ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

05.03.2016 02:56:31
གངས་དཀར་སེམས།

ནད་ཀྱི་རྒྱལ་པོ་སྐྲན་ནད་གཞན་ལ་འགོས་སྲིད་དམ།

སྐྲན་ནད་གླེང་བ་ཙམ་གྱིས་འཇིགས་སྣང་སྐྱེ་ཡང་དེ་ལ་ཕྱོགས་གཞན་ཡང་ཡོད། གང་འདྲ་བྱས་ཀྱང་སྐྲན་ནད་སྐྱེ་འཕེལ་ཧ་ལས་པ་དེ་འགོག་ཐབས་མེད། མཇུག་ཏུ་སྐྲན་གྱིས་མིའི་ཚེ་སྲོག་འཕྲོག་གི་ཡོད། སྐྲན་ནད་ངན་རིགས་ཀྱི་ཕྲ་ཕུང་གིས་ནད་པའི་བདེ་ཐང་བཅོམ་ཞིང་སྐྲན་ནད་སྨན་པས་དེར་ཁ་གཏད་གཅོག་པའི་གོ་རིམ་དུ་སྦྱང་བ་ཚང་མ་ཤུལ་མེད་དུ་བཟོ་གི་ཡོད།


གལ་ཏེ་སྐྲན་གྱི་ཕྲ་ཕུང་དེ་གཟུགས་ཤིག་ལ་འགོས་ཐུབ་ན་སྐྲན་ནད་ལ་དབང་པོ་གཅིག་ནས་གཞན་ལ་སྤོ་ཐུབ་པའི་ནུས་པ་ལྡན་ལ། ད་དུང་གང་ཟག་འདི་ནས་གཞན་ལ་སྤོ་ཐུབ་པ་དུས་མཚུངས་ཆེས་ནུས་མཐུ་ལྡན་པའི་རྩལ་གསར་པ་ཞིག་ལའང་འགྱུར་སྲིད། འདི་ནི་ཆེས་ཛ་དྲག་གི་ཉེན་ཁ་ཞིག་ཡིན་པའི་མངོན་མཚན་གསལ་པོ་མེད་ཀྱང་། ཉེ་དུས་དཔྱད་རྩོམ་མང་པོས་མཐར་འགོས་ནད་རང་བཞིན་གྱི་འགྲོ་བ་མིའི་སྐྲན་ནད་དེ་གསོ་རིག་ཐོག་འབྱུང་སྲིད་པའི་སྐོར་བཤད་ཡོད། དེ་ནི་ནད་ཅིག་མིན་པར་དཔེར་ན་ནད་དུག་ཁྱབ་དར་གྱིས་བུ་སྣོད་སྐྲན་ནད་ཆག་པ་ལྟར་ཡིན། དེ་བས་སྐྲན་གྱི་ཕྲ་ཕུང་དེ་གང་ཟག་འདི་ནས་གཞན་ཞིག་ལ་འགོས་ཏེ་གནས་གསར་པ་དེར་སྐྱེ་འཕེལ་ཤུགས་ཆེར་འགྲོ་གི་ཡོད་པས་ཡིན།

དེང་བར་ཧ་ཅང་མཐོང་དཀོན་པའི་གནས་སྟངས་འོག་ཚུལ་དེ་དག་མཐོང་མྱོང་། ལོ་ ༡༩ ཅན་གྱི་རྫས་འགྱུར་ཚོད་ལྟ་ཁང་གི་ལས་བྱེད་དེར་རྒྱུ་མའི་སྐྲན་གྱི་ཕྲ་ཕུང་འགོས་པའི་ཁབ་ཀྱིས་རྨས་རྗེས་མོའི་ལག་པར་སྐྲན་རྡོག་ཅིག་སྐྱེས། ཕྱི་ནད་སྨན་པས་བཤག་བཅོས་བྱེད་སྐབས་གྲིས་རྨས་རྗེས་ནད་པའི་ཕྱོགས་ནས་སྐྲན་ནད་འགོས།

སྐྲན་གྱི་ཕྲ་ཕུང་མིའི་དབང་པོ་བརྗེ་བསྒྱུར་བརྒྱུད་གཞན་ལ་འགོས་པའི་དཔེ་མཚོན་ནམ། ཡང་ན་ཨ་མའི་ལུས་ནས་ཕྲུ་གུ་དམར་འབྱར་ལ་འགོས་པའི་དཔེ་མཚོན་ཡང་མང་པོ་རེད།


དཔེ་ཚང་མའི་ནང་སྐྲན་གྱི་ཕྲ་ཕུང་དེ་རྒྱུན་རིང་གསོན་ཐབས་མེད་པར་བརྟེན་ད་ལྟའི་ཆར་ཤེས་རྟོག་ཡོད་པ་ཚོ་སྔོན་འགོག་གི་སྒྲོམ་ནས་ཐར་ཏེ་ས་གཅིག་ཏུ་འགོས་བཞིན་པའི་སྐྲན་ནད་ཚང་མ་སྲོག་ཆགས་ཀྱི་ལུས་ནས་མཐོང་བ་ཞིག་ཆག་ཡོད། དཔེར་ན་ཚོད་ལྟ་ཁང་དུ་སྐྲན་ནད་ཕྲ་ཕུང་དུག་སྦྲང་བརྒྱུད་བྱི་བར་འགོས་པ་ལྟ་བུ།

མིང་སྔར་ཕྱིའི་ཁོར་ཡུག་ནས་སྐྲན་གྱི་འགོས་ནད་རིགས་གསུམ་ཙམ་ཤེས་རྟོགས་བྱུང་ཡོད་པ་དེ་དག་ནི་ཁྱིའི་རིགས་དང་། གྲུམ་པའི་རིགས། ད་དུང་སྲོག་ཆག་གཞན་ Mya གྱི་ལུས་ཐོག་བྱུང་ཞིང་། རྗེས་མ་དེ་ནི་ཉེ་དུས་ཤེས་རྟོགས་བྱུང་བ་ཞིག་ཆག་ཡོད།


ང་ཚོས་ཤེས་རྟོགས་ཐོག་མར་བྱུང་བའི་དཔེ་མཚོན་ཞིག་ནི་ཁྱིའི་རིགས་དབར་འཁྲིག་སྦྱོར་ནས་འགོས་པའི་སྐྲན་ནད་ཅིག་ཡིན་ལ། འགོས་ནད་དུག་དང་ཡང་ན་ཕྲུ་ཕུང་འགོས་རྗེས་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་པ་ཞིག་མིན། དེ་ནི་སྐྲན་གྱི་ཕྲ་ཕུང་ཐད་ཀར་ཁྱི་འདི་ནས་ཁྱི་གཞན་ལ་འགོས་པ་ཡིན། ཁཱམ་པོ་རེ་ཀྱི་སློབ་ཆེན་Cambridge གྱི་ཨན་ཊི་ར་ཟི་ཁྲར་ཁོ་ཡ་ Andrea Strakova དང་དབྱི་ཙ་པེལ་མོ་ཆི་ཟིན་Elizabeth P. Murchison གཉིས་ཀྱིས་ན་ནིང་ལོར་སྤེལ་བའི་ལུས་དང་བྲལ་ཡང་མུ་མཐུད་གསོན་བཞིན་པའི་སྐྲན་གྱི་ནད་རྟགས། ཅེས་པའི་རྩོམ་ནང་དེའི་སྐོར་གྱི་ཞིབ་འཇུག་ལ་དབྱེ་ཞིབ་ཅིག་བྱས་ཡོད། ཁྱིའི་རིགས་ཀྱི་མཚན་མ་ནས་འགོས་པའི་སྐྲན་ནད་འདིའི་རིགས་ནི་ལོ་ཁྲི་ ༡།༡ སྔོན་དུ་ཁྱིའི་ལུས་ནས་བྱུང་ཚུལ་ལ་ངོས་འཛིན་པ་མ་ཟད། སྐྲན་གྱི་ཕྲ་ཕུང་ཁེར་རྐྱང་གི་ངོ་བོའི་ཐོག་ནས་ད་བར་ཁྱབ་དར་སོང་། ནད་འདི་ཁྱིའི་ལུས་ནས་བྱུང་བ་ལས་ཞི་མི་ལྟ་བུའི་སྲོག་ཆག་གི་གཟུགས་པོ་ནས་བྱུང་མེད་པ་དེའི་རྒྱུ་མཚན་ནི་ཕལ་ཆེར་ཁྱི་གཉིས་ཆུ་ཚོད་ཕྱེད་ཙམ་རིང་གི་འཁྲིག་སྤྱོད་ནང་མཚན་མར་རྨས་སྐྱོན་ཤོར་སྟབས་སྐྲན་ནད་ཕྲ་ཕུང་དེ་རྨ་ཁ་ནས་ཕན་ཚུན་འགོས་སླ་བས་སོ།


རྒྱུན་གཏན་ལྟར་ན་སྐྲན་ནི་ལོ་འགའི་རིང་དང་ལོ་བཅུ་གྲངས་འགའི་རིང་ནང་ཐོག་མཐའ་བར་གསུམ་དུ་སྐྱེ་དངོས་ཀྱི་གཟུགས་ནང་འཕེལ་ཞིང་། གློ་བུར་འགྱུར་བ་ནས་གོ་རིམ་ངེས་ཅན་གསོག་འཇོག་གིས་གཞི་ནས་ནུས་པ་མངོན་ཐུབ། འོན་ཀྱང་ཞིབ་འཇུག་མི་སྣས་ལོ་ཁྲི་ལྷག་སྔོན་ནས་བྱུང་བའི་ཁྱིའི་རིགས་ཀྱི་སྐྲན་ནད་ཕྲ་ཕུང་དེ་བདེ་ཐང་གི་ཕྲ་ཕུང་ལྟར་འཕེལ་ཞིང་སོ་སོའི་གཟུགས་ཕུང་ཐོག་གི་ངན་པའི་རྩ་ཕུང་ལ་བཅོས་བསྒྱུར་གཏོང་ཐུབ་ཀྱི་ཡོད།


དེ་སྔོན་སྐྲན་གྱི་ཕྲ་ཕུང་རྒྱུན་དུ་ DNA ཡི་སྐྱར་གསོའི་ནུས་པ་འཕྲོག་བརླག་བཏང་ནས་མགྱོགས་མྱུར་སྐྱེ་འཕེལ་དང་སྨྱོ་ལ་ཉེ་བ་ལྟར་གྱི་གློ་བུར་བའི་འགྱུར་ལྡོག་ལ་བསྐུལ་གྱི་ཡོད། དེའི་རྒྱུད་རིམ་ཞིག་ཏུ་གནའ་བོའི་ཁྱིའི་རིགས་ཀྱི་མཚན་མས་སྐྲན་གྱི་ཕྲ་ཕུང་གིས་བྱ་འགུལ་ལ་འགྱུར་བ་བྱུང་བ་ཡིན་སྲིད། དེར་བརྟེན་སོ་སོའི་ཚེ་སྲོག་རྒྱུན་རིང་དུ་གཏོང་ཡོད།

དེ་མིན་གྱི་ཚོད་དཔག་ཅིག་ནི་སྐྲན་ནད་འདིའི་རིགས་ཀྱིས་གང་འདྲ་བྱས་མིན་མ་ཤེས་པའི་སྒོ་ནས་ཁྱིའི་རིགས་ཀྱི་འཁྲིག་སྦྱོར་བྱེད་སྟངས་འགྱུར་བ་སོང་སྟེ་ན་ཚ་འདིའི་རིགས་ཁྱབ་དར་དང་ནད་ཀྱི་ཕྲ་ཕུང་གསོན་ཐབས་ལ་སྟབས་བདེ་སྐྲུན་ཡོད།


འགོས་ནད་གཞན་ཞིག་ནི་དུས་རབས་སྔོན་གྱི་ལོ་རབས་ ༩༠ ནང་སྲོག་ཆག Tasmanian ལུས་ཐོག་བྱུང་བ་ཞིག་རེད། སྲོག་ཆགས་གཉིས་ཕན་ཚུན་གདོང་ལ་སོ་རྒྱག་སྐབས་སྐྲན་གྱི་ཕྲ་ཕུང་དེ་གཞན་ལ་བརྒྱུད་པ་ཡིན། དེར་མི་རྣམས་ཀྱི་སྙིང་རྗེ་སྐྱེ་འོས་པ་ཞིག་མཐོང་དཀའ་ཡང་སྲོག་ཆག་འདིའི་ངོ་གདོང་ཐོག་གི་ན་ཚ་དེས་སྲོག་ཆགས་རིགས་འདི་གསོན་ཐབས་ལ་ཉེན་ཁ་བཟོ་བཞིན་རྩ་མེད་ཀྱང་འགྲོ་བར་ཕྱོགས་ཡོད།


དཔེ་མཚོན་ཧ་ཅང་ཉུང་བའི་རྐྱེན་གྱིས་སྐྲན་ནད་འགོས་སྟངས་དེ་ལྡོག་ཕྱོགས་ཀྱི་རྣམ་པ་ཞིག་ལ་མཐོང་སླ་ཞིང་དེར་མཐོང་ཆེནཡང་་མི་བྱེད། འོན་ཀྱང་ན་ནིང་ཟླ་ ༡༢ པར་ཐཱ་སི་མན་ནི་ཡ་སློབ་ཆེན་དང་ཁཱམ་བུ་རེ་ཀྱི་སློབ་ཆེན་གྱི་ཚན་རིག་མཁས་དབང་ཚོས་ Proceedings of the National Academy of Sciencesཨ་རིའི་རྒྱལ་ཁབ་ཚན་རིག་ཁང་གི་ཚགས་དེབ། ཅེས་པའི་ཐོག་དཔྱད་རྩོམ་སྤེལ་བའི་ནང་གོང་གསལ་སྲོག་ཆགས་ཀྱིས་ད་དུང་སྐྲན་ནད་གཞན་ཞིག་ཁྱབ་དར་གཏོང་ཞིང་། སྔོན་དེའི་རིགས་རྒྱུད་ས་བོན་གྲུབ་པ་དང་རྦད་དེ་མི་འདྲ།


སྐྱེ་དངོས་འདིའི་རིགས་ཀྱི་ལུས་པོར་སྐྲན་འདིའི་རིགས་བྱུང་བ་དེ་ནི་ཡ་མཚན་ཡིན། ད་ཆ་དེའི་རིགས་གཉིས་ཡོད་བཤད་ཀྱི་ཡོད། དེ་འབྱུང་སྲིད་པའི་ཚད་གཞི་དེ་ཅི་ཙམ་ཡིན་ནམ།

རིག་པའི་གཞུང་ལུགས་ཤིག་གིས་སྲོག་ཆགས་འདིའི་རིགས་ཧ་ཅང་ཉམས་ཆུང་ཡིན་པར་ངོས་འཛིན་བྱེད། གནམ་གཤིས་འགྱུར་ལྡོག་གིས་རྐྱེན་པའམ་ཡང་ན་མིའི་རིགས་ཀྱིས་སྲོག་ཆགས་རྔོན་རྒྱག་པའི་རྒྱུ་རྐྱེན་ཡང་ཡིན་སྲིད། སྲོག་ཆགས་དེའི་རིགས་རྩ་མེད་འགྲོ་ཉེ་ཡོད་སྟབས་རིགས་རྒྱུན་ས་བོན་སྣ་མང་རང་བཞིན་དཀོན་པོ་ཡིན།


རྨ་ཁ་ཚབ་ཆེན་ཞིག་བརྒྱུད་ལུས་ནང་འཛུལ་བའི་སྲོག་ཆགས་དེའི་ཕྲ་ཕུང་མཐོང་སྣང་ལ་རྒྱུད་ལོན་ལྟ་བུ་སྣང་ཞིང་། དེ་བཞིན་ནད་འབུ་འགོས་ཡུལ་གྱི་སྔོན་འགོག་ལ་ལྷོད་གཡེང་ཤོར་ཡང་སྲིད། གལ་ཏེ་ཕྲ་ཕུང་འདི་དག་ནང་གདོང་གི་སྐྲན་གྱི་རྩ་བ་འགྱུར་ལྡོག་རིགས་འཁྱེར་ཡོད་ཚེ། དེ་དག་ནི་མགྱོགས་མྱུར་འགྱུར་འགྲོ་བ་དང་། སྐྲན་རིགས་གསར་པ་གཞན་ཞིག་ལ་འགྱུར་སྲིད།


འོན་ཀྱང་ཚན་རིག་པ་འདི་ཚོས་མི་རྣམས་སྔར་བས་བློ་བདེ་ཐབས་མེད་པའི་འགྲེལ་བརྗོད་འདི་འདྲ་ཞིག་རྒྱག་ཡོད། དེ་ནི་འགོས་ནད་རིགས་ཀྱི་སྐྲན་ནི་དེ་ཙམ་མཐོང་དཀོན་པོ་མིན། ཞེས་པ་དེ་རེད། ཁོང་ཚོས། དེས་ང་ཚོར་མུ་མཐུད་ཞིབ་འཇུག་གི་རྒྱུ་མཚན་སྤྲད་ཡོད་ལ། ནད་འདིའི་རིགས་མིའི་ལུས་ཐོག་འབྱུང་བའི་ཉེ་ཁ་ཇི་ཙམ་ཡོད་མེད་ཀྱང་ཡིན། ཞེས་བཀོད་ཡོད་པ་རེད།


ང་ཚོའི་ཆེས་གནའ་བོའི་དུས་ཀྱི་ཕྲ་ཕུང་མང་བའི་སྲོག་ཆོགས་ཀྱི་མེས་པོ་ལོ་ངོ་དུང་ཕྱུར་སྔོན་སའི་གོ་ལར་འབྱུང་དུས་སྐྲན་ནད་ནི་གནས་ཡོད་པ་སྲིད། ཚེ་ཚད་ཆེས་རིང་བའི་སྲོག་ཆགས་ལ་མཚོན་ནའང་དེའི་ཚེ་སྲོག་ནི་སྐྲན་ནད་ལ་མཚོན་ན་ཧ་ཅང་ཐུང་། དེས་ནད་གཞི་གཅིག་ནས་གཞན་ལ་འགོས་པའི་ནུས་ཤུགས་ལ་འགྱུར་ལྡོག་གཏོང་ལོང་མེད་པ་ལུས་ཡོད།


ཉུང་མཐའ་ཡང་མིག་སྔར་མཚོན་ན་དེ་ནི་ཆེས་མཐོང་བ་དཀོན་པའི་རྣམ་པ་ཞིག་ཡིན། དཔེར་ན་ཀཱོ་ལུན་པི་ཡ་མེ་ཊེ་ལིང་ལ་རང་ལོ་ ༤༡ ཅན་གྱི་སྐྱེས་པ་ཞིག་ལ་བྱུང་བའི་གནས་སྟངས་ལྟར་རོ།


༢༠༡༣ ལོར་སྐྱེས་པ་དེ་ལུས་ལ་དཀའ་ལས་ཁག་ཅིང་ཚ་བ་རྒྱས་པ། ལུས་ཀྱི་ལྗིད་ཚད་མར་ཆགས་པ་བཅས་ནད་རྟགས་བྱུང་ནས་སྨན་པས་རྟག་དཔྱད་བྱེད་དུས་མཇུག་དེར་ཁོའི་རྨེན་བུ་ལས་ཐོན་པའི་གཤེར་ཁུའི་ནང་སྐྲན་གྱི་ཕྲུ་ཕུང་ཁེངས་ཡོད་པ་མཐོང་བ་དང་། དེ་དག་ཁོའི་གློ་བ་དང་མཆིན་པར་ཁྱབ་ཡོད།

འོན་ཀྱང་འགྲོ་བ་མིའི་རིགས་ལ་མཚོན་ན་སྐྲན་ནད་ཕྲ་ཕུང་དེ་དག་ཧ་ཅང་ཆུང་བ་མངོན་ལ། སྒྲོམ་གཞིའང་ཧ་ཅང་སྟབས་བདེ་ཡིན།


ནད་རྟགས་འདིའི་རིགས་ནི་འགྲེལ་བརྗོད་བྱེད་ཐབས་མེད་པའི་གསང་བ་ལྐོག་འགྱུར་ཞིག་ཆགས་ཡོད། སྨན་པ་དེ་ཚོས་འདིའི་སྐོར་གྱི་ནང་དོན་རྣམས་ན་ནིང་ཟླ་ ༡༡ པར་ཨཱིན་གྷི་ལན་གསར་པའི་གསོ་རིགས་དུས་དེབ།The New England Journal of Medicine ཐོག་གི་རྩོམ་ནང་སྤེལ་ཡོད།


སྐྱེས་པ་འདིར་ནད་འབུའི་རིགས་ཤིག་ཀྱང་ཡོད་པ་མཐོང་ཡོད་པས་གསང་བ་དེ་གསལ་པོར་གྱུར། དེ་བས་མུ་མཐུད་དབྱེ་ཞིབ་བྱས་པའི་གྲུབ་དོན་དུ་སྐྱེས་པ་དེའི་གཟུགས་པོའི་ཐོག་སྐྲན་གྱི་ཕྲ་ཕུང་དེ་དག་ཐོག་མའི་དུས་སུ་འབུ་ཕྲ་འདིའི་རིགས་ལ་གནས་ཤིང་། དེ་རྗེས་སྐྱེས་པ་དེའི་གཟུགས་པོ་བརྒྱུད་གཞན་ཕྱོགས་སུ་འགོས་པ་གསལ་ཡོད།


འབུ་དེའི་སྐྲན་ནད་ཀྱིས་ང་ཚོའི་མིའི་རིགས་ཀྱི་སྤྱི་ཁྱབ་ཀྱི་འཕྲོད་བསྟན་བདེ་འཇགས་ལ་ཉེན་ཁ་བཟོ་རྒྱུ་ཡིན་པའི་རྒྱུ་མཚན་དུ་མཐོང་མི་ཐུབ། ནད་པ་འདིའི་ནད་འགོག་ཐུབ་པའི་རྩ་བ་དེའང་དེ་སྔོན་ནས་ཨཱེ་ཙི་ན་ཚ་ཡིས་རྐྱེན་གྱིས་འཕྲོག་བརླགས་བཏང་ཚར་འདུག་ལ། དེ་བཞིན་ཁོ་པར་སྐྲན་ནད་ཡོད་པ་ཤེས་རྟོགས་བྱུང་ནས་ཟླ་བ་འགའི་རྗེས་སུ་ཁོ་རང་ཡང་འདས་གྲོངས་སུ་གྱུར་བ་རེད།


ཡིན་ཡང་རང་བྱུང་ཁམས་ལ་ནི་རྒྱུན་དུ་གྲངས་ལས་འདས་ཤིང་བསམ་ཡུལ་ལས་འདས་པའི་གནས་ཚུལ་འབྱུང་གི་ཡོད།


མ་རྩོམ་འབྲེལ་ཐག

http://cn.nytstyle.com/living/20160226/t26johnson/

 

 

 


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -