ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

08.04.2016 23:22:54
གངས་དཀར་སེམས།

མོ་རང་ནི་འཛམ་གླིང་འདིའི་མཛེས་མ་ཨང་དང་པོ་རེད།

མོ་ནི་ཡ་མཚན་ཅན་གྱི་བུད་མེད་ཅིག་ཀྱང་རེད། མོ་རང་ལོ་ ༤༠ སོན་སྐབས་སྐྲན་ནད་ན་ཞིང་། དེ་ནས་བཟུང་དུས་རབས་ཕྱེད་ལྷག་ཏུ་ཆུ་འདི་འདྲ་ཞིག་འཐུང་བ་དང་། བདེ་ཐང་ངང་ལོ་ ༡༠༦ ལ་འཚོ་ནས་བསྡད་ཡོད་པ་རེད།


 

 

སཱོང་མེ་ལིང་།

宋美齡

ནི་ ༡༨༩༧ ལོར་སྐྱེས་ཤིང་ ༢༠༠༣ ལོར་འདས། མོའི་མི་ཚེ་དེ་དུས་རབས་གསུམ་ཙམ་བརྒྱུད་དེ་རྒྱ་རིགས་ནང་གི་ཡ་མཚན་མི་སྣ་ཞིག་ཀྱང་ཡིན་ཆོག ༡༩༤༩ ལོར་ཨ་རིའི་སྒྱུ་རྩལ་མཁས་དབང་མཐུན་ཚོགས་ནས་སཱོང་མེ་ལིང་འཛམ་གླིང་ཡོངས་ཀྱི་མཛེས་མ་བཅུའི་ནང་གི་གྲལ་དུ་གདམས་ཐོན་བྱས་པ་མ་ཟད། དེའི་ནང་གི་ཨང་དང་པོ་དེ་ཡིན།

 

 

ཆབ་སྲིད་ཚོགས་པའི་གནས་ཚུལ་ཕྱོགས་དེ་བཞག་ནས་བལྟས་ན་མོ་རང་ནི་སྤྱི་བཏང་མིན་པའི་ནུས་ཤུགས་ལྡན་པའི་མི་སྣ་ཞིག་ངོ་མ་རེད། མོ་ཨ་རིའི་རྒྱལ་ཚོགས་སུ་གཏམ་བཤད་སྤེལ་མཁན་གྱི་རྒྱ་རིགས་ཐོག་མ་དེ་ཡིན་ལ། བསྟུད་མར་ལོ་བཅུའི་ནང་ཨ་རིའི་དུས་དེབ་ནང་ཆེས་སྙན་གྲགས་ཆེ་བའི་བུད་མེད་བཅུའི་ནང་དུ་གདམས་ཐོན་བྱུང་ཡོད་པ་རེད

 

མོས་རྒྱལ་ཁབ་དྲུག་གི་སྐད་ཤེས་ལ། མོ་ནི་མཛེས་ཉམས་དང་ཡིད་དུ་འོང་བ། སྤྱང་གྲུང་ལྡན་པའི་ཤར་ཕྱོགས་བུད་མེད་ཀྱི་རྣམ་པའི་ཐོག་ནས་སྐབས་དེའི་འཛམ་གླིང་མི་མང་གི་མིག་མདུན་མངོན་བཞིན་ཡོད་པ་རེད།

 

སཱོང་མེ་ལིང་གི་མཛེས་སྡུག་ནི་མི་ཚོས་རྒྱུན་དུ་ངོས་ལེན་ཡོད་པ་ཞིག་རེད། དུས་ཚོད་མང་ཆེར་ནང་མོ་ནི་མཛེས་སྡུག་ལ་དགའ་ཞེན་དང་རྒྱ་ནག་སྲོལ་རྒྱུན་ལུགས་ཀྱི་གྱོན་ཆས་གོན་འདོད་ཆེ་བའི་ཤར་ཕྱོགས་ཀྱི་བུད་མེད་ཅིག་རེད། མཛེས་སྡུག་ལ་དགའ་བ་ནི་བུད་མེད་ཡོངས་ཀྱི་དམིགས་བསལ་གྱི་དབང་ཆ་ཞིག་ཡིན་པ་འདྲ། མཛེས་སྡུག་རྒྱུན་འཁྱོང་བྱེད་པ་དེའང་བུད་མེད་ཚོས་བརྩོན་ལེན་བྱ་ཡུལ་ཡིན།

 

ཡ་མཚན་ཅན་གྱི་བུད་མེད་འདི་ནི་དེ་བས་ཀྱང་དེ་ལྟར་ཡིན། རང་ལོ་ ༤༠ སྐབས་སུ་མོ་ལ་འོ་མའི་སྐྲན་ནད་ཅིག་ཕོག་པས་ལྟ་བ་མངོན་ཐོན་ཅན་གྱི་བུད་མེད་འདིས་ན་ཚ་དེར་བཤག་བཅོས་ལམ་ནས་འོ་མ་བཀོག་རྒྱུར་གདམ་ཁ་བྱས། མོའི་ཨ་རིར་ཡོད་པའི་སྒེར་གྱི་སྨན་པ་དེས་མོ་རང་གིས་གཟུགས་པོའི་གནས་སྟངས་ལ་འགྱུར་བ་གཏོང་སྟེ་རྒྱུ་མའི་བདེ་ཐང་དང་འཕྲོད་བསྟེན་སྐོར་དོ་སྣང་དགོས་པར་བཤད། དུས་དེ་ནས་བཟུང་མོས་སྐྱུར་འབྲས་ lemon གྱི་ཁུ་བ་འཐུང་རྒྱུ་འགོ་བརྩམས།

 

ཚང་མས་ཡིད་གཟབ་དགོས་པ་ཞིག་ལ། ང་སྨྱོ་མེད། རེད། སྐྱུར་འབྲས་ནི་སྐྱུར་མོ་རེད། འོན་ཀྱང་སྐྱུར་འབྲས་ནི་དོན་ངོ་མ་ཚ་ལྡན་གྱི་ཟས་རིགས་སུ་རྟོགས། སྐྱུར་འབྲས་ནང་སྐྱུར་རྩི་མང་ཡང་དེས་མིའི་གཟུགས་པོའི་ནང་དུ་རྙིག་དོར་བཅུད་ལེན་གྱིས་ནག་རྫས་འབར་རླངས་དང་ཆུ་འབྱུང་ཐུབ། ནག་རྫས་འབར་རླངས་ཁ་དེ་དག་དབུགས་བརྒྱུད་གཟུགས་པོའི་ཕྱིར་དོན་པ་དུས་མཚུངས་སུ་སྐྱུར་རྩིའི་རིགས་ཀྱང་མེད་པར་ཆག་གི་ཡོད། དེ་བས་སྐྱུར་འབྲས་ནང་རྫས་ལྕགས་རིགས་ཁམས་རྫས་སྡུག་སེལ་དཀར་པོ་དང་། དཀར་རྫས་བཅས་གློག་ལྡན་ལྡུལ་ཕྲན་རིགས་ནི་ལྕགས་རིགས་གློག་ལྡན་ཕྲ་ལྡུལ་གྱི་རྣམ་པའི་སྒོ་ནས་གཟུགས་པོའི་ནང་གནས་ཀྱི་ཡོད། ལྕགས་རིགས་གློག་ལྡུལ་ཕྲ་ལྡུལ་འདི་དག་ཚང་མ་སྐྱུར་རྩིའི་ལྕགས་རིགས་དང་མཉམ་དུ་འབྲེལ་ནས་གཅིན་པའི་གཤེར་ཁུའི་ནང་གི་སྐྱུར་རྩི་ཉུང་དུ་གཏོང་ཐུབ། དེར་བརྟེན། སྐྱུར་འབྲས་འདིར་ཚ་ལྡན་གྱི་ཟས་རིགས་ཅེས་འབོད།

 

 

སྤྱི་བཏང་གི་ཆ་ནས་བཤད་ན། སྐྱུར་འབྲས་ཀྱི་ཁུ་བའི་ནང་སྦྲང་རྩི་བླུགས་སྲོལ་ཡོད། ཚང་མས་སྦྲང་རྩིའི་ནང་རྒྱུ་མ་གཙང་མ་བཟོ་རྒྱུ་དང་དྲི་ཆེན་དོར་སླ་བའི་ཕན་ནུས་ཡོད་པ་ཤེས་ཀྱི་ཡོད་པ་མ་ཟད། དེ་བས་སྐྱུར་འབྲས་རང་ངོས་ལའང་ཕོ་བའི་ནང་གི་ཟས་ཞུ་བདེ་ཞིང་བདེ་ཐང་ཡོང་བའི་ནུས་པ་ཡོད་དེ། ཕོ་བའི་ཁུ་བ་སྙིག་དོར་བཅུད་ལེན་དང་། རྒྱུ་མར་གཙང་བཟོ་བྱེད་པར་ཕན་རོགས་བྱེད་ལ། བཙོག་པ་ཤོར་དཀའ་བ་དང་། ཟས་རིགས་ཞུ་ཁག་པོ། སྙིང་ལ་དྲོད་ཆེ་ཞིང་གྲོད་ཁོག་གམ་ལྟོ་བ་སྦོས་པ་བཅས་ཀྱི་ནད་རྟགས་ལ་སྔོན་འགོག་ཐུབ་ཀྱི་ཡོད།

 

མིའི་རྒྱུ་མ་ནི་གཟུགས་པོའི་ནང་ཆེས་རིང་ཤོས་ཀྱི་ནང་ཁྲོལ་ཞིག་རེད། ཟས་རིགས་རྒྱུ་མའི་ནང་ལུས་པའི་དུས་ཚོད་ནི་རིང་ཤོས་རེད། འོན་ཀྱང་ཟས་རིགས་རྒྱུ་མའི་ནང་དུས་ཡུན་རིང་དྲག་ན་ཟས་རིགས་རྒྱུ་མའི་ནང་རུལ་འགྲོ་བའི་ཉེན་ཁ་ཡོད་པ་མ་ཟད། དེ་བས་རྒྱུ་མས་ཟས་རུལ་དེའི་རིགས་ནས་བཅུད་ལེན་ཐེངས་གཉིས་པའམ་བྱེད་སྲིད། དེའང་རྒྱུ་མའི་ནང་གི་ཟས་རིགས་རུལ་པ་དེ་དག་གི་དུག་རིགས་བཅུད་ལེན་ཚུལ་ནས་འཇུ་བར་གོ་དགོས། དེ་འདྲ་བྱས་ན་མིའི་ངོ་གདོང་ལ་མདང་ཉམས་པ། ལིང་གཅིག་ལ་ཤ་འཁེབས་གྱོན་པ་མ་ཟད། ད་དུང་མིའི་གཟུགས་པོའི་བདེ་ཐང་ལའང་གནོད་ཀྱི་ཡོད་པ་རེད།

 

སཱོང་མེ་ལིང་རང་ལོ་ ༤༠ རྗེས་ནས་བཟུང་སྐྱུར་ཁུས་ལུས་པོའི་དུག་སེལ་ཞིང་བཙོག་པ་དོར་གྱི་ཡོད། དེའང་ཨ་རིའི་སྨན་པས་བཤད་པའི་སྐྱུར་ལྡན་གྱི་གཟུགས་པོར་འགྱུར་ལྡོག་གཏོང་དགོས་པ་རེད། ཅེས་པའི་དོན་ངོ་མ་འདི་རེད། དེང་གི་དེའི་སྐོར་གྱི་ཆེད་ལས་མཁས་དབང་གིས་སྐྱུར་ལྡན་དང་ཚ་ལྡན་གྱི་གཟུགས་པོའི་རང་གཤིས་ཅེས་བཤད་སྟངས་ལ་མོས་མཐུན་བྱེད་ཀྱི་མེད་ཀྱང་ཚ་ལྡན་གཟུགས་པོའི་རང་བཞིན་དེ་སྔར་བས་བདེ་ཐང་ཆེ་བའི་བཤད་སྟངས་ལའང་ངོས་ལེན་བྱེད་ཀྱི་མེད།

 

འོན་ཀྱང་མིའི་གཟུགས་པོའི་ནང་གི་རྒྱུ་མའི་དུག་རིགས་ཕྱིར་དོར་ཞིང་བཙོག་པ་དོར་བ་དེ་ནི་འགྲིག་གི་ཡོད་པ་རེད། དེས་མི་ལ་བདེ་པོ་དང་ཡང་པོ། བདེ་ཐང་འབྱུང་ཐུབ། སཱོང་མེ་ལིང་རང་ལོ་ ༦༠ དང་ ༧༠ ཙམ་ལའང་མཛེས་སྡུག་ལྡན་པ་ཞིག་ཡོད་ལ། མོ་རང་བསྡོམས་མི་ཚེའི་བགྲང་བྱ་ནི་རང་ལོ་ ༡༠༦ བསྡད་ཡོད། དེའི་རིང་མོ་རང་བདེ་ཐང་དང་བག་ལྷོད་པོའི་སྒོ་ནས་མི་ཚེ་བསྐྱེལ་ཡོད་ལ། རང་ལོ་ ༡༠༦ ལ་འདས་གྲོངས་སུ་གྱུར་དུས་ཀྱང་མོ་རང་སྐྲན་ནད་ཀྱིས་ཤི་བ་མིན་པར་རང་བྱུང་གིས་འདས་གྲོངས་སུ་གྱུར་བ་ཞིག་ཆག་ཡོད་པ་རེད།

 

བསམ་ཡུལ་ལས་འདས་པ་ཞིག་སྟེ་ཡ་མཚན་ཅན་གྱི་བུད་མེད་འདིས་དུས་རབས་ཕྱེད་ལྷག་གི་རིང་ནང་སྐྱུར་འབྲས་ཀྱི་ཁུ་བ་འཐུང་ནས་བསྡད་ཡོད་པ་འདི་རེད།

 

མ་རྩོམ་འབྲེལ་ཐག

 

http://www.how01.com/post_4605.html


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -