ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

16.04.2016 02:12:36
གངས་དཀར་སེམས།

རེ་ཐག་ཆད་པའི་རྒྱ་གར་གྱི་ཁྱིམ་བདག་མ། གསར་འགྱུར་སྤེལ་གསལ་ལྟར་ན། རྒྱ་གར་གྱི་ཁྱིམ་བདག་མ་མང་པོ་རེ་ཐག་ཆད་ནས་རང་ཤི་རྒྱག་གི་ཡོད་ཅིང་། འདིའི་སྐོར་གྱི་དོན་རྐྱེན་ནི་གཅིག་རྗེས་གཉིས་མཐུད་ཀྱིས་འབྱུང་བཞིན་པ་རེད།


 ༢༠༡༤ ལོར་རྒྱ་གར་གྱི་ཁྱིམ་བདག་མ་ཁྲི་གཉིས་ལྷག་གིས་རང་ཤི་བརྒྱབ། ལོ་དེར་རྒྱ་གར་གྱི་ཞིང་པ་ ༥༦༥༠ ཡིས་རང་ཤི་བརྒྱབ་ཡོད། འདི་ལྟར་བལྟས་ཡོང་དུས། རྒྱ་གར་གྱི་ཁྱིམ་བདག་མ་རང་ཤི་བརྒྱབ་པའི་གྲངས་ཀ་དེ་ཞིང་པ་རང་ཤི་བརྒྱབ་པའི་གྲངས་ལས་བརྒྱ་ཆ་ ༢༥༠ མཐོའམ་བརྒལ་ཞིང་བུད་མེད་རང་ཤི་རྒྱག་པའི་གྲངས་འབོར་ལས་བརྒྱ་ཆ་ ༤༧ གྱིས་མང་། འོན་ཀྱང་ཁྱིམ་བདག་མ་རང་ཤི་རྒྱག་པའི་གནས་སྟངས་འདི་ཞིང་པ་རང་ཤི་རྒྱག་པ་ཇི་བཞིན་ལོ་ལྟར་གྱི་ནང་གསར་འགྱུར་དུ་མངོན་མཚན་ཆེ་བའི་གནད་དོན་ཞིག་ཆགས་ཀྱི་མེད་པ་རེད།

 དོན་དངོས་ཐོག ༡༩༩༧ ལོར་རྒྱ་གར་གཞུང་གི་ཉེས་བསགས་ཟིན་བྲིས་སྡེ་ཚན་ NCRB ཞེས་པས་གྱོད་དོན་ལ་ཞིབ་བཤེར་ཆོག་པའི་དུས་ནས་བཟུང་རྒྱ་གར་དུ་ཁྱིམ་བདག་མ་ཁྲི་གཉིས་ལྷག་རང་ཤི་བརྒྱབ་ཀྱི་ཡོད་འདུག ༢༠༠༩ ལོར་གྲངས་ཀ་དེ་རྩེ་མོར་སོན་ནས་བསྡོམས་གྲངས་ ༢༥༠༩༢ ལ་ཟིན་ཡོད་པ་རེད། ༡༩༩༧ ལོ་ནས་བཟུང་བསྡུར་ཚད་ལྟར་ན་མི་གྲངས་བསྡོམས་འབོར་ ༡༠’༠༠༠༠༠ ནང་ནས་ཁྱིམ་བདག་མ་རང་ཤི་རྒྱག་མཁན་ ༡༡ རེ་ཡོང་གི་ཡོད་ཅིང་བསྡོམས་འབོར་ཀྱི་བསྡུར་ཚད་ལས་བརྒལ་ཡོད། ༢༠༡༤ ལོར་གྲངས་ཀ་དེ་ ༩་༣ ཙམ་མར་ཆག་ཡོད་ཀྱང་ལོ་དེའི་རང་ཤི་རྒྱག་མཁན་གྱི་བསྡུར་ཚད་ལས་ལྡབ་གཉིས་ལྷག་ཡར་འཕར་ཡོད་པ་རེད།

 

དོ་སྣང་ཆུང་སྐྱོན།

མངའ་སྡེ་མི་འདྲ་བའི་བར་ལའང་ཁྱིམ་བདག་མ་རང་ཤི་རྒྱག་པའི་བསྡུར་ཚད་ཀྱང་མི་འདྲ། གྲངས་ཀ་འདི་ནི་དཔེར་ན་ ༢༠༡༡ ལོར་མཱ་ཧ་ར་ཞི་ཏ་Maharashtra མངའ་སྡེ་དང་། མཱ་ཊི་ཡ།Madhya Pradesh ཁཱེ་རི་ལ།Kerala ཀཱ་ན་ཊ་ཀ།Karnataka ཨཱན་ཊ་ར།Andhra Pradesh གྷོ་ཝ།Goa ནུབ་བྷེན་གྷོལ།West Bengal གུའུ་ཅི་ར་ཐི།Gujarat པཱན་ཅ་བི།Punjab ཨུའུ་ཊ་པར་ཏི་ཞི།Uttar Pradesh བཱིས་ཧར་ Bihar མངའ་སྡེ་བཅས་ལས་ཅུང་ཉུང་བ་ཡོད།

 ཕཱིས་ཊར་མ་ཡེ་ Peter Mayer ཡིས་ཨཱ་ཏི་ལེའི་སློབ་ཆེན་དུ་ཆབ་སྲིད་རིག་པའི་སློབ་ཚན་འཁྲིད་ཀྱི་ཡོད། ཁོས་དུས་ཚོད་མང་པོར་བཏང་ནས་རྒྱ་གར་དུ་རང་ཤི་རྒྱག་པའི་སྤྱི་ཚོགས་ཀྱི་གནས་སྟངས་འདིར་ཞིབ་འཇུག་བྱས་ཡོད། ཁོ་རང་རྒྱ་གར་གྱི་ཁྱིམ་བདག་མ་རང་ཤི་རྒྱག་མཁན་གྱི་བསྡུར་ཚད་འདི་ལྟར་མཐོན་པོ་ཡིན་པ་དང་། གསར་ལམ་ཁག་ནས་ཀྱང་དེར་དོ་སྣང་འདི་འདྲ་ཉུང་བའི་སྐོར་ལ་ཧང་སང་བཞིན་ཡོད། ཕཱིས་ཊར་མ་ཡེས། ནུབ་ཕྱོགས་སྤྱི་ཚོགས་ཀྱིས་ཞིབ་འཇུག་བྱས་རྗེས་གཉེན་བསྒྲིག་འདི་ཡིས་ཆང་ས་བརྒྱབ་ཚར་བའི་བུད་མེད་རྣམས་རང་ཤི་ལས་སྲུང་སྐྱོར་ཐུབ། ཅེས་གསལ། དེས་ཆང་ས་རྒྱབ་ཟིན་མཁན་རང་ཤི་རྒྱག་སྲིད་པའི་ཉེན་ཁ་སྔར་བས་ཉུང་བའི་སྐོར་བཤད་ཡོད། དཔེར་ན་ཨ་རི་དང་ཨཱོ་ཟི་ཁྲུ་ལི་ཡར་རྟག་དཔྱད་བྱས་པར་ཆང་ས་ཟིན་པའི་མི་ཚོགས་རང་ཤི་རྒྱག་པའི་བསྡུར་ཚད་དེ་ལོ་མཉམ་གྱི་མིའི་ནང་ངམ་གཞན་ལས་ཉུང་བ་ཡོད་པ་གསལ་ཡོད།

 

 རྒྱ་གར་ནི་དཔེ་མཚོན་དམིགས་བསལ་བ་རེད། དཔེར་ན་༢༠༠༡ ལོར་རང་ཤི་རྒྱག་མཁན་གྱི་ནང་ཆང་ས་རྒྱག་ཟིན་པ་དེ་བརྒྱ་ཆ་ ༧༠ ཙམ་ཟིན་ཡོད་པ་རེད། ༢༠༡༢ ལོར་གསོ་རིག་དུས་དེབ་གཙགས་གྲི ཞེས་པའི་ཐོག་ཞིབ་འཇུག་གི་གྲུབ་དོན་རྩོམ་ཞིག་སྤེལ་བའི་ནང་རྒྱ་གར་དུ་རང་ལོ་ ༡༥ ཡས་ཟིན་མཁན་རང་ཤི་རྒྱག་པའི་བསྡུར་ཚད་ནི་རྒྱལ་ནང་ལོ་མཉམ་གྱི་མི་ཚོགས་ལས་ལྡབ་ ༢་༥ ལས་བརྒལ་ཡོད་པ་རེད། ཆང་ས་རྒྱག་ཟིན་པའི་བུད་མེད་ཀྱང་དེའི་ནང་ཚུད་ཡོད། དེ་སྔོན་རྒྱ་གར་གྱི་རང་ཤི་རྒྱག་མཁན་དང་སྤྱི་ཚོགས། ཅེས་པའི་དེབ་ནང་ཕཱིས་ཊར་མ་ཡེས་དང་ཁོའི་ལས་རོགས་ཟཱི་ཊི་ཝུན་ Della Steen གཉིས་ཀྱིས་ཕྱོགས་ཡོངས་ནས་བལྟས་ན་རང་ཤི་རྒྱག་པའི་ཉེན་ཁ་དེ་ཆང་ས་གྲུབ་རྗེས་ཀྱི་ལོ་བཅུའམ་ཉི་ཤུའི་རྗེས་སུ་ཆད་མཐོ་རུ་སོང་བ་དང་། དེའང་རང་ལོ་ ༣༠ ནས་ ༤༥ ཡི་ལོ་ཚད་ཅན་གྱི་བུད་མེད་ནང་འབྱུང་གི་ཡོད་པ་མཐོང་ཐུབ་ཡོད་པ་རེད།

 

ཁོས་ད་དུང་ང་ཚོས་བུད་མེད་རྣམས་ཡི་གེ་ལྟ་ཀློག་གི་ནུས་པའམ་གསར་ལམ་ཁག་ལ་རྒྱུས་ལོན་བྱེད་པའི་སྤུས་ཚད། དེ་བཞིན་ཁྱིམ་ཚང་གི་ཁྱབ་རྒྱ་སྔར་བས་ཆུང་བ་སོགས་ནི་བུད་མེད་སོ་སོས་ཐག་གཅོད་ཀྱི་དབང་ཆའི་དམིགས་ཚད་ཅིག་ལ་ལྟ་ཆོག འདི་དག་ཚང་མ་ལོ་ཚད་འདིའི་རིགས་ཀྱི་བུད་མེད་རང་ཤི་རྒྱག་པའི་བསྡུར་ཚད་མཐོ་བའི་དབར་འབྲེལ་བ་ཡོད་པ་རེད། ཅེས་བཤད།

 གཞན་ཡང་ཞིབ་འཇུག་པས་སྲོལ་རྒྱུན་ཞེས་འབོད་སྲོལ་ཡོད་པའི་ལམ་ལུགས་ཀྱི་མངའ་སྡེ་འགའ་ཤས་ནང་ཁྱིམ་བདག་མ་རང་ཤི་རྒྱག་མཁན་གྱི་བསྡུར་ཚད་ཉུང་ཤོས་ཡིན་སྐོར་བཤད་ཡོད་པ་དང་། ས་ཁུལ་འདིའི་རིགས་ཀྱི་ཁྱིམ་ཚང་ཁོར་ཡུག་གི་རྒྱ་ཁྱོན་ནི་སྔར་བས་ཆེ་བ་ཡོད་པའང་བཤད་ཡོད་པ་རེད།

 

སྤུས་ཚད་འགྱུར་ལྡོག་ཡོང་རེ། ཟེར་བའི་སྐོར།

ཕཱིས་ཊར་མ་ཡེས་ང་ལ་བཤད་དོན། ཁོས་བསམ་པར་ཁྱིམ་བདག་མ་རང་ཤི་རྒྱག་པའི་བསྡུར་ཚད་འདི་ནི་དེང་རྒྱ་གར་ནི་ཁྱིམ་ཚང་རང་བཞིན་གྱི་སྤྱི་ཚོགས་ལ་འགྱུར་ལྡོག་ཅིག་འགྲོ་བཞིན་པ། ཞེས་པ་དང་འབྲེལ་བ་ཡོད། གནད་དོན་དེའི་ལྟ་བའི་རྒྱུ་རྐྱེན་ཞིག་ནི་སྤྱི་ཚོགས་ཐོག་གི་ངོ་བོའམ་དམིགས་བསལ་དུ་ཆང་ས་ཟིན་པའི་བུད་མེད་ཚོའི་སྤྱི་ཚོགས་ཀྱི་ངོ་བོར་འགྱུར་ལྡོག་འགྲོ་བཞིན་པ་འདི་ཡིན་པ་ནི་ཧ་ཅང་གལ་ཆེན་ཞིག་རེད། ཅེས་བཤད་བྱུང་།

 

 གཉེན་བསྒྲིག་ཟིན་པའི་བུད་མེད་དང་བཟའ་ཟླའི་དབར། ཕ་མའི་དབར་གྱི་འགལ་ཟླ། སློབ་གསོའི་སྤུས་ཚད་ཧ་ཅང་དམའ་བའི་བཟའ་ཟླའི་ཨ་མ་རྒད་མོ་དང་སློབ་གསོའི་ཚད་གཞི་སྔར་བའི་མཐོ་བའམ་ཁ་ལ་མི་ཉན་མཁན་གྱི་མནའ་མའི་དབར་གྱི་འབྲེལ་བ་བཅས་ཀྱིས་ཀྱང་འགལ་ཟླའི་གནད་དོན་འདི་བྱུང་བའི་རྒྱུ་རྐྱེན་ཆགས་ཡོད་པ་རེད།

 

ཀྱོན་ནེ་མོ་ལེས་ Joanne Moller ཞིབ་འཇུག་བྱས་པ་བརྒྱུད་ཤེས་ཡོན་སློབ་གསོ་ཐོབ་མྱོང་བའི་མནའ་མས་སྔར་བས་སོ་སོའི་བཟའ་ཟླའི་དབར་སྲ་བརྟན་གྱི་མཐུན་ལམ་ཞིག་འཛུགས་སླ་ཞིང་། སོ་སོའི་བཟའ་ཟླར་ཁ་བརྡ་བརྒྱུད་ཁྱོ་གས་ཕ་མ་དང་ཁ་བྲལ་ཏེ་སོ་སོ་ལྟེ་བར་གྱུར་བའི་ཁྱིམ་ཚང་ཆུང་ཆུང་བཟུང་བར་རེ་ལྟོས་བྱེད་སྲིད་པའི་སྐོར་ཤེས་གསལ་བྱུང་ཡོད།

 

 འབུམ་རམས་པ་སྐུ་ཞབས་ཝེ་ཁམ་པ་ཊལ་ Dr Vikram Patel ནི་སེམས་ཁམས་རིག་པའི་སྨན་པ་གྲགས་ཅན་ཞིག་དང་། དེ་བཞིན་ལཱོན་ཊོན་འཕྲོད་བསྟེན་དང་ཚ་བ་ཆེ་བའི་ས་ཁུལ་གསོ་རིག་ཁང་གི་སློབ་དཔོན་ཞིག་ཡིན། ཁོས་ང་ལ་བཤད་དོན། རྒྱ་གར་གྱི་ཁྱིམ་བདག་མས་རང་ཤི་རྒྱག་པའི་བསྡུར་ཚད་འདི་ཧ་ཅང་མཐོ་བའི་རྒྱུ་རྐྱེན་ནི་ཕོ་མོ་དབྱེ་འབྱེད་དང་བུད་མེད་ལ་མཐོང་ཆུང་ལས་བྱུང་བར་ངོས་འཛིན་ཆོག་པའི་སྐོར་ཡང་བཤད་བྱུང་། ཁོས། བུད་མེད་མང་པོ་ཕ་མ་སྤུན་ཉེའི་བཙན་གྱིས་གཉེན་བསྒྲིག་དགོས་པའི་གནས་སྟངས་ལ་ཁ་ཕྱོགས་དགོས། བུད་མེད་དེ་དག་མི་ཚེའི་རྨི་ལམ་དང་ཕུག་བསམ་ཡོད། འོན་ཀྱང་སོ་སོར་རྒྱབ་སྐྱོར་བྱེད་མཁན་གྱི་བཟའ་ཟླ་ཞིག་འཚོལ་ཐུབ་ཀྱི་མེད་པ་རེད། སྐབས་འགར་ཁོ་ཚོར་སོ་སོའི་ཕ་མའི་རྒྱབ་སྐྱོར་ཡང་རག་གི་མེད་པ་རེད། བུད་མེད་འདི་དག་ཧ་ཅང་དཀའ་ཚེགས་ཆེ་བའི་སྒྲོམ་གཞི་དང་སྤྱི་ཚོགས་ཀྱི་ཁོར་ཡུག་ཅིག་ཏུ་བཙུད་ཡོད་པ་རེད། འདི་འདྲ་བྱས་པའི་མཇུག་འབྲས་ནི། སོ་སོའི་བཟའ་ཟླའི་དབར་འཆར་ཡན་དང་ཡིད་ཆས། བརྩེ་ཚོར་མེད་པའི་གནས་སྟངས་འདི་དག་ཡོངས་ཀྱིས་རང་ཤི་རྒྱག་པའི་རིགས་ཀྱི་སྐྱོ་གར་ཐོན་པར་བསྐུལ་འདེད་གཏོང་གི་ཡོད་པ་རེད།

 གཞན་ཡང་རྨ་ཁར་ཚ་སྦྱིན་པ་ཟེར་བ་ལྟར་གྱི་རྒྱུ་རྐྱེན་གཅིག་ནི། སེམས་ལ་གཉའ་གནོན་གྱི་སེམས་ངལ་ཅན་གྱི་ན་ཚ་ཕོག་མཁན་རྣམས་ལ་སེམས་ཁམས་སྨན་པའི་ནད་བཅོས་དང་དེ་འབྲེལ་གྱི་རོགས་རམ་ཉུང་བས་ཡིན། ད་དུང་སེམས་ཁམས་ཀྱི་ནད་པའི་རིགས་ལ་སྤྱི་ཚོགས་ཀྱི་མཐོང་ཆུང་བྱེད་ཀྱི་ཡོད་པས་ཀྱང་རེད། ཅེས་བཤད།

 

 ཆང་སའི་སྐབས་རྒྱུ་ནོར་རྫང་དགོས་པ།

གནད་དོན་གཞན་ཞིག་ནི། ཞིང་པ་རང་ཤི་རྒྱག་མཁན་ཚོར་མི་མང་ཆེར་གྱིས་དོ་སྣང་བྱུང་ཡོད་པ་ནི་འགྲིག་པ་ཞིག་ལོས་ཡིན། འོན་ཀྱང་གསར་ལམ་ཁག་ནས་ཁྱིམ་བདག་མ་རང་ཤི་རྒྱག་པའི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་འདི་ལ་མ་མཐོང་མདོག་བྱེད་དགོས་དོན་གང་ཡིན་ནམ། ཕཱིས་ཊར་མ་ཡེས་གལ་ཏེ་རྒྱ་གར་གསར་ལམ་ནས་བུད་མེད་རང་ཤི་རྒྱག་པའི་སྐོར་གྱི་གསར་འགྱུར་སྤེལ་ཡོད་པའི་དབང་དུ་བཏང་ཡང་། མང་ཆེར་ནི་བཟའ་ཟླའི་ཕ་མས་མནའ་མར་མནར་གཅོད་བཏང་བའམ། གཉེན་བསྒྲིག་སྐབས་ཀྱི་རྒྱུ་དངོས་བརྫངས་སྟངས་སྐོར་དང་འབྲེལ་བའི་རྙོག་འཛིང་བྱུང་སྐོར་གསལ་ཡོད་པ་རེད། ཡིན་ཡང་འདི་ནི་གནད་དོན་དེའི་ཁྱོན་ཡོངས་ཀྱི་གནས་སྟངས་མིན་པ་གསལ་པོ་རེད།

 ཀཱ་པ་ན་ཤར་མ་ Kalpana Sharm ནི་ཞིབ་འཇུག་པའམ་གསར་འགོད་པ་གཅིག་ཅོག་ཡིན། མོས་དེའི་སྐོར་གསར་འགྱུར་སྤེལ་བ་ཉུང་བ་དེ་ནི་རྒྱ་གར་གྱི་གསར་ལམ་ཁག་ནས་ཕོ་མོར་འདྲ་མཉམ་གྱི་ལྟ་བ་འཛིན་གྱི་མེད་པ་དང་། དེ་བས་བུད་མེད་དང་འབྲེལ་བའི་གནད་དོན་འདི་དག་མ་མཐོང་མདོག་བྱེད་ཀྱི་ཡོད་པ་རེད། ཅེས་བཤད། མོས་དོན་སྙིང་ག་གེ་མོའི་ཐོག་ནས་གནད་དོན་འདིར་ལྟས་ན། འདི་ནི་བུད་མེད་ལ་ཞེ་མེར་བ་ལས་ཧ་ཅང་ཚབ་ཆེ་བའི་གནས་སྟངས་ཤིག་རེད། བུད་མེད་དང་འབྲེལ་བའི་བརྗོད་གཞིའི་སྐོར་བགྲོ་གླེང་དང་རྟོག་དཔྱོད་ཞན་པ། གསར་འགྱུར་ཁག་ནས་དེ་བས་འདི་ནི་གནད་དོན་ཞིག་ཡིན་པ་མཐོང་མ་ཐུབ་པ་རེད། ཅེས་བཤད།

 རྒྱ་གར་གྱི་རེ་ཐག་ཆད་པའི་ཁྱིམ་བདག་མའི་མྱོང་བ་འདི་ལ་ཞིབ་འཇུག་དང་ཕྱི་གསལ་ནང་གསལ་དགོས་རྒྱུ་ནི་ཧ་ཅང་གལ་ཆེ།

 

མ་རྩོམ་འབྲེལ་ཐག

http://www.bbc.com/zhongwen/simp/fooc/2016/04/160415_fooc_indian_housewife?SThisFB


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -