣ་ཧཱེ་ལུན་གྷི་ཧམ་Helen Grahamགཉེན་བསྒྲིག་གི་བཙོན་འོག་ནས་བྲོས་ཤིང་རང་དབང་གི་འཚོ་བ་ཞིག་བསྐྲུན་ཡོད། ཞཱ་ལོ་ཐིས་དེབ་འདི་ལ་མི་དགའ་བ་ཙམ་མ་ཟད། ཨཱན་ཉི་ཤི་རྗེས་ཀྱང་མོའི་ཧུར་བརྩོན་ཆེས་ཆེན་པོའི་སྒོ་ནས་དེབ་དེར་གཉའ་གནོན་མུ་མཐུད་བྱས། འོན་ཀྱང་མོ་མཆོག་རིང་ལུགས་པས་དེབ་དེའི་རིན་ཐང་གི་ཕྱོགས་གཞན་ཞིག་མཐོང་ཡོད་ལ། སཱམ་བ་ཁིས་Sam Bakerཉེ་སྔོན་མོའི་བྲོས་བྱོལ་དུ་འགྲོ་བཞིན་པའི་བུད་མེད། ཅེས་པའི་ཞེ་སྣང་ཚ་བའི་བརྩམས་སྒྲུང་ནང་སྤྱང་གྲུང་འཛོམས་པའི་སྒོ་ནས་རྒྱུ་རྐྱེན་འདི་འདྲེས་བཅུག་ནས་གཡུལ་སའི་པར་པ་ཞིག་ཡཱོ་ཁེ་ཞེར་གབ་བསྡད་པའི་སྐོར་བཤད་ཡོད་པ་རེད།

 

འདིའང་བཱོ་རང་ཐིའི་སྨྱུ་གུའི་འོག་གི་བུད་མེད་གཙོ་བོ་མི་སྣ་ད་བར་དགའ་བསུ་ཐོབ་པའི་རྒྱུ་རྐྱེན་ཞིག་རེད། ཁོ་ཚོ་ཐོག་མཐའ་བར་གསུམ་དུ་ལེགས་བྲིས་བྱས་པ་ཡིན། ང་ཚོས་སོ་སོའི་ངོས་ནས་བུད་མེད་དེ་དག་ལ་ཚོར་བ་ཅི་ཞིག་ཡིན་མིན་གསལ་པོར་ངོས་འཛིན་མི་ཐུབ་མོད། དེར་བརྟེན་རྒྱུན་མཐུད་མེད་པར་བརྩམས་སྒྲུང་ལ་བཀླགས་ཏེ་ཐབས་ལམ་མི་འདྲ་བའི་སྒོ་ནས་འགྲེལ་བརྗོད་ཡོང་ཐབས་བྱེད། ཡིན་ཡང་བརྩམས་ཆོས་འདི་དག་གི་གསོན་ཤུགས་ནི་ཧ་ཅང་ནུས་ལྡན་ཡིན་ཞིང་མི་རྣམས་ཀྱིས་རྒྱུན་ཆད་མེད་པར་བཅོས་འབྲིའང་བྱེད་ཆོག ཨཱིན་ཇིའི་བུད་མེད་རྩོམ་པ་པོ་ཆཱོང་ལི་ཟིས་ཅཱེན་ཨེའི་ནང་གལ་ཟླ་ཡིས་ཁེངས་ཡོད་པར་ངོས་འཛིན་བྱེད། མཐའ་ཡས་རྒྱ་མཚོ་Wide Sargasso Seaཞེས་པའི་བརྩམས་ཆོས་སུ་མོས་ལྟ་ཕྱོགས་བསྒྱུར་བཅོས་ཀྱིས་ཐོག་ཁའི་བུད་མེད་སྨྱོན་མ་དེ་གཙོ་བོ་མི་སྣར་བྲིས། ན་ནིང་ལོར་ངས་ཨཱེ་ལི་སུན་ཁ་སིའི་Alison Caseབྲིས་པའི་ནཱེ་ལི་ཏན་Nelly Deanཀློག་སྐབས་ཧ་ཅང་སེམས་འགུལ་ཐེབས་བྱུང་། མོས་དྲག་ཏུ་འཕྱུར་བའི་རི་གྲོང་། ནང་གི་ཁྱིམ་བདག་དེ་དེབ་ཀྱི་གཙོ་བོ་མི་སྣར་འབྲི་བཀོས་བྱས། ཐཱ་སི་ཆེ་ཝུ་ལའི་Tracy Chevalierབརྩམས་སྒྲུང་ཐུང་གྲས་ཕྱོགས་བསྒྲིགས་དེབ། ཀློག་པ་པོ། ང་ཁོའི་མནའ་མར་སོང་བ་ཡིན།Reader I Married Himཞེས་པའི་ནང་དོན་མང་པོར་བཅོས་བསྒྱུར་བཏང་ཡོད། དེབ་ནང་གི་རྩོམ་པ་པོ་ ༢༡ གིས་ཅཱེན་གྱི་ཆེས་སྐད་གྲགས་ཡོད་པའི་ཚིག་བརྗོད་འདིར་དཔྱོད་ལན་བྲིས་ཡོད་པ་རེད།

 

གལ་ཏེ་བཱོ་རང་ཐིའི་རྩོམ་ནང་གི་མི་སྣ་ཚང་མ་ཁ་རུ་ཁ་ཐུག་གི་གཤིས་ཀ་རྐྱང་རྐྱང་ཡིན་ན། དེ་ནས་འདི་ལྟ་བུའི་བརྩམས་ཆོས་ལ་དགའ་མཁན་གྱི་ཧ་ལས་པའི་བརྩམས་སྒྲུང་ཡོང་མི་སྲིད་པ་རེད། དེ་དག་གིས་ང་ཚོར་ཐེ་ཚོམས་སྐྱེ་བཅུག་ལ་དོ་དབྱིངས་ཀྱང་སླེབས་ཀྱི་ཡོད་པར་བརྟེན། ང་ཚོས་དེ་དག་འཇུས་ནས་གློད་འདོད་མེད་པ་རེད།

 

ཡ་མཚན་ཅན་གྱི་སྤུན་ཡ་མ་གསུམ།

 

 

བཱོ་རང་ཐིའི་སྤུན་ཡ་མ་གསུམ་ནི་མ་གཞི་རྩོམ་གྱི་གཙོ་བོ་མི་སྣ་རེད། ཅཱན་ཁེ་ཞི་དང་ཧཱེ་ལུན། དེའང་དོན་དངོས་འཚོ་བའི་ནང་གི་ཞཱ་ལོ་ཐི། ཨཱེ་མི་ལི་དང་ཨཱན་ནི་བཅས་ཡིན། ཨཱི་ཙ་པེ་ཐི་གྷ་སི་ཁིས་Elizabeth Gaskell༡༨༥༥ ལོར་ཞཱ་ལོ་ཐིའི་མི་ཚེའི་ལོ་རྒྱུས་བྲིས་རྗེས། ཞཱ་ལོ་ཐི་དང་མོའི་སྤུན་ཡ་མ་ཚོའང་དེ་དག་གིས་བྲིས་པའི་གཙོ་བོ་མི་སྣ་ནང་བཞིན་གསོན་ཉམས་དོད་པོ་ཡོད།

 

དེ་བས་ཨཱ་ལོ་ཐི་ཡིན་ཡང་དེ་སྔོན་མོས་ལོ་རྒྱུས་ཐོག་ལ་མིང་གྲགས་བཞག་གི་ཡིན་ཞེས་བཤད་མྱོང་མཁན་འདིས་ད་ལྟ་ཡིན་ཡང་ལོ་རེར་མི་གྲངས་ཁྲི་བདུན་ཙམ་གྱིས་མོའི་སྡོད་གནས་རྙིང་པར་ལྟ་བསྐོར་ཡོང་བ་དང་། དེར་དོ་སྣང་བྱེད་པ། བརྩིས་བསྐུར་དང་དད་འདུན་བཅང་པའི་སྒོ་ནས་ཤེལ་སྒྲོམ་ནང་བཞག་པའི་མོའི་རྐང་ཤུབ་རིང་མོར་བལྟས་ཏེ་རྐང་པ་ཆུང་ཆུང་འདི་འདྲ་རེད་འདུག་ཅེས་བཤད་བཞིན་པའི་ ( ལྟ་བསྐོར་བས་རྐང་ཤུབ་ཐོག་གི་ལྷན་པར་ལྟ་འདོད་ཆེན་པོ་རེད། ) གནས་སྟངས་འདི་བསམ་ཡུལ་ལས་འདས་སྲིད་པ་ཞིག་ཡིན། ང་དེ་སྔོན་མཱི་སོ་རི་Missouriནས་ཡོང་བའི་ལྕམ་ཞིག་གིས། ཡང་ན་བཟའ་ཚོ་ཡིན་པ་གཉིས་ཀྱིས་ཕན་ཚུན་ལག་འཇུ་བྱེད་དེ་ཉཱི་ཧོང་ཡི་གེས་བྲིས་པའི་ཁ་ཕྱོགས་སྟོན་བྱེད་ཀྱི་ཤིང་ལེབ་ཀྱིས་མཚོན་པའི་ཁ་ཕྱོགས་སམ་བཱོ་རང་ཐིའི་འབབ་ཆུ་Brontëwaterfallཟེར་བའི་ཕྱོགས་ལ་འགྲོ་བཞིན་ཡོད། ཅེས་བཤད་པ་གོ དེང་འདིར་བརྙན་པར་ལེན་མཁན་གྱི་དཔུང་ཁག་ཅིག་ཞཱ་ལོ་ཐི་དེ་སྔོན་འཚར་ལོང་བྱུང་སའི་ས་རྒོད་ཐོག་སྤྱོད་བཞིན་ཆོས་དཔོན་སྡོད་སའི་ཁང་དབྱིབས་ཤིག་ཀྱང་བརྩེགས་བཞིན་ཡོད། ཡིན་ཡང་ང་ནི་ཁཱེ་ལེ་Keighleyགསར་འགྱུར་དྲ་ལམ་ཐོག་ནས་ལས་གཞི་འདིའི་འཕེལ་ཕྱོགས་ལ་དོ་སྣང་བྱེད་མཁན་ཁོ་ན་དེ་མིན།

ཐཱེ་ཊི་ཧོ་གྷི་སིས་Ted Hughesབུད་མེད་དེ་དག་དང་། དེ་ཚོའི་བུད་མེད་གཙོ་བོ་མི་སྣར་འབོད་ཀྱི་ཡོད། དེ་དག་ནི་ད་ལྟ་ཡིན་ཡང་མིའི་དབང་པོ་ཅིག་ཅར་འཕྲོག་ཐུབ་མཁན་གྱི་མི་སྣ་དག་ཡིན།

 

ཡིན་ཡང་དེང་རབས་བརྩམས་སྒྲུང་ནང་གི་བུད་མེད་གཙོ་བོ་མི་སྣ་དེ་དག་ང་ཚོས་ལོ་ཉིས་བརྒྱའི་རྗེས་སུའང་ཀློག་སྲིད་པ་རེད་དམ། ངས་ང་ཚོས་ཟཱི་ཊི་ཧྥུན་ཉི་མི་ཡར་Stephenie Meyerགྱི་མཚན་ལྗོངས་ཀྱི་གྲོང་ཁྱེར།Twilightཞེས་པའི་ནང་གི་མི་སྣ་ཨཱི་ཟ་པེལ་སི་ཝང་Bella Swanལ་དགའ་སྲིད་པར་ངོས་འཛིན་བྱེད་ཀྱི་མེད།

 

ཨཱི་ཟ་པེལ་ཆེས་དགའ་ཤོས་ཀྱི་བརྩམས་སྒྲུང་ནི་དྲག་ཏུ་འཕྱུར་བའི་རི་གྲོང་ཞེས་པ་དེ་རེད། འོན་ཀྱང་མོའི་ཁྲག་འཇིབ་མཁན་གྱི་དགའ་རོགས་དེས་མོའི་དེབ་འདི་ལ་ཁྱོན་ནས་དགའ་པོ་མེད། ཁོ་ལ་མཚོན་ན། དེབ་ནང་གི་མི་སྣ་དེ་དག་ནི་ཆེས་འཇིགས་སུ་རུང་ཞིང་། དེ་དག་གིས་ཕན་ཚུན་དབར་གྱི་འཚོ་བ་གཏོར་བརླག་གཏོང་བཞིན་པར་བཤད། ( ཁོ་རང་སོ་སོའམ་ངེས་པར་དུ་བཤད་དགོས་པ་ཞིག་ལ། ཁོ་ནི་མང་པོ་དང་འཆམ་མི་ཐུབ་མཁན་ཞིག་ཡིན། ) མཚན་ལྗོངས་ཀྱི་གྲོང་ཁྱེར། ནང་གི་ཕོ་མོ་གསུམ་དབར་གྱི་བརྩེ་བ་དེ་མང་ཆེར་ཁཱེ་ཞིའི་སྐྱེས་པ་གཉིས་དབར་གྱི་རྙོང་གླེང་ནས་བྱུང་བའི་དྲན་བསྐུལ་ཡིན། འོན་ཀྱང་ཁཱེ་ཞི་ནི་དེ་དང་མི་འདྲ། པཱེ་ལ་ནི་ལྐུགས་འཚུབ་འཚུབ་ཀྱི་མི་ཞིག་རེད།

 

དྲག་ཏུ་འཕྱུར་བའི་རི་གྲོང་གི་གྲིབ་གཟུགས་གཞན་ཡང་སུའུ་ཙན་ཁོ་ལོན་སིའི་Suzanne Collinsལྟོགས་སྐོམ་གྱི་འཁྲབ་སྟོན།Hunger Gamesཞེས་པའི་ལེའུ་གསུམ་ནས་འཚོལ་ཐུབ། ཁཱེ་ཐི་ཉི་སི་དབྱི་ཧྥུ་ཊན་Katniss Everdeenནི་རྟོག་པའི་འཇིག་རྟེན་གྱི་མ་འོངས་པར་འཚོ་མཁན་ཞིག་རེད། དེར་ཡོད་པའི་ཕྲུ་གུ་ནི་མ་ཤི་བར་དུ་ཐད་གཏོང་གི་གློག་བརྙན་དུ་འཐབ་མཁན་ཞིག་དགོས། མོ་རང་གིས་སྐྱེས་པ་གཉིས་དབར་གྱི་གདམ་ཁའམ། གྲོ་བསྲེག་བག་ལེབ་བཟོ་མཁན་པཱི་ཊ་Peetaདང་། (དེ་སྔོན་གྱི་མི་སྣ་འདི་ཨཱེ་ཊི་ཀར་Edgarདང་འདྲ་པོ་རེད། ) ངོ་ལོག་པའི་རྔོན་པ་ཞིག་སྟེ་གྷེ་ཨར་ ( དེ་སྔོན་གྱི་མི་སྣ་འདི་ཞཱི་ལ་ཁི་ལི་ཧྥུ་དང་འདྲ་པོ་ཡོད། )གཉིས་ཡིན། ཁཱེ་ཐི་ཉི་སི་འཚོ་བརྟན་གྱི་འཐབ་རྩོད་ཀྱི་ཆེད་དུ་ཆབ་སྲིད་ཀྱི་གོ་རྟོག་སད་ཡོད་པས་མོ་རང་ནི་གདམ་ཁ་དགོས་པའི་རྙོགས་འཛིང་ཅན་གྱི་གནས་ལ་ཁ་ཕྱོགས་དགོས་པ་ཆག

 

ཁྱོད་ཀྱིས་གཅིག་བྱས་ན་དེའི་མཇུག་འབྲས་ནི་ཧ་ཅང་སྤྱི་བཏང་བར་ངོས་འཛིན་བྱེད་ན་ཆོག་མོད། ཁྱོད་ཀྱིས་ཁཱེ་ཐི་ཉི་སིས་ལུགས་ཐུན་གྱི་གདམ་ཁ་བྱས་མིན་སྐོར་ཡང་བཤད་ཆོག ཡང་ན་ཆབ་སྲིད་ཀྱི་གནས་ཚུལ་གླེང་ཡང་འགྲིག འདི་ལྟར་བགྲོ་གླེང་གི་ཁོར་ཡུག་མང་པོ་འབྱུང་བའི་རྒྱུ་རྐྱེན་ལ་བརྟེན་ནས་ངས་ཁཱེ་ཐི་ཉི་སིའང་གཅིག་བྱས་ན་ནུབ་ཐབས་མེད་པའི་བུད་མེད་གཙོ་བོ་མི་སྣ་ཞིག་ཏུ་ཆག་ཆོག་པར་ངོས་འཛིན་བྱེད་ཀྱི་ཡོད།

 

ཧྥོ་ཀི་ཉི་ཡ་ཨཱོ་ཧྥུ་ཡིས་ཞཱ་ལོ་ཐི་བོ་ལང་ཐི་ནི་གནའ་སྲོལ་གྱི་རང་གཤིས་ངར་མའི་ཚོར་བ་རྣོ་ངར་ཅན་གྱིས་བསྐུལ་འདེད་འོག་ནས་ལམ་སང་རྩོམ་འབྲི་བྱེད་པ་ལས། དོན་དངོས་འཕེལ་ཕྱོགས་ཀྱི་གོ་རིམ་ལ་བརྩི་འཇོག་དང་སེམས་ལྷོད་ལ་འབབ་སྟེ་ལྟ་ཞིབ་བྱེད་པའི་རྩོམ་པ་པོ་ཞིག་མ་རེད། ཧ་ཅང་གི་ཚོར་བ་རྣོ་ཞིང་ཕྱེད་གསལ་མི་གསལ་བའི་གནས་སྟངས་དང་གཞན་འགག་སྒོ་ཆུང་ཙག་རིགས་ལ་རྒོལ་བ། སྤྱི་བཏང་མི་དང་ཁོ་ཚོའི་རོགས་པའི་རྒྱུན་གཏན་གྱི་འཚོ་བའི་འགུལ་སྤྱོད་ལས་བརྒལ་བ། བཤད་པར་དཀའ་བའི་ཚོར་བ་རྣོ་པོ་དེ་དག་གསལ་བརྗོད་བྱེད་པ། ཞེས་པར་ངོས་འཛིན་བྱེད་མཁན་གྲལ་ཡིན།

 

མོའི་སོ་སོའི་བརྩམས་སྒྲུང་ནང་ཨཱོ་ཧྥུས་མེ་སྒྲོན་གྱི་རྫོང་མཁར་To the Lighthouseཞེས་པ་ལྟ་བུའི་ལཱི་ལི་བར་སོ་Lily Briscoe( ལྟ་སྲུང་བ་གཞན་ཞིག་ཡིན། ) ལྟ་བུའི་གཙོ་བོ་མི་སྣ་འབྲི་བཀོད་བྱེད་སྲིད། མི་སྣ་དེས་དབང་ཆའི་ཁེ་བཟང་འཚོལ་ཐུབ་པ་བྱུང་ཞིང་། སོ་སོའི་བརྩེ་ཚོར་ལའང་ངོས་ལེན་བྱེད། བསྲན་ཐབས་མེད་པའི་ཚོར་བ་དེ་དག་ཤོག་བུའི་ཐོག་གསལ་ལམ་མེར་མངོན་ནས་ཡོད་པ་རེད། གཅིག་བྱས་ན་དེ་ནི་གཙོ་བོ་མི་སྣ་རྒྱུན་རིང་ནང་མུ་མཐུད་གསོན་ཉམས་དོད་པོའི་སྒོ་ནས་གནས་ཐུབ་པའི་རྒྱུ་མཚན་ཡང་ཡིན་སྲིད་པ་རེད། བུད་མེད་མི་སྣ་དེ་དག་གིས་ང་ཚོས་དེ་སྔོན་བཙན་རྫོང་དུ་བཅུག་པའི་བརྩེ་བ་དང་ཚོར་འདུ་ངོ་མ་དེ་དག་ཡང་བསྐྱར་མཐོང་ཐུབ་པའང་བྱུང་ཡོད་སྲིད་པ་རེད།

 

མ་རྩོམ་འབྲེལ་ཐག

http://www.bbc.com/ukchina/simp/vert_cul/2016/04/160428_vert_cul_the-greatest-heroines-of-all-time


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -