ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

20.03.2016 07:45:51
གངས་དཀར་སེམས།

རིག་གསར་སྐབས་རང་ཤི་བརྒྱབ་དགོས་བྱུང་བའི་རྒྱ་ནག་གི་ཤེས་ལྡན་བུད་མེད་བཅུ།
༡། ལཱིས་ཚུའེ་ཀྲིན།李翠貞
༡༩༡༠ ལོར་སྐྱེས། རྒྱ་ནག་ཧྲང་ཧེ་ནན་ཧེ་ནས་ཡིན། རིག་གནས་གསར་བརྗེའི་སྐབས་གཞན་གྱི་དམའ་འབེབས་དང་མནར་གཅོད་ཚད་བརྒལ་མྱོང༌། དམར་སྲུང་དམག་གིས་མོ་རང་ས་ལ་ཁ་སྦུབས་ལོག་ནས་མདུན་ཅོག་དང་སྒྲོག་ཙེ་བརྒལ་དགོས་པ་བཙན་བཀའ་བཏང་ཞིང༌། ད་དུང་སྣག་ཚས་མོའི་ངོ་གདོང་ནག་པོར་བཟོས། མི་གཤིས་ཀྱི་ལ་རྒྱ་ལ་སྒེར་གྱི་ཚེ་སྲོག་ལས་གཅེས་པར་འཛིན་མཁན་ལཱིས་ཚུའེ་ཀྲིན་ལ་མཚོན་ན་དམའ་འབེབས་དེ་ནི་ཤི་རྒྱུ་ལས་བཟོད་དཀའ་བར་གྱུར། ༡༩༦༦ ལོར་ཡ་རབས་དང་ལྡན་པའི་བུད་མེད་འདིས་གཞན་གྱི་དམའ་འབེབས་ལ་མ་བཟོད་པར་ཉམས་འགྱུར་དང་ལྡན་པའི་ཐོག་ནས་རང་སྲོག་གཅོད་རྒྱུའི་གདམ་ཁ་བྱས། མོས་ཆེས་མཛེས་སྡུག་ལྡན་པའི་གོས་གྱོན་ཞིང༌། ད་དུང་མཛེས་སྤྲས་ཀྱང་ལེགས་པར་བྱས་རྗེས་རླངས་ཐབ་ཁ་ཕྱེས་པ་རེད།


༢། ཡཱན་ཧུའེ་ཀྲུའུ།言慧珠
༡༩༡༩ ལོར་སྐྱེས། པེ་ཅིང་ནས་ཡིན། སོག་རིགས། མོ་ནི་པེ་ཅིང་ལུགས་དང་གནའ་སྲོལ་ཁུན་ལུགས་ཅེས་པའི་ཟློས་གར་འཁྲབ་སྟོན་པ་གྲགས་ཅན་ཡིན། ཨ་ཕའི་མིང་ལ་ཡཱན་ཅུའུ་ཕིང་ཟེར། རྒྱ་ལུགས་གནའ་སྲོལ་ཟློས་གར་འཁྲབ་སྟོན་པ་གྲགས་ཅན་མཱེ་ལན་ཧྥང་གི་དགེ་ཕྲུག་དང་ཡཱན་ཀྲིན་ཧྥེའི་བཟའ་ཟླ་བཅས་ཡིན། དམར་གཞུང་གིས་སྲིད་དབང་བཟུང་རྗེས་ཡཱན་ཧུའེ་ཀྲུའུ་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་ཟློས་གར་སློབ་གྲྭའི་སློབ་སྤྱི་གཞོན་པ་ཡིན་ལ། གཡང་ཏྲའི་དཔྱིད་ཀ་དང་ལྡུན་རའི་རྨི་ལམ་སད་པ། བཅས་ཟློས་གར་ཁག་འཁྲབ་པར་མཁས། རིག་གསར་སྐབས་རྡུང་རྡེག་དང་བཅར་རྡུང་ཚད་མེད་མྱོང༌། ལུས་སེམས་གཉིས་ལ་མནར་གཅོད་ཧ་ལས་པ་བྱུང༌། ༡༩༦༦ ཟླ་ ༩ ཚེས་ ༡༡ ཉིན་གྱི་མཚན་མོར་ཁ་ཆེམས་ཡི་གེ་ཁག་གསུམ་བསྟུད་མར་བྲིས་རྗེས་རང་ཤི་བརྒྱབ།

༣། ཀུའུ་ཧྲིན་ཡིན།顧聖嬰
༡༩༣༧ ལོར་སྐྱེས། ཅཱང་སུའུ་ཝུ་ཞི་ནས་ཡིན། ཕཱི་ཡ་ནོ་ piano རོལ་ཆས་དཀྲོལ་རྡུང་མཁན་གྲགས་ཅན། ༡༩༥༨ ལོར་ཅཱི་ནི་ཝར་ Geneva སྐབས་བཅུ་བཞི་པའི་རྒྱལ་སྤྱིའི་རོལ་དབྱངས་འགྲན་བསྡུར་ཞུགས་ཏེ་བུད་མེད་ཀྱི་ཕཱི་ཡ་ནོ་རོལ་ཆས་དཀྲོལ་རྡུང་གི་གཟེངས་རྟགས་མཐོ་ཤོས་རག ༡༩༦༠ ལོར་ཝཱ་སུའི་ Warsaw སྐབས་དྲུག་པའི་ཞཱོ་ཕན་ Chopin གྱི་ཕཱི་ནོ་རོལ་ཆས་འགྲན་བསྡུར་དུ་བསྟོད་བསྔགས་ཆེ་ཤོས་དེ་ཐོབ། ལོ་དེར་དམར་ཤོག་དབུས་རོལ་དབྱངས་སློབ་ཆེན་གྱི་སློབ་ཐོན་ལག་ཁྱེར་ཡང་རག ༡༩༦༤ ལོར་པཱེལ་ཅམ་ Belgium རྒྱལ་སྤྱིའི་ཧྥི་ནོ་འགྲན་བསྡུར་དུ་སླར་ཡང་གཟེངས་རྟགས་མཐོ་ཤོས་རག ༡༩༦༧ ཟླ་ ༡ ཚེས་ ༣༡ ཉིན་ཨ་མ་དང་གཅུང་པོ་བཅས་མཉམ་དུ་རླངས་རྫས་ཁ་ཕྱེས་ཏེ་རང་ཤི་བརྒྱབ།

༤། ཁྲིན་ལན།陳璉
༡༩༡༩ ལོར་སྐྱེས། ཀྲི་ཅང་ཚི་ཞི་ནས་ཡིན། མོ་ནི་ཅཱང་ཅེ་ཧྲིའི་ཕྱོགས་གཏོགས་མི་སྣའམ་ཤེས་ལྡན་གྱི་མིང་ཡོད་པའི་ཁྲིན་པུ་ལེའི་བུ་མོ་རེད། དམར་ཤོག་གིས་སྲིད་དབང་བཟུང་རྗེས་ཤིང་ནགས་སྡེ་ཚན་སློབ་གསོ་ཚོགས་པའི་ཚོགས་གཞོན་དང་རྒྱལ་ཡོངས་བུད་མེད་ལྷན་ཚོགས་ཀྱི་ལག་བསྟར་འཐུས་མི་བྱས་མྱོང༌། རིག་གསར་འགོ་བརྩམས་རྗེས་ངོ་ལོག་རྒྱག་མཁན་ཕྱོགས་ཀྱིས་མོ་ལ་ངོ་ལོག་པ་དང་གསང་ཉུལ་གྱི་མ་ཉེས་ཁག་གཡོག་གིས་མོའི་དམར་ཤོག་ཚོགས་མི་ནས་ཕྱི་ཕུད་གཏོང་གི་ཡིན་ལུགས་བསྒྲགས། ༡༩༦༧ ཟླ་ ༡༡ ཚེས་ ༡༩ ཉིན། རང་ལོ་ ༤༨ ལ་སོན་པའི་ཁྲིན་ལན་ཐོག་རྩེགས་བཅུ་གཅིག་ནས་མར་མཆོང་ནས་རང་ཤི་བརྒྱབ།

༥། པཱེ་ཡུའུ་ཧྲོང༌།小白玉霜
༡༩༢༢ ལོར་སྐྱེས། དེ་སྔོན་གྱི་མིང་ལ་ལཱི་ཙེ་རིན་དང་ཆུང་མིང་ལ་ཧྥུ་ཙི་ཟེར། ཕ་ཡུལ་ཧྲན་ཏུང་ནས་ཡིན། རང་ལོ་ལྔར་སོན་དུས་ལྟོ་སྐོམ་ལ་མ་བཟོད་པར་ཨ་ཕ་མཉམ་དུ་ཐཱེན་ཅིང་ནས་པེ་ཅིང་ལ་བྲོས་བྱོལ་དུ་སོང༌། ཕ་མས་མོ་རང་གསོ་མ་ཐུབ་པས་མོ་ཟློས་གར་འཁྲབ་མཁན་གྲགས་ཅན་དང་ཟློས་གར་ལུགས་གསར་ཞིག་གི་གསར་གཏོད་པའམ་འཁྲབ་སྟོན་པའི་སྒྱུ་རྩལ་བ་གྲགས་ཅན་པཱེ་ཡུའུ་ཧྲོང་སར་བུ་ཚབ་དུ་བཏང༌། པཱེ་ཡུའུ་ཧྲོང་ནི་ཟློས་གར་ལུགས་གསར་དེའི་རྒྱུད་འཛིན་པ་ཡིན་པ་དང༌། དུས་རབས་ཉི་ཤུའི་ལོ་རབས་ལྔ་ཅུའམ་དྲུག་ཅུའི་སྐབས་སུ་ཟློས་གཞུང་དེའི་གཙོ་བོའི་སྣེ་ཤེན་མི་སྣ་ཞིག་ཡིན། ༡༩༦༧ ཟླ་ ༡༢ ཚེས་ ༢༡ ཉིན་རྡུང་རྡེབས་ཚད་གཞི་བརྒལ་བར་མྱོང་ནས་གཉིད་སྨན་ཟས་ནས་རང་ཤི་བརྒྱབ། སྐབས་དེར་པཱེ་ཡུའུ་ཧྲོང་རང་ལོ་ ༤༥ ཡིན།

༦། ཡཱན་ཧྥིང་ཡིན།嚴鳳英
༡༩༡༣ ལོར་སྐྱེས། ཨན་ཧེའེ་ཐོང་ཁྲིན་ནས་ཡིན། གྲགས་ཅན་གྱི་འཁྲབ་སྟོན་མ་ཞིག་ཡིན་ལ། གཙོ་བོ་ཧཱོང་མེ་ཟློས་གཞུང་ལུགས་ཀྱི་གནམ་གྱིས་བཀོད་པའི་ཕོ་མོ་ཆ་གཅིག ཅེས་པ་དེ་འཁྲབ་སྟེ་སྐད་གྲགས་ཁྱབ། རིག་གསར་སྐབས་སྒྱུ་རྩལ་ཕྱོགས་ཀྱི་མི་སྣ་ནག་པོ། ཞེས་པའི་མིང་འོག་གཱོ་མིན་ཏང་གི་གསང་ཉུལ་ཡིན་པར་མ་ཉེས་ཁག་གཡོག་བྱས་ཏེ་ཐེངས་མང་ལ་རྡུང་རྡེག་ཟད་དགོས་བྱུང༌། ༡༩༦༨ ཟླ་ ༤ ཚེས་ ༧ ཉིན་གྱི་མཚན་མོར་རང་ཤི་བརྒྱབ་རྗེས་སྐབས་དེའི་དམག་གི་འཐུས་མིའི་ཕྱོགས་ནས་གཡོ་སྒྱུའི་དམིགས་ངན་བཅངས་པའི་འོག ཡཱན་ཧྥིང་ཡིན་གྱི་གཟུགས་པོ་དམར་ཧྲིང་ལ་ལྟ་ཆེད། མོའི་གྲོད་ཁོག་ནང་གསང་ཉུལ་དང་འབྲེལ་བ་བྱེད་ས་འཁྲུལ་ཆས་ཡོད་ལུགས་བརྗོད་དེ་ཡཱན་ཧྥིང་ཡིན་གྱི་གྱོན་ཆས་དམར་ཧྲིང་དུ་ཕུད་དེ་མོའི་གྲོད་པ་གསོན་པོར་གཤག་ནས་བསད།

༧། ཀྲང་ཆིང་ཆུའུ།張琴秋
༡༩༠༤ ལོར་སྐྱེས། སློབ་མའི་དུས་ཀྱི་མིང་ལ་ཀྲང་ཝུ་ཟེར། ཀྲང་ཆིང་ཆུའུ་ནི་དམར་ཤོག་དམར་དམག་གི་དམག་དཔོན་ཞིག་རེད། དམར་ཤོག་བཙུགས་རྗེས་མོ་རང་རས་འཐག་བཟོ་ལས་ཚན་པའི་དམར་ཤོག་ཚོགས་པའི་ཚོགས་ཆུང་གི་འགོ་གཙོ་གཞོན་པའི་གོ་གནས་བཟུང༌། ༡༩༦༨ ལོར་རྡུང་རྡེག་ཚད་བརྒལ་མྱོང་ནས་ཟླ་ ༤ ཚེས་ ༢༢ ཉིན་དམར་ཤོག་གིས་གསང་ཉུལ་ལ་ངོས་འཛིན་གསལ་པོར་བྱས་རྐྱེན་ཐོག་རྩེགས་ནས་མར་མཆོང་ནས་རང་ཤི་བརྒྱབ།

༨། ཡཱང་པིས།楊必
༡༩༢༢ ལོར་སྐྱེས། ཅཱང་སུ་ཝུ་ཞི་ནས་ཡིན། མོ་ནི་ལྕམ་ཆཱན་ཀྲོང་ཧྲུའི་བཟའ་ཟླ་མོ་ཡཱང་ཆང་གི་གཅུང་མོ་ཡིན། དེ་སྔོན་ཀྲིན་ཏན་བུ་མོའི་སློབ་གྲྭའི་རིག་གནས་དང་ས་ཁམས་སློབ་ཆེན་ནས་ཐོན་རྗེས་སློབ་གྲྭ་རང་དུ་སློབ་དགེ་བྱས། སློབ་གྲྭའི་ཚན་པར་བཅོས་བསྒྱུར་ཐེབས་རྗེས་ཧྲང་ཧེ་ཧྥུ་ཊན་སློབ་ཆེན་ཕྱི་རྒྱལ་སྐད་ཡིག་ཚན་པར་སློབ་དཔོན་གཞོན་པའི་ལས་གནས་བཟུང༌། འཛམ་གླིང་རྩོམ་རིག་གྲགས་ཅན་གྱི་བརྩམས་ཆོས་ཏེ་མིང་དང་ཁེ་ཕན་གྱི་ཁོར་ཡུག ཅེས་པ་དེ་རྒྱ་བསྒྱུར་བྱས། ༡༩༦༨ ལོར་གྲལ་རིམ་དཔུང་ཁག་གཙང་བཟོ་བྱེད་པ་ཅེས་པའི་ལས་འགུལ་དུ་རྡུང་རྡེགས་ཕོག་ནས་རང་ཤི་བརྒྱབ།

༩། ཧྲང་ཀོང་ཡུན་ཀྲུའུ།上官雲珠
༡༩༢༠ ལོར་སྐྱེས། ཅཱང་སུ་ཅང་ཡིན་ཁྲང་ཅིང་གྲོང་རྡལ་ནས་ཡིན། ཅུན་ཆན་ཁྲོ་ཆུན་ཡང་ཟེར། ཆུང་མིང་ལ་ཡཱ་ཏི་དང༌། གཞན་མིང་ལ་ཝེ་ཡ་ཅུན་བཅས་འབོད་ཀྱི་ཡོད། རྒྱ་ནག་གི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་དང༌། རྒྱ་ནག་གི་གློག་བརྙན་མཐུན་ཚོགས་ཀྱི་འཐུས་མི། ཧྲང་ཧེ་གློག་བརྙན་མཐུན་ཚོགས་ཀྱི་རྒྱུན་ལས། ཧྲང་ཧེ་གྲོང་ཁྱེར་དམར་ཤོག་སྲིད་གྲོས་ཀྱི་སྐབས་དང་པོ་དང་གཉིས་པའི་ཚོགས་མི། སྐབས་གསུམ་པ་དང་བཞི་པའི་གཏན་འཇགས་རྒྱུན་ལས། ༡༩༦༨ ལོར་ཐོག་རྩེགས་ནས་མར་མཆོང་ནས་རང་ཤི་བརྒྱབ།


༡༠། ཝུའུ་ཞོ་ཡན།吳小彥
༡༩༥༤ ལོར་སྐྱེས། དམར་ཤོག་གི་ལོ་རྒྱུས་མཁས་དབང་ཝུའུ་ཧན་གྱི་གསོས་ཁྲུག་མ། ༡༩༦༦ ལོར་ཝུའུ་ཧན་ལ་ནག་ཉེས་ཕོག་རྗེས་ཝུའུ་ཞོ་ཡན་གྱི་ཨ་མ་ཡཱོན་ཀྲིན་ངལ་རྩོལ་བསྒྱུར་བཀོད་ལ་བསྐྱེལ་ནས་རྐང་པ་གཉིས་ཀ་ཞ ཝུའུ་ཞོ་ཡན་སྐབས་དེར་རང་ལོ་ ༡༢ ལ་སོན་ཙམ་ཡིན། མོས་ཁེར་རྐྱང་གིས་ནད་པ་ཡིན་པའི་ཨ་མར་གཡོག་བྱ་དང་གཅུང་པོ་སྐྱོང་བའི་ལས་འགན་འཁྱེར་དགོས་བྱུང༌། མོ་རང་ཉེས་ཅན་པའི་བུ་རྒྱུད་ཡིན་པའི་རྐྱེན་གྱིས་འཚོ་བའི་དཀའ་ཚེགས་དང་སེམས་ཁམས་ལ་མནར་གཅོད་ཚད་གཞི་བརྒལ་བར་མྱོང༌། ༡༩༧༣ ལོར་སྨྱོ་ནད་ཚབ་ཆེན་ན། ༡༩༧༥ ལོའི་སྟོན་དུས་པེ་ཅིང་སྤྱི་བདེ་ཅུས་ཀྱིས་བཀག་ཉར་བྱས། བཀག་ཉར་ཁང་དུ་ཚད་ལས་འདས་པའི་མནར་གཅོད་མྱོང་ནས་སྨྱོ་ནད་སྡུག་ཏུ་སོང༌། མཐར་ལུས་སེམས་གཉིས་ལ་དཀའ་ངལ་ཚད་བརྒལ་མྱོང་བ་དང༌། ག་འགྲོ་འདི་འགྲོ་མེད་པར་ལུས་པས་རིག་གསར་མཇུག་མ་བསྒྲིལ་བའི་མཚན་མོ་དེར་སྨྱོ་ནད་ཁང་དུ་རང་ཤི་བརྒྱབ།

འབྲེལ་ཐག http://www.ntdtv.com/xtr/b5/2015/01/19/a1170244.html


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -