ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

08.02.2016 01:17:42
གངས་དཀར་སེམས།

images/stories/blog_images/Ganglha/5186749.jpgརྩོམ་པ་པོ། སུའུ་མ་མེ་རེ།

༼ཨ་རིའི་ལྟེ་བའི་ལས་ཁང་གིས་ངོས་འཛིན་ཡོད་པའི་ཕ་མའི་ནུས་པ་ཟབ་སྦྱོང་སྐོར་གྱི་གཏམ་བཤདསློབ་དཔོན། ༽

གནམ་འོག་གི་ཕ་མ་ཚང་མས་ཕྲུ་གུར་རེ་བ་མི་འདྲ་བ་རེ་བཅང་གི་ཡོད། འོན་ཀྱང་ཁ་ལ་ཉན་པོ་ཞེས་པ་དེ་གནའ་ནས་ད་བར་འགྱུར་མ་མྱོང་བའི་དམིགས་ཚད་གཅིག་ཡིན། དངོས་གནས་འདི་འདྲ་ཡིན་ནམ། ད་འདི་ལ་བསམ་བློ་ཞིག་གཏོང་དགོས་པའི་དུས་ལ་སླེབས་འདུག ཕྲུ་གུ་འདི་ཁ་ལ་ཉན་པ་ལ། ཞེས་པ་དེ་ང་ཚོས་བསམ་བློ་གཏོང་མ་མྱོང་ཞིང་རྒྱུན་དུ་བཤད་པའི་བསྟོད་རའི་ཚིག་བརྗོད་ཅིག་རེད། བུ། ཁྱོད་ཀྱིས་ཁ་ལ་ཉན་ གྱི་མི་འདུག ཅེས་པ་འདི་ནི་ང་ཚོས་དེ་མུར་ཁ་ནས་ཐོན་ཞིང་ཐེ་ཚོམ་ཡང་བྱེད་མ་མྱོང་བའི་སྐད་ཆ་ཞིག་ཡིན།ཁྱོད་ཀྱི་བུ་དེ་ངོ་མ་ཁ་ལ་ཉན་མཁན་ཞིག་རེད།


 འདི་ནི་ང་ཚོས་གཞན་གྱི་ཕྲུ་གུར་ཡིད་སྨོན་གྱིས་ཤོར་བའི་སྐད་ཆ་རེད། རྒན་ལགས། དེ་རིང་ཕྲུ་གུས་སློབ་གྲྭ་ནང་ ཁ་ལ་ཉན་གྱི་འདུག་གམ། འདི་ནི་ང་ཚོས་ཕྲུ་གུར་བཅང་བའི་རེ་བ་ཆེ་ཤོས་དེ་ཡིན། ཁ་ ལ་ཉན་པ་ཟེར་བ་འདི་དངོས་གནས་དེ་འདྲ་ཡག་པོ་རེད་དམ། ལོས་ཡིན་སྟེ་ཁྱིམ་ནང་བསྡད་ དུས་ཕ་མས་ཟས་ཟོ་ཟེར་དུས་ཟས་ཟ་ཞིང་གཉིད་ཉོལ་ཟེར་དུས་ཉལ། གོས་གྱོན་ཟེར་དུས་ གྱོན་ན་ཨ་མས་ཕྲུ་གུ་སྐྱོང་བའི་ལས་ཀ་ཅི་ཙམ་ཉུང་དུ་འགྲོ་སྲིད་ཨང་། སློབ་གྲྭར་ ཡོད་དུས་རྒན་ལགས་ཀྱི་ཁ་ལ་ཉན་ཞིང་། རྩེད་མོ་རྩེད་ཅིག་ཟེར་དུས་རྩེད་པ་ དང་། སུ་དང་མཉམ་རྩེད་མིན་ལྟར་བྱེད་ཅིང་། དུས་ཚོད་ཅི་ཙམ་རྩེད་མིན་དང་ག་དུས་ མཚམས་བཞག་མིན་བཅས་ལ་ཉན་ན་དགེ་རྒན་གྱིས་ཕྲུ་གུ་སུམ་ཅུ་ལྔ་ཅུ་སྐྱོང་ནའང་ལས་ སྟབས་བདེ་ཞིག་རེད།

མདོར་ན་ང་ཚོས་ཕྲུ་གུ་ཚོ་ང་ཚོའི་ཁ་ལ་ཉན་ན་བསམ་པ་དེ་ཕྲུ་གུར་ལྟ་སྐྱོང་བྱེད་མཁན་ཟེར་བ་དེ་དང་། ཡང་ན་ཕྲུ་གུར་ཤུགས་རྐྱེན་ཆེན་པོ་ཐེབས་པ་ཟེར་བའི་གང་ཟག་དེ་དག་རེད།


སུ་ལ་དབང་ཆ་ཟེར་བ་དེ་ཡོད་ན་ཕྲུ་གུས་དེའི་ཁ་ན་ཉན་དགོས། ང་ཚོ་དེར་བསྡད་དེ་ཕྲུ་གུར་བཀའ་གནང་ན་འགྲིག་གི་ཡོད་པ་རེད། ཕྲུ་གུ་ཁ་ཉན་མཁན་ཞིག་བཟོས་ན་ཁེ་ཕན་ཐོབ་མཁན་ཡང་་ ཚོ་རེད། ཕྲུ་གུས་ཁ་ལ་ཉན་ན་ང་ཚོར་རྙོག་དྲ་ཉུང་ཡོད། གང་ལྟར་ཡང་སུའི་ཁ་ལ་ཉན་ ནའང་འགྲིག་ཀྱང་ཕྲུ་གུས་སོ་སོའི་ཁ་ལ་ཉན་རྒྱུ་མེད། གང་ཡིན་ཟེར་ན་ཕྲུ་གུར་ཐག་ གཅོད་བཅུག་པ་དེ་ནི་རྙོག་དྲ་ཆེ་ཞིང་བསམ་བློ་དང་དུས་ཚོད་མང་པོ་གཏོང་དགོས་པ་ ཞིག་ཆག་ཡོད། དེ་བས་ང་ཚོས་ཕྲུ་གུ་ཚོ་ཁ་ཉན་པར་བཟོ་བའི་ཐབས་ཤེས་དེའང་བསྟོད་ར་ དང་ཉེས་ཆད་གཏོང་རྒྱུ་དེ་རེད། དེའང་བྱི་རིལ་མངར་མོ་སྟེར་བ་དང་དབྱུག་པ་གཉིས་ ཟུང་འབྲེལ་གྱིས་སྤྱོད་པའི་ཐབས་ཤིག་རེད། ཁ་ལ་ཉན་ན་བསྟོད་ར་དང་མ་ཉན་ན་ཉེས་ཆད་ གཅོག་པ། བསྟོད་ར་གཏོང་ཕྱིར་རམ་ཡང་ན་ཉེས་ཆད་ལ་གཡོལ་བ་ནི་ཕྲུ་གུ་ཚོས་ཁ་ལ་ཉན་ རྒྱུ་ཞེས་པའི་ཐབས་ལམ་ཁོ་ན་དེ་རེད། ཁ་ལ་ཉན་མཁན་གྱི་ཕྲུ་གུ་དེ་གཞན་གྱིས་དགའ་ སྣང་ཡོད་པ་ཞིག་བཟོ་རྒྱུ་ཡིན་སྟབས་དེ་ནི་དུས་ཡུན་རིང་པོར་གནས་ཐུབ་པ་ཞིག་མིན།


ལོ་བཅུའི་རྗེས་སུ་ཁྱིམ་བདག་རྣམས་ཕྲུ་གུའི་རྒྱབ་ ལྗོངས་ཙམ་ཆག་ཅིང་རོགས་པ་དབར་གྱི་འབྲལ་བ་དེ་ནི་ཕྲུ་གུ་ཚོར་ཤུགས་རྐྱེན་བཞག་ མཁན་ཆེ་ཤོས་དེ་ཆག་གི་ཡོད། སློབ་གྲོགས་ཤིག་གིས་ང་ལ་སློབ་གསེང་སྐབས་ཐ་མག་ འཐེན་དུ་འགྲོ་ན་ཚོར་ཤུགས་ཆེན་པོ་སླེབས་ཐུབ་ཟེར་བྱུང་། གལ་ཏེ་ང་ཁོ་དང་མཉམ་ དུ་མ་སོང་ན་ཁོས་རྗེས་མར་ང་དང་མཉམ་དུ་རྩེད་མོ་མི་རྩེད་པའང་སྲིད། དེ་བས་འགྲོ་ བཞག་ན་བཟང་། མཐོ་འབྲིང་སློབ་གྲྭའི་སྟེར་བཟོ་དོད་པའི་གཅེན་པོ་དེས་ང་ལ་ཁོ་དང་ མཉམ་དུ་ཕྱི་ལོག་ཉལ་དུ་འགྲོ་ཟེར། ཁོ་དང་མཉམ་དུ་སོང་བ་ཡིན་ན་ང་ལ་ཀུ་ཤུ་རྟགས་ ཅན་གྱི་ཁ་པར་གསར་ཐོན་སྤྲོད་ཆོག་ཟེར། དེས་ན་འགྲོ་བཞག་ན་བཟང་། ལོ་ཉི་ཤུའི་ རྗེས་སུ་ཕྲུ་གུ་དེ་སྤྱི་ཚོགས་སུ་སླེབས་དུས་ཁོའི་འཚོ་བའི་ནང་དབང་ཤུགས་གཞན་ ཇེ་མང་དུ་འགྲོ་སྲིད་པ་དེར་འགོག་ཐབས་མེད། སོ་སོས་ཆེས་ཡིད་སྨོན་ཤོར་བཞིན་པའི་དམིགས་དཔེའི་ མི་སྣས་ས་ཁུལ་གཞན་དུ་ཁོའི་གླུ་གཞས་འཁྲབ་སྟོན་དུ་ལྟ་རུ་ཡོང་དགོས་པའི་འབོད་ བསྐུལ་ཤུགས་ཆེན་བྱས། དེར་ཟླ་བ་གཅིག་གི་དུས་ཚོད་འགོག་རྒྱུ་དང་སློབ་གྲྭ་ནས་ བྲོས་བྱོལ་དུ་འགྲོ་དགོས་ཀྱི་ཡོད། འོན་ཀྱང་གང་ཟག་དེ་ནི་ཚང་མས་དགའ་སྣང་ཡོད་ པའི་མི་སྣ་ཞིག་རེད་ཨང་། དེ་བས་འགྲོ་བཞག་ན་བཟང་། ལས་ཁུངས་འགོ་འཁྲིད་ཀྱིས་ད་ ཐེངས་གཟེངས་དངུལ་སྤྲོད་ཡུལ་མི་སྣའི་ནང་ང་མི་འདུག་ཀྱང་རྗེས་མར་ངས་འོས་འགན་ གང་ཡང་འཁྱེར་ཐུབ་པའི་རེ་བ་བྱེད་ཀྱི་འདུག གལ་ཏེ་ཁོང་ང་ལ་མི་དགའ་ར་ཆག་ནས་ང་ལས་གནས་ནས་ཕྱི་ཕུད་གཏོང་བཞག་ན་གང་འདྲ་བྱའམ། དེ་བས་ངོས་ལེན་བྱེད་བཞག་ན་བཟང་།


ཨ་མས་བུ་འདི་དཔེ་ཡག་པོ་འདུག ཁོ་ལ་དངུལ་དང་ཁང་པ། ད་དུང་རླངས་འཁོར་ཡང་འདུག ཅེས་ བཤད།ང་ལ་སོ་སོའི་དགའ་སའི་མི་གཞན་ཞིག་ཡོད། འོན་ཀྱང་ཨ་མས་གདམ་པའི་མི་དེ་སོ་ སོས་གདམ་པའི་མི་ལས་སྡུག་མི་སྲིད། དེ་བས་ངོས་ལེན་བྱེད་བཞག་ན་བཟང་། དེ་ལྟར་ང་ ཚོས་ཕ་རོལ་པོས་བཙན་གྱིས་བཟོས་བཞག་པའི་བདེ་སྐྱིད་ལྡན་པ་ཟེར་བའི་གང་ཟག་མང་པོ་ཞིག་མཐོང་གི་ཡོད། ང་ཚོ་ཆུང་དུས་ནས་གཞན་གྱི་ཁ་ལ་ཉན་ནས་དཀའ་ངལ་གང་ཡང་མི་འཕྲད་ཅིང་། གཞན་གྱི་མི་ནང་ཁྱོད་ནི་ལས་གནས་ཡག་པོ་དང་གཉེན་སྒྲིག་ཡག་པོ། འཚོ་བ་ཡག་པོ་བཅས་ཡོངས་རྫོགས་ཡག་པོ་ཡོད་པའི་མི་ཞིག་རེད། འོན་ཀྱང་ཁྱོད་ནི་ཁྱོན་ནས་སྐྱིད་པོ་མེད་པའི་མི་ཞིག་ཀྱང་རེད།


ཁོ་ཚོས་དགེ་རྒན་གྱི་བསམ་འཆར་ལྟར་སོ་སོའི་ཆེད་ལས་གདམ་ཞིང་། ཨ་ཕས་གཞན་ལ་རེ་འདུན་ བཏོན་པའི་ལས་གནས་དེར་འཇུག་པ། ཨ་མས་གདམ་པའི་མནའ་མ་དེར་འཐམ་བཞིན། མནའ་མའི་ཨ་ མས་རེ་འདུན་ཤུགས་ཆེན་ལྟར་མ་སྐྱེས་རང་སྐྱེས་སུ་གྱུར་བའི་ཕྲུ་གུ་སྤང་ཁར་ ཉར། དཔོན་པོས་མངགས་པའི་ལས་ཀ་བྱེད།འཚོ་བར་འཁང་ར་གང་ཡང་མི་དགོས་པ་ལྟར་ རེད། འོན་ཀྱང་འཚོ་བ་ལ་དེ་ཙམ་དགའ་སྤྲོ་ཆེན་པོའང་ཡོང་གི་མེད་པ་རེད། ཁོ་ཚོ་ནི་ རྒྱུན་དུ་ཚོར་ཤུགས་མེད་མཁན་ཡིན། གང་ཡིན་ཟེར་ན། དེ་དག་ནི་ཕ་མ་དང་མནའ་མའི་ཕ་ མ། ལས་གནས་ཀྱི་དཔོན་པོ་དེ་ཚོའི་གདམ་པའི་འཚོ་བ་ཞིག་བསྐྱེལ་བཞིན་ཡོད་པ་ལས་སོ་ སོའི་འཚོ་བ་ཞིག་བསྐྱེལ་གྱི་མེད། དེར་བརྟེན། ཁོ་ཚོའི་འཚོ་བས་ཕ་མ་དང་མནའ་མའི་ཕ་མ། དགེ་རྒན་བཅས་ཀྱི་དགའ་སྐྱོ་ཆགས་སྡང་དང་འབྲེལ་ཡོད། དེ་དག་གི་སེམས་འདུན་དང་མཐུན་ན་ཁྱོད་ལ་ཁང་པ་རག་གི་རེད། དེ་ལས་ལྡོག་ན་ཁོ་ཚོས་ཤི་རྒྱུ་ཁ་ལ་འཁྱེར་ནས་ཁྱོད་ལ་འཇིགས་བསྐུལ་གྱི་ཉེན་བརྡ་ གཏོང་སྲིད། ཕ་མ་དང་མནའ་མའམ་མག་པའི་ཕ་མ། དཔོན་པོ་དེ་དག་གིས་རླབས་བཞིན་འཕྱོ་བའི་འཚོ་བ་ཞིག་བསྐྱེལ་ཐུབ་ཡོད། ཁོ་ཚོས་སོ་སོའི་འཚོ་བ་བསྐྱེལ་བ་ཙམ་མིན་པར་བུ་རྒྱུད། སོ་སོའི་ལས་ཁུང་གི་ལས་བྱེད་ཚོའི་འཚོ་བ་དེའང་སོ་སོའི་ ཇུས་འགོད་ལྟར་བསྐྱེལ་ཐུབ་པ་བཟོས་ཟིན། འོན་ཀྱང་གཞན་གྱི་ཁ་ལ་ཉན་མཁན་གྱི་བུ་རྒྱུད་དེ་སོ་སོའི་འདོད་མོས་ཀྱི་སྐད་ འབྱིན་མ་བཅུག་པའི་དབང་གིས་བྱིས་པའི་དུས་ནས་བཟུང་བཙོན་ར་ལྟ་བུ་ཞིག་ཏུ་བཙུད་ ཅིང་སྒེར་གྱི་བསམ་བློ་ལ་འཚར་ལོང་བྱུང་མྱོང་མེད། མི་ནི་མི་ཡིན་པའི་ངོས་ནས་འཇིག་རྟེན་འདིར་འཚོ་བའི་དོན་སྙིང་ཆེ་ཤོས་དེ་གང་ ཡིན་ནམ། དེ་ནི་རྒྱལ་ཁ་དང་ཁྱིམ་ཚང་། རྒྱུ་ནོར་ལོངས་སྤྱོད་བཅས་ཡིན་ནམ། རྒྱལ་ཁ་དང་ཁྱིམ་ཚང་། རྒྱུ་ནོར་ལོངས་སྤྱོད་ཡོད་ཀྱང་བདེ་སྐྱིད་ཚོར་མི་ཐུབ་པ་གང་ཟག་དེ་དག་ཁྲོམ་གཞུང་དུ་ཁེངས་ནས་ཡོད། དེ་ནི་སྨུག་སྤྲིན་དུ་འཚོ་བཞིན་སོ་སོའི་ངོ་བོ་མི་མཐོང་ལ་མདུན་སྤྱོད་ཀྱི་ལམ་བུའང་མཐོང་མི་ཐུབ་མཁན་ཞིག་དང་མཚུངས། 

ཁ་ལ་ཉན་མཁན་གྱི་བྱིས་པ་ཞིག་གིས་གཞན་གྱིས་བཀོད་ཇུས་བྱས་པའི་འཚོ་བ་ཞིག་བསྐྱེལ་ ནས་བསྡད་ཡོད། སོ་སོའི་རང་གི་མི་ཚེའི་བདག་པོ་བྱེད་པ་དེ་ནི་དོན་སྙིང་ངོ་མ་བདེན་པའི་མི་ཚེ་ ཞིག་ཡིན། ཐོག་མར་སོ་སོས་གདམ་ཁ་བྱེད་སྟངས་འདི་ག་རེ་གདམ་མིན་དང་འགྲིག་མིན་ལས་ཀྱང་གལ་ ཆེ་བ་ཡོད། གང་ཡིན་ཟེར་ན། གདམ་ཁ་འགྲིག་མིན་ཟེར་བ་འདི་ངོ་བོའི་ཆ་ནས་ཀྱང་ཤེས་དཀའ་ཞིངསེམས་གཙོའི་བྱ་ སྤྱོད་ཅིག་རེད། བདེ་སྐྱིད་ལྡན་མིན་ཟེར་བ་འདི་སྒེར་སོ་སོའི་སེམས་ཚོར་ཞིག་རེད། དེ་ནི་གང་ཟག་འགའ་རེ་འཚོ་བའི་རྒྱལ་ཁ་བ་ལྟར་སྣང་ཡང་། དོན་དམ་པར་བན་རོའི་གཟུགས་དབྱིབས་ལྟ་བུ་ཞིག་རེད། མི་འགའ་རེས་ཉིན་ལྟར་དཀའ་སྤྱད་སྡུག་རུས་འོག་ཡོད་ཀྱང་རྣམ་པ་ལེགས་པོ་ཞིག་ཡིན། འདི་བདེ་སྐྱིད་ཅི་འདྲ་ཞིག་རེད། ག་རེ་ཡ་ང་བ་རེད། ཅི་ཞིག་འགྲིག་པ་དང་གང་ཞིག་ནོར་བ་ཡིན་ནམ། ཆུང་དུས་ནས་གཞན་གྱི་ཁ་ལ་ཉན་ཞིང་། ཕ་མའི་བཀོད་སྒྲིག་འོག་ཟས་ཟ་ཞིང་གཉིད་ཉལ་བ། རྩེད་རིགས་ཉོས་པ་དང་སློབ་དུས་མིན་པའི་ཟུར་སྦྱོང་ལ་རོལ་བ། སློབ་ཆུང་དང་སློབ་འབྲིང་། སློབ་ཆེན་དང་གཉེན་སྒྲིག་དང་ཕྲུ་གུ་བཙའ་བཅུག་པ་བཅས་ཀྱི་མི་དེ་དག་རྒྱུན་དུ་ དར་གཞོན་སྐབས་སུ་གློ་བུར་དུ་རྨོངས་སད་པ་ལྟར་ཡོང་གི་ཡོད། མི་ཚེ་ཕྱེད་བསྐྱེལ་ཟིན་རྗེས་སོ་སོའི་ཚེ་སྟོད་ལ་ཕྱི་བལྟས་སྐབས་དོན་སྙིང་ལྡན་ པ་ཞིག་ཡིན་སྲིད་མོད། འོན་ཀྱང་དེ་ནི་མི་གཞན་སྐོར་བཤད་པ་ལས་སྒེར་ལ་མཚོན་ན་འཚོ་མྱོང་མེད་པ་ལྟར་རེད།



རི་མོ་བ་གྷོ་གིང་ལྟར་རང་ལོ་ ༣༥ སྐབས་རྒྱན་ཤོག་འགྲེམ་སྤེལ་བའི་ལས་གནས་གཡུག་སྟེ་མཛེས་སྡུག་ལྡན་པའི་བཟའ་ཟླ་ མོ་དང་ཕྲུ་གུ་ཚོ་དང་བྲལ་ཏེ་ཁོ་རང་ཆེས་དགའ་མོས་བྱེད་སའི་ཚང་ཚིང་གི་ཤིག་ནགས་ དང་ག་དུས་ཡིན་ཡང་སྔོ་སེང་ངེར་གནས་པའི་ནམ་མཁའ། ཡངས་ཤིང་རྒྱ་ཆེ་བའི་རང་བྱུང་ཁམས། སྟབས་བདེའི་འཚོ་བ་བསྐྱེལ་ཆོག་པའི་ལྷོ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་དུ་རི་མོ་ འབྲི་ནས་སོ་སོར་དབང་བའི་འཚོ་བ་ཞིག་བསྐྱེལ་འདོད། མི་ཚེའི་མཐའ་མཇུག་ཏུ་སླེབས་ཀྱང་སྨན་བཅོས་ཀྱི་མཐུན་རྐྱེན་ཞན་པའི་དབང་གིས་ གྷོ་གིང་གསང་བ་ལྐོག་འགྱུར་ཅན་གྱི་ཐཱ་ཞི་ཊི་གླིང་ཕྲན་དེར་འདས་གྲོངས་སུ་གྱུར། འོན་ཀྱང་དམག་མི་འཐབ་སར་ཤི་བའི་བན་རོ་རྟ་ལ་བཀལ་ཞིང་ཕྱིར་ཁྱིམ་དུ་ལོག པའི་དཔེ་ལྟར་རི་མོ་བ་ཞིག་ལ་མཚོན་ན་མཇུག་འབྲས་འདི་ལས་ལེགས་པ་ཞིག་ཡོད་སྲིད་དམ།


ཁྱོད་ཀྱིས་དེ་ཡག་པོ་ཡོད་པའམ་སྡུག་ཆག་གང་ཡིན་ཡང་སོ་སོས་གདམ་ཁ་བྱས་པ་ཙམ་གྱིས་འགྲིག དེ་མིན་འཇིག་རྟེན་འདིར་གཞན་གྱི་གྲིབ་གཟུགས་རྗེས་འབྲང་རྒྱན་ཤོག་འགྲེམ་སྤེལ་བ་ཞིག་མང་དུ་སོང་བ་ཙམ་རེད། རེད་ཡ། ང་ཚོས་གདམ་ཁ་འདི་འདྲ་ཞིག་བྱེད་ཁག་པོ་ཡོད། དར་གཞོན་གྱི་ཉེན་ཁར་ཕྱོགས་ནས་སོ་སོས་གདམ་ཁ་རྒྱག་མ་མྱོང་བའི་མི་ཚེ་ཞིག་གདམ་དུས་ང་ཚོས་ལས་དབང་ལ་བཅོས་བསྒྱུར་གཏོང་བསམ་པའི་ངོ་རྒོལ་ལམ་རྒྱུན་གཏན་མིན་པ་ཞིག་ལ་འགྲོ་བ་དེ་ཡིན། རྒྱུན་གཏན་ལྟར་མིན་པའི་གནས་སྟངས་དེས་འཚོ་བར་དགོད་བྲོ་བའི་འགྱུར་ལྡོག་ཅིག་ཡོང་སྲིད་ཅིང་། དེའང་མ་རྩ་ཆེས་ཉུང་ཉུང་ལས་གཏོང་མི་དགོས་ལ་ལས་སྟབས་བདེ་ཤོས་ཀྱི་འགུལ་སྤྱོད་ ཅིག་རེད།


འདིའང་སོ་སོའི་ཚེ་སྟོད་དུ་གཞན་གྱི་ཁ་ལ་རྐྱང་ཉན་ནས་བསྡད་པར་ངོ་རྒོལ་གྱི་རྣམ་པ་ཞིག་ ཀྱང་ཡིན། བརྩེ་ཚོར་གསར་པ་དང་མི་གསར་པ། རེ་བ་གསར་པ་ཞིག་གིས་ཚེ་སྲོག་གསར་པ་ཞིག་འབྱུང་བ་དང་མཚུངས། རྒྱུན་གཏན་ལྟར་ན་མི་ཚེའི་གདམ་ཁ་གསར་པ་འདིར་མནའ་མའི་ཨ་མའི་ངུ་བཤད་དང་བཟའ་ཟླ་ མོས་རང་ཤི་རྒྱག་གི་ཡིན་ལུགས་ཀྱི་འཇིགས་བསྐུལ། ཕྲུ་གུའི་སུན་སྣང་གི་མིག་མདང་བཅས་ཀྱིས་ཤུལ་མེད་ཀྱང་བཟོ་སྲིད་པ་རེད། དེ་བས་ཁོ་རང་སྔར་བཞིན་གཞན་གྱི་ཁ་ལ་ཉན་མཁན་ཞིག་ཡིན། ཁོ་རང་གཞན་སུ་ཡིན་ཡང་དེའི་ཁ་ལ་ཉན་རྒྱུར་གོམ་ནས་ཡོད་ཀྱང་སོ་སོའི་སྐད་ཆ་ཁོ་ ནར་ཉན་གྱི་མེད། ལུགས་མཐུན་མིན་པའི་ཟུར་ཉར་གྱི་བརྩེ་བ་དེའང་སོ་སོའི་གཞན་གྱི་ ཁ་ལ་ཉན་ནས་བསྡད་པར་ཁ་གསབ་ཙམ་ལས་དེར་བརྩེ་བ་གཏིང་ཟབ་ཀྱི་རྨང་གཞི་དང་ངོ་རྒོལ་ གྱི་འགུལ་ཤུགས་དེ་ཙམ་ཡོད་མེད་མི་ཤེས། 



དེར་ བརྟེན། དེ་ཙམ་གྱིས་ཆོག་པར་བྱས་ཏེ་ཕྱིར་སྔ་སྲོལ་དུ་ལོག་པ་འདི་ནི་མང་པོའི་མི་ཚེ་རེད་ལ། དེ་ནི་གཞན་གྱི་ཁ་ལ་ཉན་ནས་བསྡད་མཁན་གྱི་ཕྲུ་གུ་ཞིག་གི་མི་ཚེའང་ཡིན་སྲིད་པ་ རེད། 


ད་ནས་བཟུང་གཞན་གྱི་ཁ་ལ་ཉན་པ་ཞེས་པ་འདི་དམིགས་ཚད་དུ་འཛིན་ཏེ་ཕྲུ་གུར་སློབ་གསོ་མ་སྤྲོད་རོགས། ཕ་མའི་བརྩེ་བའི་མིང་ཐོག་ནས་ཕྲུ་གུའི་མི་ཚེའི་ནང་གི་སོ་སོའི་གདམ་ཁའི་དབང་ཆ་དེ་བཙན་འཕྲོག་མ་བྱེད་རོགས། ཕྲུ་གུས་སོ་སོས་གནད་དོན་ཐག་གཅོད་པར་མོས་མཐུན་བྱ་རྒྱུ་དང་། ཕྲུ་གུའི་བྱ་སྤྱོད་ཀྱིས་ང་ཚོར་དོན་དངོས་ཀྱི་གནད་དོན་གང་ཡང་མི་འབྱུང་བའི་ སྐབས་སུ་དེ་དག་ལ་བཙན་ཤུགས་ཀྱི་བཀའ་བཀྱོན་གཏོང་ནས་དེ་ལྟར་བྱ་དགོས་པ་བཤད་པ་ ཙམ་མིན་པར་ཁོའམ་མོའི་མོས་འདོད་བཞིན་མང་ཙམ་བྱེད་འཇུག་དགོས་པ་རེད།

མ་རྩོམ་འབྲེལ་ཐག

http://baobao.sohu.com/20151218/n431746273.shtml


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -