ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

05.02.2016 22:25:17
གངས་དཀར་སེམས།

images/stories/blog_images/Ganglha/03c18.jpg

ལོ་རབས་བརྒྱད་ཅུའི་ཨ་མ་ཉི། ཕོ་མོའི་རྣམ་པར་དབྱེ་མཚམས་གཅོད་པ།

དར་སྲོལ་དཔྱད་བརྗོད་དུ། SUZY MENKES ༢༠༡༤ ཟླ་ ༢ ཚེས་ ༩ ཉིན།

གང་ཟག་ཅིག་གི་མིང་དེ་ཡོངས་རྫོགས་ཀྱིས་ཤེས་ཀྱི་ཡོད་ལ། གང་ཟག་གཞན་དེའི་མིང་དེ་གྱོན་ཆས་ལས་རིགས་ཆེད་མཁས་ཀྱིས་གཙོ་བོ་ཤེས་ཀྱི་ཡོད་པ་རེད། འོན་ཀྱང་ཅཱོ་ཀྲི་ཨ་མ་ཉི་Giorgio Armaniདང་པར་པ་ཨཱོ་ཊོ་ཧྥ་ལ་Aldo Fallaiགཉིས་དུས་རབས་ ༢༠ ཡི་ལོ་རབས་ ༨༠ ནང་གི་མཉམ་འབྲེལ་དེ་ནི་སྒྱུ་རྩལ་མཉམ་འབྲེལ་གྱི་འབྲེལ་བའི་ཤུགས་རྐྱེན་ཙམ་མ་རེད། དེས་ཨ་མ་ཉིའི་འཆར་འགོད་ཀྱི་སྤུ་ཚད་དང་ཁོའི་སྔར་བས་རྒྱ་ཆེ་བའི་འཇིག་རྟེན་འདིར་སོ་སོའི་བསམ་བློའི་ནང་ནས་གྱོན་ཆས་གསར་གཏོད་བྱས་པའི་རྣམ་པ་དེ་ཕྱིར་མཚོན་ཡོད་པ་རེད།


 

ཨོ་ཊོ་ཧྥ་ལ་ཡི། ཅཱོ་ཀྲི་ཨ་མ་ཉི་ནས་རིག་གནས་སྐྱར་དར། པར་རིས་ ༡༩༧༥ནས་༢༠༡༣ བར། ཞེས་པའི་པར་རིས་འགྲེམས་སྤེལ་དེ་ཟླ་ ༣ ཚེས་ ༡༦ ཉིན་ཧྥོ་རོ་རུན་སའི་པཱ་ཏི་ཉི་མགྲོན་ཁང་དུ་སྤེལ་བརྩིས་ཡོད། ད་དུང་པར་དེབ་ནི་རྒྱ་ཆེ་བའི་ཕུག་བསམ་ལྡན་པའི་འཆར་འགོད་པ་ཡོངས་ནས་དུས་རབས་ཀྱི་དར་སྲོལ་གྱོན་ཆས་དོན་དངོས་ལག་བསྟར་དགོས་པའི་བསླབ་གཞིའི་རྩ་འཛིན་དེབ་ཅིག་ལ་ལྟ་འོས་པ་ཡིན།

 

ཧྥ་ལ་ཡིས་བློ་སྒོ་ཆེ་ཞིང་ཞིབ་ཚགས་ལྡན་པའི་སྒོ་ནས་ཨ་མ་ཉིའི་བསམ་བློ་འཇུ་ཐུབ་པ་བྱུང་ཞིང་། དེའང་ཕོ་མོའི་ཆས་ལུགས་མཉམ་འདྲེས་ཀྱི་ལོ་རབས་ ༨༠ པ་ནི་སྨད་གོས་རིང་པོ་ཆ་འགྲིག་གྱོན་སྟངས་ཙམ་མ་ཡིན་པ་དེ་རེད། ཁོ་གཉིས་རང་འགུལ་གྱིས་མཉམ་འབྲེལ་བྱས་པ་དེས་བུད་མེད་གསར་པ་རྣམས་ལ་སྔར་བས་ལྷོད་ཆ་ལྡན་པའི་སྐྱེས་པ་གསར་པའི་རྣམ་པ་ཞིག་གསར་གཏོད་བྱས། ཨ་མ་ཉིའི་ཆས་གོས་རིགས་གྱོན་མཁན་གྱིས་བཀག་སྡོམ་ཡོངས་དོར་ནས་ཕོ་མོ་གཉིས་ཀར་གཅིག་མཚུངས་ཀྱི་གསོན་ཤུགས་ལྡན་པའི་འཚོ་བ་ཞིག་སྦྱིན་ཡོད། དེ་བས་གལ་ཆེ་བ་ཞིག་སྟེ། ཁོ་རང་གཉིས་མཉམ་འབྲེལ་བྱས་པའི་གྲུབ་འབྲས་ཀྱིས་བུད་མེད་ཀྱི་རྣམ་འགྱུར་གསར་པ་ཞིག་མཚོན་ཡོད། ཁྱོད་ཀྱིས་གཟུགས་དབྱིབས་འགེབས་སྲུང་གི་སྨན་གོས་ཆེན་པོའི་ཆ་འགྲིག་ཕྱི་གོས་དེ་ཕོ་མོ་གཉིས་ཀས་གྱོན་ཆོག་པ་ཞིག་གམ་ཕོ་མོ་གཉིས་གཟུགས་དབྱིབས་གཅིག་ཏུ་གྲུབ་པ་ཞིག་ལ་བཤད་ཀྱང་མོ་རང་གིས་སོ་སོ་བློ་གྲོས་ལྡན་པའི་དར་གཞོན་མ་ཞིག་གི་གཟུགས་བརྙན་སྐྲུན་ཕོད་ཀྱི་ཡོད་པ་རེད།

གྱོན་གོས་འཁྲབ་སྟོན་མ་མང་ཆེར་ནི་ཧྥ་རན་སིའི་སྐད་ལྟར་ན་ཧ་ཅང་མི་སྡུག་པ།jolielaideཞིག་རེད། འོན་ཀྱང་བུ་མོ་དེ་ཚོའི་ངོ་གདོང་ནི་སོ་སོའི་རང་གི་ཁྱད་ཆོས་ཧ་ཅང་ཡོད་མཁན་ཡང་རེད། ལོ་རབས་ ༦༠ ལོའི་འགྱིག་གི་ཕྲུ་གུ་ཟེར་བ་དེ་དང་ལོ་རབས་ ༧༠ ལོའི་སྐྲ་རིང་ཞིང་དབྱིབས་བཟོ་དོད་པའི་བུ་མོ་དེ་ཚོ་དང་བསྡུར་ན་འདི་ནི་གསར་བརྗེ་ཆུང་ཆུང་ཞིག་རེད།

སྲ་བརྟན་འགྱུར་མེད་ཀྱི་བུད་མེད་ཅིག་གི་ཚགས་དེབ་ཅིག་ཕྱི་ལུགས་ཆ་འགྲིག་གི་གྱོན་ཆས་མདུན་དུ་དམ་པོར་འཇུ་བཞིན་པ་དེ་ནི་ ༡༩༨༤ ལོར་སྲོལ་རྒྱུན་གྱི་ས་མཚམས་གཏོར་བཞིན་པ་མཚོན་ཡོད་པར་ཐེ་ཚོམ་མི་དགོས། མོ་དང་མཚུངས་པ་གཞན་ཞིག་ནི་ ༡༩༩༣ ལོའི་སྐྱེས་པ་ཞིག་རེད། ཁོས་ཕྱི་གོས་ཤིག་སྐེད་པར་བསྡམས་ཤིང་ཕྱིར་ངོམས་པའི་གྲང་ཁོག་མདུན་དུ་མེ་ཏོག་ཚོམ་བུ་ཞིག་འཁྱེར།

 

ཧྥ་ལ་ཡིའི་པར་མང་པོ་ནི་ཨཱིན་ཕོ་རོ་ཨ་མ་ཉིའི་Emporio Armaniརིགས་ཀྱི་པར་ཆས་ཀྱིས་ལེན་པ་ཡིན།པར་རིས་དེ་དག་ནང་ཁྱིམ་མི་དང་། ངོ་མདོང་དོ་ནན་ཆེན་པོས་ཕྲུ་གུར་བལྟས་པའམ་ཕྲུ་གུའི་ལག་ནས་འཇུས་ཏེ་གོམ་བགྲོད་འགྲོ་བཞིན་པའི་སྐྱེས་པ་དེ་དག་ཚང་མས་སྤྱི་ཚོགས་ཀྱི་བཅོས་བསྒྱུར་གལ་ཆེན་ཞིག་མཚོན་ཡོད་པ་རེད།

 

ཧྥ་ལ་ཡི་ལས་ཀ་བྱེད་པི་དུས་རབས་ནང་ཨང་གྲངས་ཀྱི་ལག་རྩལ་མེད་པ་ལོས་བདེན། ཡིན་ཡང་ཁོ་རང་གིས་ལྟད་མོ་བར་ཆུ་འགྲམ་དུ་ལང་སྡོད་པའི་བློ་ཁོག་ཆེ་བའི་བུད་མེད་དེ་ནི་པཱོ་ཏོ་ཧཱི་ནོའི་མཚོ་འགྲམ་དང་ཡང་ན་དམིགས་ས་ངོས་བཟུང་ཐུབ་པའི་དབྱི་ཊ་ལིའི་མཚོ་ངོགས་ཤིག་ལ་ལང་བསྡད་པར་འཕྲུལ་བ་བཟོ་ཐུབ། དོན་དངོས་ཐོག་པར་རིས་འགྲེམ་སྟོན་གྱི་མཛད་སྒོའི་ཐོག་ཁོས་སྐབས་དེའི་ལས་དོན་བྱེད་ཕྱོགས་ལ་ཕྱི་དྲན་བྱས།དེའང་ཁོས་ཆེ་རུ་བཏང་བའི་རྒྱབ་ལྗོངས་ཀྱི་རི་མོ་གྱང་ཐོག་བཀལ་ཞིང་པར་རིས་ལ་ལུགས་མཐུན་གྱི་མཐོང་སྣང་ཞིག་སླེབས་ཐུབ་པ་བཟོས།

 

དུས་རབས་དེར་དེང་ལྟར་མཛེས་ཆོས་ཅེས་པ་བཟོ་ཐུབ་པའི་ལག་ཤེས་མེད། མི་རྣམས་ཀྱི་སེམས་གཏིང་དུ་ཤུགས་རྐྱེན་བཞག་ཐུབ་པའི་པར་རིས་དེ་དག་ལ་ད་དུང་ཡང་བདེན་པའི་རང་བཞིན་གྱི་ཆ་ངེས་ཅན་ཡོད།

 

དེ་བས་ཉེ་དུས་ཙམ་གྱི་བརྩམས་ཆོས་འགའ་འམ་དཔེར་ན། ད་ལྟའི་མི་ཚོས་འཁྲབ་སྟོན་བྱས་པའི་རིག་གནས་སྐྱར་དར་སྐབས་ཀྱི་མི་སྣ་དེ་དག་ལའང་གཅིག་མཚུངས་ཀྱི་དྭངས་གཙང་གྱི་ངོའི་རྣམ་པ་དང་ཤུགས་ཀྱིས་བསྡམ་པའི་ལག་པ་གཉིས་བཅས་ཀྱིས་གཡོ་འགེབས་སྤུ་ཙམ་མེད་པའི་སྒོ་ནས་ཕྱིར་མངོན་ཐུབ་ཀྱི་ཡོད།

འོན་ཀྱང་ཨ་མ་ཉིའི་པར་རིས་ཀྱིས་ང་ཚོས་དུས་རབས་དེ་གཏིང་ཟབ་པོའི་སྒོ་ནས་ཤེས་རྟོགས་ཡོང་ཐུབ་ལ།སྐབས་དེའི་དར་སྲོལ་གྱི་གྱོན་ཆས་ཀྱི་རྣམ་པ་དེར་གྱོན་གོས་འཆར་འགོད་པ་དང་པར་པ་གཉིས་ནུས་པ་ཡོད་རྒུ་མཉམ་ལས་ཀྱི་ཐོན་དགོས་པ་ཞིག་ལས། ཆེད་ལས་ཀྱི་རྟགས་ཅན་ནས་དཔུང་ཁག་བཙུགས་པ་ཙམ་མིན།

 

རླབས་ཆེན་གྱི་འཆར་འགོད་པ་ཞིག་ཡིན་པའི་ངོས་ནས་ཨ་མ་ཉིས་གཞན་གྱི་གནས་སྟངས་འགའ་ཡང་གསར་སྟོན་ཐུབ་པའི་གསར་གཏོད་ཅིག་བྱས་ཡོད། དེའང་གྱོན་ཆས་དེ་དག་ནི་སྐབས་དེར་གསར་བརྗེའི་རང་བཞིན་ཅན་ཞིག་ཡིན་ཡང་རྗེས་སུ་གྱོན་ཆས་དེ་དག་ནི་རྩེར་སོན་པའི་ཐོན་རྫས་ཤིག་ཏུ་གྱུར་ཡོད། ལོ་རབས་ ༨༠ ཡི་ཕོ་མོ་གཉིས་ཀྱི་བཟོ་དབྱིབས་གཅིག་མཚུངས་བཟོས་པ་དེ་ནི་སྐབས་དེའི་དུས་སུ་ཅུང་ངོས་ལེན་དཀའ་བ་ཡིན་ཡང་དུས་དེར་བུད་མེད་ལུགས་ཀྱི་སྨན་གཡོག་ལ་ཞི་འཇམ་གྱི་གསར་གཏོད་བཟོས་པ་དེ་ནི་གསར་བརྗེ་ཞིག་རེད།

 

དེའང་སྐྱེས་པ་ལའང་འདྲ་མཚུངས་ཀྱི་གྱོན་ཆས་དར་ལོས་ཡོད། ལས་སྟབས་བདེའི་སྒོ་ནས་སྐྱེས་པའི་གཟུགས་པོ་ཐུམ་ཐབས་བྱེད་པ་དེ་ནི་ཨ་མ་ཉིའི་ལག་རྩལ་གྱི་ཕྱོགས་གཞན་ཞིག་རེད། ཧྥ་ལ་དབྱིས་ནས་སྤེལ་བའི་སྐྱེས་པའི་དགའ་སྤྲོ་དང་ཞི་ལྷོད། དུས་མཚུངས་སུ་སྐྱེས་པའི་མངོན་གསལ་གྱི་རྣམ་པའང་ཕྱིར་མངོན་ཡོད་པ་རེད།

ཁོ་ཚོ་མཉམ་འབྲེལ་བྱས་པ་དེས་དུས་རབས་ཅིག་ཕྱིར་མངོན་ཡོད་པ་དེ་ནི་ཧ་ཅང་དཀོན་པ་ཞིག་རེད།འགྲེམས་སྟོན་དེས་དམིགས་ཡུལ་གསལ་པོ་འདི་འདྲ་ཞིག་འཛིན་ཡོད་པ་དེའང་ཧ་ཅང་རིན་ཐང་ལྡན་པ་ཞིག་རེད།

 

གཅིག་བྱས་ན་འགྲེམས་སྟོན་འདིས་ཡིད་དབང་འཕྲོག་ཐུབ་པའི་ཕྱོགས་ནི་དེ་པཱ་ཏི་ཉི་འགྲེམས་སྟོན་ཁང་དུ་ཚུགས་པ་དེ་ཡིན་སྲིད་ལ། འགྲེམས་སྟོན་ཁང་དེ་ནི་རིའི་རྩེ་མོར་ཆག་ཅིང་དེ་ནས་གཤམ་འོག་གི་ཧྥོ་ལོ་རུན་སར་རྒྱང་ལྟའང་བྱེད་ཆོག འོན་ཀྱང་ཁྱོད་ཀྱིས་སའི་གོ་ལ་ཕྱེད་ཙམ་བསྐོར་ནས་འཕུར་ཏེ་འགྲེམ་སྟོན་ཁང་དེར་གཅིག་ལྟ་འོས་པ་རེད་ལ། དེར་པར་པ་མཁས་ཅན་དང་གྱོན་ཆས་འཆར་འགོད་པའི་སྒྱུ་རྩལ་གྱི་ཐོན་རྫས་དེར་བསྟོད་བསྔགས་ཀྱང་གཏོང་འོས་པ་ཞིག་རེད།

རྩོམ་འདི་ ༢༠༡༤ ཟླ་ ༡ ཚེས་ ༡༣ ཉིན་ཐོག་མར་སྤེལ།

ཡིག་སྒྱུར་བྱེད་མཁན། ཝང་ཞང་ཡི།

མ་རྩོམ་འབྲེལ་ཐག

http://cn.nytstyle.com/fashion/20140209/t09armani/

 

 

 

 


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -