ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

14.04.2016 21:21:33
གངས་དཀར་སེམས།

གཤིས་ཀ་ཡག་པོ་མེད་མཁན་ཚོས་ཚུར་ཉོན།

གཤིས་ཀ་ཡག་པོ་མེད་པ་དང་། སྐད་ཆ་བཤད་མི་ཤེས་མཁན་ཚོར་ཕུལ། ངས་རྩོམ་འདི་བལྟས་ཚར་རྗེས་སེམས་འགུལ་ཆེན་པོ་ཐེབས་བྱུང་།


 

 

ཁྱོད་རང་སྤྱང་གྲུང་དང་འབྱོར་ཕྱུག དབང་ཆ་ཆེན་པོ་ཇི་འདྲ་ཞིག་ཡིན་ཡང་ཁོང་ཁྲོ་ལང་སྐབས་ཀྱི་དུས་ཡུན་དེར་ཁྱོད་ཀྱི་བློ་གྲོས་ཀྱི་ཚད་གཞི་དེ་ནི་སྟོང་ཆ་རེད། སྐར་མ་གཅིག་གི་རྗེས་སུ་ཁྱོད་རང་སྔར་བཞིན་ལུགས་མཐུན་ལ་ཆགས་ཀྱི་ཡོད་པ་རེད།

སེམས་ལ་ངེས་དགོས་པ་ཞིག་སྟེ། ཁོང་ཁྲོ་ལང་བཞིན་པའི་སྐབས་སུ་གནས་ཚུལ་གང་ཡིན་ཡང་རྩ་བ་ནས་ཐག་མ་གཅོད་ན་ལེགས།

མིའི་ཡིད་དུ་འོང་པའི་ཕྱོགས་ཤིག་ནི་སོ་སོའི་ཚོར་འདུར་བཟོད་བསྲན་ཐུབ་པ་དེ་ཡིན། སྐད་ཆས་གཞན་ལ་རྨས་སྐྱོན་བཏང་བ་ནི་ཆེས་ལྐུགས་རྟགས་ཀྱི་བྱ་སྤྱོད་ཅིག་རེད།


ང་ཚོར་རང་དབང་མེད་པ་དེ་ནི་རྒྱུན་གཏན་ལྟར་ན་སོ་སོའི་སེམས་ནང་གི་བདེ་བ་མེད་པའི་ཚོར་བས་སྣེ་འཁྲིད་བྱེད་ཀྱི་ཡོད་པ་དེ་ཡིན། ངེས་དགོས་པ་ནི། སོ་སོའི་ཚོར་འདུ་ངན་པར་ཚོད་འཛིན་ཐུབ་མཁན་ནི་གྲོང་ཁྱེར་ཞིག་དབང་བསྒྱུར་ཐུབ་མཁན་ལས་ཀྱང་ནུས་ཤུགས་ཆེ་བ་ཡིན། རྒྱ་མཚོ་འཁྱིལ་ནས་ཡོད་པ་ཇི་བཞིན་སྨྲ་བརྗོད་བཙུན་ན་རིན་ཐང་ཆེ།


ང་ཚོས་ལོ་གཉིས་རིང་སྐད་ཆ་བཤད་སྟངས་སྐོར་སྦྱོང་ཞིང་། ལོ་བཅུ་བེད་སྤྱོད་དེ་ཇི་ལྟར་ཁ་བཙུམ་ནས་བསྡད་དགོས་པའི་སྐོར་སྦྱོང་དགོས་ཀྱི་ཡོད། སེམས་ལ་ངེས་དགོས་པ་ཞིག་སྟེ། སྐད་ཆ་བཤད་པ་ནི་ནུས་པ་ཞིག་ཡིན་ཡང་། ཁ་བཙུམ་དགོས་དུས་བཙུམ་ནས་བསྡད་པ་དེ་ནི་བློ་གྲོས་ཤིག་རེད།


གཅིག བྲེལ་འཚུབ་ཆེ་བའི་གནས་ཚུལ་ག་ལེར་ཤོད།


བྲེལ་འཚུབ་ཆེ་བའི་གནས་སྟངས་དང་འཕྲད་དུས་གལ་ལེར་སེམས་ལྷོད་དེ་བསམ་བློ་གཏོང་ཐུབ་པ་དང་། དེ་ནས་འཚབ་འཚུབ་མེད་པའི་སྒོ་ནས་གནས་ཚུལ་གསལ་པོར་བཤད་ཐུབ་ན། ཉན་མཁན་ལ་ཁྱོད་ནི་ནན་ཏན་ཅན་ཞིག་ལས་ཚོར་འདུ་འབར་སླ་བ་ཞིག་མིན་པའི་ཤུགས་རྐྱེན་བཞག་སྟེ་གཞན་གྱི་ཡིད་ཆས་ཐོབ་སླ་བ་ཡོད་པ་རེད།


གཉིས། གནས་ཚུལ་ཆུང་ཙག་རིགས་རྩེད་མཚར་གྱི་སྒོ་ནས་ཤོད།


དམིགས་བསལ་དུ་བཟང་སེམས་ཀྱི་ཉེན་བརྡ་དེ་དག་རྩེད་མཚར་གྱི་སྒོ་ནས་བཤད་ན་ཉན་མཁན་ངོས་ནས་ཀྱང་དེར་སུན་སྣང་དང་ལྟ་བ་མཁྲེགས་པོ་ཚོར་མི་སྲིད། ཕ་རོལ་པོས་ཁྱོད་ཀྱི་ཉེན་བརྡར་ལས་སྟབས་བདེའི་སྒོ་ནས་ཉན་ཐུབ་པ་མ་ཟད། ད་དུང་ཁྱོད་གཉིས་དབར་གྱི་ཕན་ཚུན་མཛའ་བརྩེའང་དོ་ནན་དུ་འགྱུར་སྲིད་པ་རེད།


གསུམ། གཏན་གཏན་མེད་པའི་གནས་ཚུལ་དོ་ནན་ངང་ཤོད།


སོ་སོས་སེམས་ལ་གཏན་གཏན་མེད་པའི་གནས་ཚུལ་རིགས་ལ་ཁྱོད་ཀྱིས་སྐད་ཆ་མ་བཤད་ན་གཞན་གྱིས་ཁྱོད་ནི་གཡོ་རྫུས་ཅན་དུ་མཐོང་སྲིད་པས། དེས་ན་གལ་ཏེ་ཁྱོད་ཀྱིས་དེར་ཚིག་བརྗོད་ནན་ཏན་གྱི་སྒོ་ནས་བཤད་ཐུབ་ན་གཞན་གྱིས་ཁྱོད་ནི་ཡིད་ཆས་འོས་པའི་མི་ཞིག་ཡིན་པ་བཟོ་ཐུབ།


བཞི། གནས་ཚུལ་མ་བྱུང་བ་ལ་གང་བྱུང་མ་བཤད།


མི་རྣམས་དོན་མེད་ཀྱིས་ཟིང་སློང་མཁན་མི་དེ་འདྲ་ལ་ཧ་ཅང་མི་དགའ་བ་ཡིན། གལ་ཏེ་ཁྱོད་ཀྱིས་བྱུང་མྱོང་མེད་པའི་གནས་ཚུལ་ཞིག་ལ་གང་བྱུང་མང་བྱུང་ངམ་ཡང་ན་རྫུན་བཤད་མ་མྱོང་པ་ཡིན་ན། གཞན་གྱིས་ཁྱོད་ནི་མི་འཐུས་ཚང་དང་སྤུས་ཚད་དང་ལྡན་པ། གནས་ཚུལ་གང་ཡིན་ཡང་ནན་ཏན་དང་འགན་འཁྱེར་བའི་སྒོ་ནས་བྱེད་མཁན་ཞིག་ཡིན་པ་མཐོང་ཐུབ།


ལྔ། མི་ཐུབ་པའི་བྱ་བར་གང་བྱུང་མ་བཤད།


གཏམ་དཔེ་ལ། རང་གི་རུམ་ལ་གང་ཡོད་མེད་ལ་གཞིགས་ཏེ་ལྟ་བཞིན་བྱོས། ཟེར་བ་ལྟར། སོ་སོས་བྱེད་མི་ཐུབ་པའི་བྱ་བར་ལས་སྟབས་བདེའི་སྒོ་ནས་ཁེས་ལེན་གང་བྱུང་མ་བྱེད། དེ་འདྲ་བྱས་ན་གཞན་གྱིས་ཁྱོད་ནི་ཁ་བཤད་ལག་ལེན་དུ་བསྟར་མཁན་ཡིན་པར་ངོས་འཛིན་གྱིས་ཁྱོད་ལ་ཡིད་ཆས་བྱེད་ཀྱི་རེད།


དྲུག མི་ལ་ཕོག་ཐུག་འགྲོ་བའི་སྐད་ཆ་མ་ཤོད།


གང་བྱུང་གིས་གཞན་ལ་ཕོག་ཐུག་འགྲོ་བའི་སྐད་ཆ་མ་ཤོད། དམིགས་བསལ་དུ་སོ་སོ་དང་ཐག་ཉེ་སར་གནས་པའི་མིའི་དབར་ཕན་ཚུན་ཕོག་ཐུག་འགྲོ་བའི་སྐད་ཆ་བཤད་རྒྱུ་མེད། དེས་ཁྱོད་ཀྱི་སེམས་བཟང་རྒྱུན་ཉར་ཐུབ་ཅིང་གཞན་དབར་འབྲེལ་མཐུད་དང་མཛའ་བརྩེ་མཐོར་འདེགས་བྱེད་ཐུབ་ཀྱི་རེད།


བདུན། མི་ཐུག་ཚད་ལ་སེམས་སྐྱོ་དགོས་པའི་གནས་ཚུལ་མ་ཤོད།


མི་ཡིན་པའི་ཚུན་ཆད་སེམས་པ་སྐྱོ་སྐབས་གཞན་ལ་སྡུག་ཡུས་བགྲང་བསམ་པའི་ཚོར་བ་ཞིག་སྐྱེ་བཞིན་ཡོད། འོན་ཀྱང་ཁྱོད་ཀྱིས་མི་ཐུག་ཚད་ལ་རང་སེམས་ཀྱི་སྐྱོ་གནས་བཤད་བསྡད་ན་ཕ་རོལ་པོར་སེམས་ཀྱི་སུན་སྣང་ཆེན་པོ་ཆགས་སྲིད་ཅིང་། ཁྱོད་ལ་དོགས་པའམ་ཁྱོད་དང་སེམས་ཐག་རིང་དུ་འགྲོ་སྲིད་པ་དུས་མཚུངས་སུ་གཞན་ལ་བསམ་བློ་ཁྱོན་ནས་མི་གཏོང་བར་སོ་སོའི་སྡུག་ངལ་དེ་གཞན་ལ་འགེལ་ཐབས་བྱེད་པའི་རྣམ་པ་ཐོན་སྲིད།


བརྒྱད། གཞན་གྱི་གནས་ཚུལ་སྐོར་གཟབ་ནན་གྱིས་ཤོད།


མི་དང་མིའི་དབར་བདེ་འཇགས་ཀྱི་བར་སྟོང་ཞིག་དགོས་ཀྱི་ཡོད། གཞན་གྱི་གནས་ཚུལ་ལས་སྟབས་བདེ་དང་རྒྱུད་བསྒྲགས་མ་བྱེད། དེ་འདྲ་བྱས་ན་གཞན་དང་འགྲོག་འབྲེལ་སྐབས་བདེ་འཇགས་ཀྱི་ཚོར་བ་ཞིག་བསྐྲུན་ཐུབ།


དགུ སོ་སོའི་གནས་ཚུལ་སྐོར་གཞན་གྱིས་ཇི་ལྟར་བཤད་མིན་ལ་ཉོན།


སོ་སོའི་གནས་ཚུལ་སྐོར་གཞན་གྱི་ལྟ་སྟངས་ལ་མང་ཙམ་ཉན་དགོས། དེ་འདྲ་བྱས་ན་ཕྱོགས་གཅིག་ནས་གཞན་ལ་ཁེངས་སྐྱུང་གི་རྣམ་པ་སྐྲུན་ཐུབ་ཅིང་། ཕྱོགས་གཞན་ནས་ཁྱོད་ནི་རྒྱུ་འབྲས་སྲུང་མཁན་ཞིག་ལ་ཚོར་ཐུབ་ཀྱི་རེད།


བཅུ། རྒན་རབས་ཀྱི་གནས་ཚུལ་སྐོར་མང་ཙམ་ཉོན། ཉུང་ཙམ་ཤོད།


རྒན་རབས་རྣམས་ནི་རྒྱུན་གཏན་ལྟར་གཞོན་སྐྱེས་ཚོས་ཁོང་ཚོར་དཔྱད་གཏམ་མང་པོ་བཤད་པར་དགའ་པོ་མེད་མཁན་གྲལ་ཡིན། གལ་ཏེ་གཞོན་ནུ་ཚོས་མང་པོ་བཤད་ན། ཁོང་ཚོས་ཁྱོད་ནི་རྒན་རབས་ཚོར་བརྩི་བཀུར་མི་ཤེས་ལ་ཁེངས་སྐྱུང་ཡང་མི་འཇོན་མཁན་ཞིག་ལ་མཐོང་སྲིད།


བཅུ་གཅིག བཟའ་ཚང་དབར་གྱི་གནས་ཚུལ་ཕན་ཚུན་དབར་གྲོས་བསྡུར་གྱིས་ཤོད།


བཟའ་ཚང་དབར་གནས་ཚུལ་འབྱུང་མ་ཐག་གཅིག་གིས་གཅིག་ལ་ཉེས་འདོགས་དང་འཁང་ར་བྱེད་རྒྱུ་དེ་ཡིན། འོན་ཀྱང་ཁྱོད་ཀྱིས་དེ་བས་ཕན་ཚུན་དབར་གྲོས་བསྡུར་གྱིས་གནས་ཚུལ་ཐག་གཅོད་ཡོང་ཐབས་བྱེད་པ་དེ་ནི་བརྩེ་ཚོར་མཉམ་འདྲེས་ཀྱི་གྲུབ་འབྲས་ཐོན་ཐུབ་ཅིང་བཟའ་ཚང་དབར་གྱི་བརྩེ་དུང་ལའང་ཤུགས་གནོན་རྒྱག་ཐུབ་ཀྱི་ཡོད་པ་རེད།


བཅུ་གཉིས། ཕྲུ་གུའི་གནས་ཚུལ་ལ་སྣེ་ཤེན་བྱེད་བཞིན་ཤོད།


དམིགས་བསལ་དུ་གཞོན་ནུའི་ལོ་ན་ཟིན་པ་ཚོ་ནི་མི་རྒན་པར་ངོ་རྒོལ་ཧ་ཅང་བྱེད་སླ་བར་བརྟེན། ཁྱོད་ཀྱིས་ཞི་ལྷོད་དང་སྲ་བརྟན་འགྱུར་མེད་ཀྱི་རྣམ་འགྱུར་ཐོག་ནས་དེ་དག་ལ་སྣེ་ཤེན་བྱས་ན། གཞོན་ནུ་ཕྲུ་གུ་ཚོས་ཁྱོད་ལ་སེམས་ཐག་ཉེ་རུ་ཆགས་ཐུབ་པ་ཙམ་མ་ཟད། གཞོན་སྐྱེས་ཚོ་ཁྱོད་ཀྱི་གྲོགས་པོའམ་གྲོགས་མོ་བྱེད་འདོད་ཅིང་། ཁྱོད་དང་གྲོགས་པོ་ཆགས་ནས་ཁྱོད་ཀྱི་བསླབ་བྱ་ལའང་ཉན་འཇོག་ཡོང་ཐུབ།



མ་རྩོམ་འབྲེལ་ཐག

http://www.how01.com/post_4734.html

 


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -