ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

25.01.2016 04:03:33
གངས་དཀར་སེམས།

སྐྱེས་པ་མེད་ཀྱང་རུང༌། དགའ་རོགས་འདི་འདྲའི་རིགས་ཁྱོན་ནས་བཙལ་མི་དགོས།
༡། ཁྱོད་རང་ཕོ་བ་ན་བའམ་ཟླ་མཚན་སླེབས་པའི་ཉིན་འགའི་རིང་གྲོད་ཁོག་ན་དུས་ཁྱོད་ཀྱིས་ཁོ་ལ། ནོར་བུ། ང་ན་གི་འདུག ཅེས་བཤད་དུས་གལ་ཏེ་ཁོས་དེ་འདྲ་ཡིན་ན་སྨན་ཏོག་ཙམ་ཟོ། ང་ལའང་ཐབས་ཤེས་མི་འདུགཅེས་བཤད་ན་ཁྱོད་ཀྱི་དགའ་རོགས་ཡིན་ཟེར་བ་ཁོ་དང་ཁ་བྲལ་དགོས། ཁོས་ཁྱོད་ལ་དགའ་གི་མེད་པར་བརྟེན་ཁྱོད་ལ་སྡུག་ངལ་ཅི་ཙམ་ཡོད་མེད་སེམས་འཁུར་ཡང་མེད་པ་རེད།

༢། ཁྱོད་རང་གཉིས་ཁ་རྩོད་ཤོར་དུས་ཁོས་ཁྱོད་རང་མི་བཙལ་བ་ཁྱོད་གཅིག་པུར་དེར་སྒུག་བཅུག་པ་ལས་སོ་སོ་གང་དགའ་གང་སྐྱིད་སར་འགྲོ་གི་འདུག་ན་ཁོ་དང་ཁ་བྲལ་དགོས། ཁོས་ཁྱོད་ཀྱི་སེམས་ཚོར་ལ་སྣང་མེད་འཇོག་གི་ཡོད་པར་བརྟེན་ཁྱོད་ཀྱིས་ཀྱང་ཁོས་ཁྱོད་ལ་སེམས་གསོ་བྱ་ན་བསམ་པ་ནི་སྟོང་བསམ་རེད། དེ་བས་ཁོ་ལ་རྫོགས་རྒྱུ་མེད་པའི་ཞུ་བ་མ་འཐེན། དེ་འདྲ་བྱས་ན་ཁོས་སྔར་བས་ཁྱོད་ལ་སྣང་མེད་གཏོང་སྲིད་པ་རེད།

༣། ཁྱོད་རང་གནས་ཚུལ་གཞན་གྱིས་རྐྱེན་པས་སྡུག་ངལ་དང་སེམས་སྐྱོ་བའི་སྐབས་ཁོས་ཁྱོད་ལ་སེམས་གསོ་བྱ་ན་བསམ་ཡང་ཁོས་དེའི་སྐོར་སྐད་ཆ་ཙམ་ཡང་མི་འདྲི་བ་མ་ཟད། ཁོས་ངས་ཁྱོད་ཀྱི་བསམ་ཚུལ་ལ་བསམ་གཞིག་བྱེད་ཐུབ་ཀྱི་མི་འདུགདེར་སྡུག་ངལ་བྱེད་དགོས་དོན་ག་རེ་ཡོད་རེད། ཅེས་བཤད་ན་ཁོ་དང་ཁ་བྲལ་དགོས། གང་ཡིན་ཟེར་ན། ཁྱོད་ཀྱི་ཡོངས་རྫོགས་ཁོ་ལ་མཚོན་ན་ཅིའང་མིན་པས་སོ།

༤། གལ་ཏེ་ཁོས་ཁྱོད་ལ་རྒྱུན་དུ་མགོ་བསྐོར་གཏོང་གི་འདུག་ན་ཁོ་དང་ཁ་བྲལ་དགོས། ཁྱོད་ལ་ངོ་མ་དགའ་མཁན་གྱི་མི་ཞིག་ཡིན་ན་ཁྱོད་ལ་རྟག་ཏུ་རྫུན་བཤད་མི་སྲིད་པས་ཡིན། ཁོས་ཁྱོད་ལ་མགོ་བསྐོར་གཏོང་བའི་རྒྱུ་མཚན་ནི་ཁོས་ཁྱོད་ལ་མཐོང་ཆེན་པོ་འཛིན་གྱི་མེད་པས་རེད།

༥། གལ་ཏེ་ཁོས་ང་ནི་མི་འཆལ་ཡན་ལྡན་པ་ཞིག་མིན་སྟབས་ཁྱོད་ཀྱི་སྐྱེས་སྐར་དང་ངེད་གཉིས་ཀྱི་དྲན་གསོའི་དུས་ཚེས་བརྗེད་ཚར་འདུག ཅེས་བཤད་ན་ཁོ་དང་ཁ་བྲལ་དགོས། ཁྱོད་ལ་ད་དུང་ཅི་ཞིག་ཞེན་ཆགས་ཡོད་དམ། དེ་ནི་ཁོས་ཁྱོད་ལ་མི་དགའ་ཡང་ཁ་གཡར་ས་ཤིག་འཚོལ་བཞིན་པ་རེད།

༦། གལ་ཏེ་ཁྱོད་དང་གྲོགས་པོ་མཉམ་དུ་ཟས་ཟ་བའམ་མཉམ་དུ་རྩེད་མོ་རྩེད་དུས་ཁོའི་ངོ་གདོང་ལ་སུན་སྣང་དང་ཁ་སྐྱེངས་པ་འདུག་ན་ཁོ་དང་ཁ་བྲལ་དགོས། གང་ཡིན་ཟེར་ན། ཁྱོད་ལ་དངོས་གནས་དགའ་མཁན་ཞིག་ཡིན་ན་སྐབས་དེར་ཁྱོད་ལ་མདང་ངེས་ཀྱི་ངོ་གསོ་སྦྱིན་སྲིད། ཁོས་མི་ཚང་མར་ཁྱོད་ནི་བདེ་སྐྱིད་ལྡན་པ་ཞིག་ཡིན་པར་ར་སྤྲོད་བྱེད་སྲིད་པས་རེད།

༧། གལ་ཏེ་ཁྱོད་སྤྲོ་སྣང་འཕེལ་དུས་ཁོ་དང་མཉམ་དུ་དགའ་སྤྲོ་ལོངས་སྤྱོད་བྱེད་སྐབས་ཁོས་དེར་སྣང་བ་མི་འཇོག་ལ་ཁྱོད་ཀྱི་སྐད་ཆར་ཉན་འདོད་མེད་ན་ཁོ་དང་ཁ་བྲལ་དགོས། ངོ་མ་ཁྱོད་ལ་དགའ་མཁན་གྱི་མི་ཞིག་ཡིན་ན་ཁྱོད་ཀྱི་དགའ་སྐྱོ་ཆགས་སྡང་ཚང་མ་ཁོའི་སེམས་ནང་ཉར་ཏེ་ཁྱོད་དང་མཉམ་དུ་འགན་འཁྱེར་རོགས་བྱེད་ངེས་པ་རེད།

༨། གལ་ཏེ་ཉིན་གཅིག་གམ་ཡང་ན་ཉིན་འགའི་རིང་ཁོའི་ཁ་པར་དང་བཅས་གོ་རྒྱུ་ཚོར་རྒྱུ་གང་ཡང་མི་འདུག་ན་ཁོ་དང་ཁ་བྲལ་དགོས། ཁྱོད་ལ་ངོ་མ་དགའ་མཁན་ཞིག་ཡིན་ན་དུས་དང་རྣམ་པ་ཀུན་དུ་ཁྱོད་ལ་འབྲེལ་བ་བྱེད་སྲིད་པས་ཡིན།

༩།གལ་ཏེ་ཁྱོད་ཁོའི་ཆེད་དུ་སྡུག་ངལ་གྱིས་ངུ་བཞིན་པའི་སྐབས་སུ་ཁོས་ཁྱོད་ལ། རང་འདི་འདྲ་བྱེད་པར་ང་ཁྱོན་ནས་དགའ་པོ་མེད། མགྱོགས་པོ་མ་ངུ་དང༌། ཞེས་བཤད་ཀྱི་འདུག་ན་ཁོ་དང་ཁ་བྲལ་དགོས། ཁོ་ལྟ་བུ་ཞིག་ལ་ཁྱོད་ཀྱིས་མིག་ཆུ་གཏོང་དགོས་པ་གང་ཡོད་དམ། ཁྱོད་ལ་ངོ་མ་དགའ་མཁན་ཞིག་ཡིན་ན་ཁྱོད་རང་སེམས་སྡུག་ངང་ངུ་བཅུག་གི་མ་རེད།

༡༠། གལ་ཏེ་ཁོ་གཞན་ལ་དགའ་སོང་ན། ཁོ་དང་ཁ་བྲལ་དགོས། གང་ཡིན་ཟེར་ན། ཁྱོད་གཉིས་དབར་གྱི་བརྩེ་བ་དེ་ནི་ཁོ་ལ་མཚོན་ན་རྩེད་མོའི་ཚུལ་ལས་གཞན་གང་ཡང་མ་རེད། གལ་ཏེ་ཁྱོད་གཉིས་དབར་ཁ་རྩོད་ཤོར་རྒྱུ་དེ་ཟས་ཟ་བ་ལས་གྲངས་ཀ་མང་བ་ཡོད་ན། ཡང་གལ་ཏེ་ཁྱོད་གཉིས་དབར་གྱི་སྐྱོ་སྡུག་དེ་དགའ་སྤྲོ་ལས་མང་བ་ཡོད་ན་ཁྱོད་ཀྱིས་སྐབས་དེར་སོ་སོར་གཅེས་སྤྲས་ཀྱིས་ཁོ་དང་ཁ་བྲལ་དགོས།

སྐྱེས་པ་འདི་འདྲ་ཞིག་ལ་ཁྱོད་ཀྱི་བརྩེ་དུང་ཐོབ་མི་འོས་ལ། ཁྱོད་ཀྱི་རིན་ཐང་ཆེ་བའི་དུས་ཡུན་གྱི་ལང་ཚོ་དེའང་ཁོའི་ཆེད་དུ་ལེགས་སྐྱེས་འབུལ་མི་འོས། སོ་སོར་གཅེས་སྤྲས་ཡག་པོ་བྱོས། ང་ཚོར་གཅེས་སྤྲས་བྱེད་འོས་པ་ཡིན
མ་རྩོམ་འབྲེལ་ཐག

http://baobao.sohu.com/20160118/n434964640.shtml


  གངས་དཀར་སེམས།
 

26.01.2016 05:59:56

དེ་འདྲའི་སེམས་ནང་ཉར་ཏེ་བྲལ་རྒྱུ་གྲ་སྒྲིག་བྱེད་སྡོད་ན། ཕར་གཡུགས་གོང་ཚུར་གཡུགས་ཟིན།

 
 
27.01.2016 02:53:02

དོན་དག་འདི་ཚོ་དགའ་རོགས་ཕྱོགས་གཉིས་ནས་ཤེས་དགོས་པ་རེད་སྙམ། དེའང་ཕར་གཡུག་ཚུར་གཡུག་མི་ཡོང་བའི་ཆེད་དུ་རེད་ལགས།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -