ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

གངས་རིན་ཆེན།
ལྷག་བསམ་སྤྲིན་དཀར་འདབ་མ།
21.01.2016 01:48:07

ཤ་རུས་པ་འབྲེལ་བའི་སྤུན་ཟླ་ཚོ།།

ས་ངེས་མེད་འཁྱམ་པའི་གངས་ཕྲུག་ངས།།

སེམས་དྲི་མེད་ལྷག་བསམ་དར་དཀར་བསྒྱུར།།

རང་ཆོལ་གསུམ་བོད་ལ་ཚིག་གསུམ་ཞུ།།

ན་ཡན་ལག་སེར་ཁ་ཕྱུར་བ་དང་།།

ལུས་གྲོད་ཁོག་ལྟོག་པ་ལུས་ཀྱང་བཟོད།།

ཐུགས་ངོམ་མེད་བསགས་པའི་ཤོག་སྒོར་རྣམས།།

གཟི་བྱུ་རུ་རྒྱ་མཚོའི་རྡོ་ལ་བརྗེས།།


ཚེ་འདི་ལ་ཟས་གོས་ལོངས་སྤྱོད་འཕོངས།།

ཚེ་ཕྱི་མ་ཆོས་མེད་ལག་སྟོང་འགྱུར།།

ཆོས་ཡོན་ཏན་མེད་པའི་སྐྱེ་བོ་ལ།།

གཟི་བྱུ་རུ་རྒྱན་ན་ག་ལ་མཛེས།།


ནང་ཤེས་རིག་ཡོན་ཏན་ཕྱུག་པ་དང་།།

ཕྱི་སྒོ་གསུམ་དུལ་ལ་ཡ་རབས་ཅན།།

བཏགས་མི་དགོས་རང་བཞིན་རྒྱན་དུ་མཛེས།།

བསྟོད་མི་དགོས་རིན་ཐང་རྒྱང་ནས་གྲགས།།


སྨྲ་མི་ཤེས་ཉམ་ཆུང་དུད་འགྲོ་ལ།།

དབང་མེད་པའི་ལུས་ཀྱི་ཚེ་སྲོག་འཕྲོག།།

རྒྱུ་ཚེ་སྲོག་ལས་གྲུབ་རྒྱན་གོས་འདི།།

རིགས་མདུན་ལམ་ཕུང་པའི་གཞི་རྩ་ཡིན།།


རྒྱུ་ཁྲག་བརྣག་བསགས་པའི་གཟུགས་ཕུང་ལ།།

ནོར་རིན་ཆེན་སྣ་བདུན་སྤྲས་ན་ཡང་།།

ལས་སྔ་བསགས་འབྲས་བུ་མ་ལྡོག་པར།།

ལུས་དེ་ཉིད་རིན་ཆེན་ག་ལ་འགྱུར།།


ཚེ་རིམ་རྒྱུན་བསགས་པའི་རོ་གོས་རྣམས།།

གོས་རང་གིས་གྱོན་ན་སེར་སྣ་ཆེ།།

དགྲ་ཇག་པར་ཤོར་བའི་དོགས་རེ་ཆེ།།

ཚེ་འདི་ལ་བཞག་ན་ཆགས་པའི་རྒྱུ།།


རྗེ་བླ་མའི་བཀའ་དགོངས་དམ་དུ་ལོན།།

སྐྱབས་རེ་ས་མེད་པའི་སེམས་ཅན་ལ།།

རང་གཅེས་འཛིན་ལྟ་བུར་གཞན་བྱེད་དེ།།

ནོར་སེམས་ཅན་ཀུན་ལ་འཚེ་བར་སྤོངས།།

_____________གངས་རིན་ཆེན་གྱིས།




བརྗོད་གཞིའི་རིགས་བཀར་བ།: གངས་དཀར་སེམས། | བོད་མིའི་སྐྱིད་སྡུག་མཉམ་མྱོང་། | རྡོག་རྩ་ཆིག་སྒྲིལ།


 

25.01.2016 01:36:18

རྗེ་བླ་མའི་བཀའ་དྲིན་དྲན་འདུག
ལན།
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -