ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

13.01.2016 05:01:43
གངས་དཀར་སེམས།

images/stories/blog_images/Ganglha/health-.jpg

བདེ་ཐང་གི་ཟས་རིགས་སྤྱོད་སྟངས་སྟབས་བདེ་རེད།

༢༠༡༤ ལོའི་ཟླ་ ༩ པར་ཨ་རིའི་ཉུག་ཡོག་མཉམ་འབྲེལ་མདུན་ཐང་གི་སྔོ་ཚལ་ཁྲོམ་ར། ཞེས་པར་བདེ་ཐང་གི་ཟ་འཐུང་རིགས་ཀྱི་ལྟེ་བའི་གནད་དོན་ནི་བསྲེས་ལྷད་མང་པོ་མེད་པའི་ཟས་རིགས་ཡིན་འོས་པ་དཔེར་ན་བླ་མ་དམར་ལྡུམ་གསོས་པ་ལྟ་བུ་དགོས། ཅེས་སྤེལ།

འདས་པའི་ཟླ་ཤས་རིང་ངས་བཅུད་ལྡན་ཟ་དགོས་པའི་བསམ་འཆར་ལ་ཚན་རིག་ཐོག་གི་རྒྱབ་སྐྱོར་ཉུང་། ངའི་ལྟ་བ་ནི་མང་པོས་ཁྱོད་ཚོར་གནས་ཚུལ་དེ་བདེན་མི་སྲིད་ཅེས་བཤད་པར་བརྟེན། ང་ལ་བཅུད་ལྡན་ཟས་རིགས་སྤྱོད་སྟངས་སྐོར་བསམ་འཆར་ཅི་འདྲ་ཡོད་མེད་འདྲི་ཡི་འདུག

སེམས་པ་སྐྱོ་བ་ཞིག་ལ། བསམ་འཆར་མི་བཤད་པ་དེ་བསམ་འཆར་བཤད་པ་ལས་སྟབས་བདེ་ཞིག་ཡིན། འོན་ཀྱང་མཇུག་གཏམ་དུ་ང་ཚོས་དཀའ་ཚེགས་ཆེ་བའི་གནད་དོན་ལ་གཡོལ་གྱི་མེད་སྟབས་ངས་ལན་འདེབས་ཅིག་བྱེད། གཤམ་གསལ་ནི་ངས་སྤྱི་བཏང་གི་ཐོག་ནས་ཟས་རིགས་སྤྱོད་སྟངས་སྐོར་བརྩི་སྲུང་བྱེད་པའི་རྩ་དོན་ཡིན། ངས་འདི་ནད་པ་དང་གྲོགས་པོ། ཁྱིམ་མི་ཚོ་དང་མཉམ་དུ་ལོངས་སྤྱོད་བྱེད་སྲིད། ང་ནི་བྱིས་པའི་ཆེད་ལས་སྨན་པ་དང་འཕྲོད་བསྟེན་ཞིབ་འཇུག་མི་སྣ་ཞིག་ཡིན་པའི་ཆ་ནས་ངས་རྩ་དོན་འདི་དག་ངོས་ལེན་བྱས་པ་ཞིག་ཡིན། ཡིན་ཡང་ངས་འདིར་ཐོག་མ་ནས་ངོས་ལེན་དགོས་པ་ཞིག་སྟེ། རྩ་འཛིན་འདི་དག་ནི་སྤྱི་བཏང་བདེ་ཐང་ཅན་གྱི་མི་སྣ་ལ་བེད་སྤྱོད་ཡོད་པ་དེའང་ཤེས་རྟོག་ཐུབ། དེ་བས་ངའང་བདེ་ཐང་ཅན་ནང་གི་གྲལ་ཞིག་ཡིན།

བསམ་འཆར་འདི་དག་ཀྱང་དུས་ཐོག་དཔྱད་བསྡུར་དང་ཚོད་ལྟའི་ཚན་རིག་ཐོག་ནས་རྟོགས་དཔྱོད་བྱས་མེད། གང་ཡིན་ཟེར་ན་བཅུད་ལྡན་རིག་པའི་ཁྱབ་ཁོངས་སུ་ཚོད་ལྟ་དེ་འདྲ་ཧ་ཅང་ཉུང་བས་སོ། ང་རང་འབྲེལ་མཐུད་དེར་འཛུལ་ནས་མིག་ངོར་ཡོད་པའི་དཔང་རྟགས་ཀྱིས་བསམ་འཆར་འདི་དག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། བསམ་འཆར་འདི་དག་ནི་ལུགས་མཐུན་ཟེར་བ་དེ་འདྲ་མིན། དེ་ལུགས་མཐུན་ལ་ངོས་འཛིན་གྱིས་ལག་བསྟར་བྱེད་མི་འོས། ངས་ཟས་བཅུད་སྤྱོད་སྟངས་ལ་ལར་སྟོང་བཤད་དམ་འུར་བརྗོད་བྱ་མི་སྲིད། དེ་བཞིན་བཅུད་ལྡན་གྱི་ཟས་རིགས་ག་གེ་མོ་ནི་མི་ཡུལ་འདིའི་ཡ་མཚན་དངོས་བྱུང་ཞིག་ལ་ལྟ་མི་སྲིད། འོན་ཀྱང་བསམ་འཆར་འདི་དག་ལ་རྒྱུ་མཚན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། དེ་བཞིན་ང་ལའང་ཕན་ཐོགས་ཆེན་པོ་བྱུང་།

ངས་འདིར་གསལ་བཤད་དགོས་པ་ཞིག་ལ། བསམ་འཆར་འདི་དག་མང་ཆེར་ངས་བཤད་པ་མིན། དེ་ནི་ངས་གཞན་གྱི་བརྩམས་ཆོས་བཀླགས་ཏེ་བྱུང་བ་ཞིག་ཡིན། དེའི་ནང་གཞུང་ཕྱོགས་ནས་བཏོན་པའི་བཅུད་ལྡན་མཁོ་སྤྲོད་དང་། པཱ་ཞིས་བཤད་པ་དེ་ཚོའང་ཚུད་ཡོད། ད་དུང་སྔོན་ཙམ་ལ་ཀློག་པ་པོས་བསམ་འཆར་བཏོན་པའི་ནང་དོན་བཅས་ཡོད། དཔེར་ན་དུས་བབ་ཀྱི་འབྲེལ་མཐུད་དེ་པར་རིས་ནང་བཏོན་པ་འདི་དག་ལྟ་བུ་རེད། དེ་དག་ནི་ཀློག་པ་པོས་མཱེ་ཁེལ་པོ་ལུན་ Michael Pollan གྱིས་བཏོན་པའི་ཟས་རིགས་རྩ་འཛིན་དེར་ལན་སྤྲོད་པ་ཞིག་ཆགས་ཡོད། དེ་བས་མཱེ་ཁེལ་པོ་ལུན་ལ་བཤད་དགོས་པ་ཞིག་ཆགས་མེད། ཁོས་བསམ་འཆར་གྲགས་ཅན་ཞིག་བཏོན་པ་འདི་ལྟར། ཟས་ཟ་དུས་མང་པོ་ཟ་རྒྱུ་མེད། གཙོ་བོ་སྔོ་རྩའི་རིགས་སྤྱོད་དགོས། ཅེས་པ་དེ་ཡིན།

༡། བསྲེས་ལྷད་དང་བསྐྱར་བཟོ་གང་ཉུང་ཉུང་གི་ཟས་རིགས་ནས་བཅུད་མདང་ཐབས་གང་ནུས་བྱེད་དགོས། ཟས་རིགས་འདིའི་རིགས་ནང་ཤིང་ཏོག་དང་སྔོ་ཚལ་ཚུད་ཅིང་། ད་དུང་བསྐྱར་བཟོས་མིན་པའི་ཤ་དང་ཉ། བྱ་དང་སྒོ་ང་བཅས་ཚུད། དེའང་ཁྲོམ་ར་ནས་ཟས་ཉོ་དུས་བརྔོས་བསྲེག་མ་བྱས་པའམ། རྒྱུན་རིང་ཉར་ཚགས་ཀྱི་ཆེད་དུ་བཞག་ཕྱིར་བཅོས་བསྒྱུར་མ་ཟིན་པའི་རིགས་གདམ་དགོས། འབྲས་ཧྲུག་གིས་སྤྱི་བཏང་འབྲས་ཀྱི་ཚབ་བྱེད་ཅིང་། རང་བྱུང་འབྲུ་རིགས་ཀྱིས་ཡང་ནས་བསྐྱར་དུ་གཡོ་བསྐོལ་ཟིན་པའི་འབྲུ་རིགས་ཀྱི་ཚབ་བྱེད་པ། གཅིག་མཚུངས་ཀྱིས་གྷི་རམ་ ༢༧ ཙམ་གྱི་མངར་ཟས་ཟ་ཞིང་། ཀུ་ཤུ་གཉིས་ཟ་བ་ལས་ཨཱོ་ན་ཟི་ ounce ༨ ཙམ་གྱི་ཀུ་ཤུ་ཁུ་བ་ཕོར་གང་འཐུང་ན་དེ་བས་ལེགས།

༢། བསྐྱར་བཟོས་ཟིན་པའི་ཟས་རིགས་ཉུང་ཙམ་ཟ་དགོས། ཟས་ཡོངས་རྫོགས་སོ་སོས་བཟོས་ནས་ཟ་རྒྱུ་མི་སྲིད་པ་རེད། དཔེར་ན་ང་ཚོས་དབྱི་ཊ་ལིའི་ཐུག་པ་ལྟ་བུ་ནི་བཟོས་ཟིན་པ་དེ་ཉོ་སྲིད། ཁྱོད་ཀྱིས་སོ་སོས་གྲོ་བརྫིས་རྗེས་སྣུམ་ཡང་བཙིར་སྲིད། དེ་ནི་དུས་མཚུངས་ཅུང་བསྐྱར་བཟོས་ཟིན་པའི་ཟས་ཟ་དགོས་པ་དང་བསྐྱར་བཟོས་མ་བྱས་པའི་ཟས་གཉིས་ཟོས་ཀྱང་དེའི་རིགས་གང་ཉུང་ཉུང་ཟ་དགོས།

༣། བཟོ་བཅོས་ཤུགས་ཆེར་བྱས་པའི་ཟས་དེ་བས་ཉུང་བ་ཟ་དགོས། སྐྱར་བཟོ་ཤུགས་ཆེན་བྱས་པའི་ཟས་རིགས་ཡིན་ཡང་དེར་ཉེན་ཁ་ཡོད་པའི་དཔང་རྟགས་འཐུས་ཚང་བཏོན་རྒྱུ་མེད། འོན་ཀྱང་ཁྱོད་ཀྱིས་ཟས་འདིའི་རིགས་གང་ཉུང་ཉུང་ཟ་དགོས། གང་ཡིན་ཟེར་ན། དེ་དག་ལ་དྲོད་ཤེད་ཆེ་བའི་རྫས་ལྡན་པས་སོ། ཟས་འདིའི་རིགས་ལ་གྲོ་སོབ་དང་ཞོ་ཁོག་ལེབ་མོ་བརྔོས་མ། མངར་ཟས་ལེབ་མའི་རིགས་དང་གྲོའི་རིགས་ཚུད་ཡོད། དར་ཁྱབ་འགྲོ་བའི་ནད་རིག་པར་ཞིབ་འཇུག་བྱས་འབྲས་སུ་བཅོས་བཟོ་ཤུགས་ཆེན་བྱས་པའི་ཤའི་རིགས་ནི་བདེ་ཐང་ཇེ་ལོད་དུ་འགྲོ་བ་དང་འབྲེལ་བ་ཡོད། ཡིན་ཡང་ངས་སྔོན་དུ་བྲིས་ཟིན་པ་ལྟར་དེའི་དཔང་རྟགས་ཡོངས་ལ་ཡིད་ཆེས་ཆ་ཚང་བྱེད་རྒྱུ་མེད།

༤། གང་ཐུབ་ཀྱིས་ཁྱིམ་ནང་ཟས་ཟ་རྒྱུ་དང་། ཟས་གཡོ་བསྐོལ་དང་སྨན་སྣའི་རིགས་ལའང་རྩ་དོན་ལ་བརྩི་སྲུང་དགོས། ཁྱིམ་དུ་ཟས་ཟ་བ་དེས་ཁྱོད་རང་བཅོས་བཟོས་ཀྱི་ཟས་རིགས་དང་རྒྱང་ཐག་རིང་སར་གནས་ཐུབ། དེས་ཁྱོད་ཀྱི་ཟ་བཞིན་པའི་ཟས་ཡོངས་ལ་ཚོད་འཛིན་བྱེད་ཐུབ་ཅིང་སོ་སོས་དགའ་བའི་བྲོ་བའང་གདམ་ཁ་རྒྱག་ཆོག གལ་ཏེ་སོ་སོའི་ཁྱིམ་ནས་བཟོས་པའི་ཟས་ཡིན་ཚེ་ཁྱོད་ཀྱིས་ཟང་ངེ་ཟིང་ངེའི་སྒོ་ནས་གྲོད་པ་བགྲང་ཐབས་ཙམ་བྱེད་མི་སྲིད། ཟས་བཟོ་བར་ལས་སྟབས་བདེ་ཞིག་མེད་པ་ངས་ཀྱང་ཤེས། དེ་ལྟར་བྱ་སྤྱོད་བཅོས་བསྒྱུར་གཏོང་བར་སྐྱར་བཟློས་ཐེངས་མང་དང་དངོས་སུ་ལག་བསྟར་བཅས་དགོས། སེམས་སྐྱོ་བ་ནི་དེ་འདྲ་བྱེད་པར་དུས་ཚོད་མང་པོ་དགོས་ཀྱི་རེད།

༥། ཟས་གཡོ་བསྐོལ་གྱི་རྒྱུད་རིམ་ཁྲོད་དགོས་མཁོར་གཞིགས་ཏེ་ཚ་དང་སྣུམ་བེད་སྤྱོད་དགོས། ཚ་དང་སྣུམ་རིགས་ལྟ་བུའི་སྨན་སྣ་འདིའི་རིགས་ཟས་སུ་ཁྱོན་ནས་བེད་སྤྱོད་མེད་པ་དེ་འདྲ་མི་དགོས། ཟས་ཞིམ་པོ་དང་ཡིད་ཚིམ་པའི་ཟས་རིགས་བཟོ་བའི་རྒྱུད་རིམ་དུ་ཚ་དང་སྣུམ་ནི་ངེས་པར་དགོས། དེའི་ནང་གཙོ་ཆེ་ཤོས་ནི་ཚོད་ཟིན་པ་དེ་ཡིན། སྔོ་ཚལ་རིགས་ནི་རྟག་ཏུ་སྨན་སྣ་ཡོད་པའི་དབང་གིས་ཞིམ་པོ་ཆག་གི་ཡོད། དེ་དག་ལ་ཞེད་སྣང་མི་དགོས། དུས་མཚུངས་ཤུགས་ཆེན་པོའང་བེད་སྤྱོད་མ་གཏོང།

༦། ཕྱི་ལ་ཟས་ཟ་དུས་རྩ་དོན་འདི་དག་བརྩི་སྲུང་བྱེད་མཁན་གྱི་ཟ་ཁང་དུ་ཟས་ཟ་ན་ལེགས། གནས་སྟངས་ལེགས་ཤོས་ཀྱི་འོག་ཁྱོད་རང་སྐྱར་བཅོས་མ་བྱས་པའི་ཟས་རིགས་ཀྱི་རྒྱུ་ཆ་བེད་སྤྱོད་བྱེད་མཁན་གྱི་ཟ་ཁང་དུ་ཟ་དགོས། ཟ་ཁང་མང་པོས་རྩ་དོན་འདི་དག་སྲུང་གི་ཡོད། ཕྱི་ནས་དགུང་ཟས་ཙམ་ཟ་རུ་སོང་བ་ཡིན་ཡང་རྩ་དོན་འདི་དག་ལ་བརྩི་སྲུང་དགོས། སྐྱར་བཟོས་བྱས་པའི་ཟས་ཁག་ཅིག་ཟོས་ནའང་གནད་དོན་དེ་ཙམ་མེད། འོན་ཀྱང་གང་ཉུང་ཉུང་འདྲ་ཟོས་ན་ལེགས།

༧། ཆུ་འཐུང་རྒྱུ་གཙོ་བོ་ཡིན། འོན་ཀྱང་མཚམས་རེར་ཨ་རག་དང་ཚིག་ཇ། དེ་མིན་འཐུང་བྱའི་རིགས་ཏོག་ཙམ་འཐུང་ནའང་འགྲིག དེ་སྔོན་ངས་བཤད་མྱོང་བ་ལྟར་དངོས་པོ་གང་ཡིན་ཡང་དེར་སྐྲན་ནད་འགོག་ཐབས་ལ་ཕན་པ་དང་། ཡང་ན་སྐྲན་ནད་ན་བའི་རྒྱུ་རུ་འགྱུར་བའི་དཔང་པོ་བྱེད་ཐུབ། དེའི་ནང་ཚིག་ཇ་དང་ཨ་རག་ཀྱང་ཚུད་ཡོད། འོན་ཀྱང་ངའི་ལྟ་བ་ནི་དཔང་རྟགས་མང་པོས་བཏུང་བྱ་མང་པོ་ཚོད་དང་ལྡན་པ་འཐུང་ན་འགྲིག་པར་རྒྱབ་གཉེར་བྱེད་ཀྱི་ཡོད་པ་དེ་ཡིན།

༨། ཨ་རག་གི་ཉིང་བཅུད་ལྟར་ཚ་རྫས་ཡོད་པའི་བཏུང་བྱ་ཡོངས་ལ་ལྟ་སྟངས་འཛིན་དགོས། འདིའི་ནང་དྲོད་ལྡན་གྱི་བཏུང་བྱ་ཡོངས་ཚུད་ཡོད། འོ་མའང་འདིའི་རིགས་སུ་རྟོགས། བཏུང་བྱ་དེ་དག་ཚོད་དང་ལྡན་པ་འཐུང་དགོས་ཀྱང་གང་ཉུང་ཉུང་བྱེད་དགོས། ཁྱོད་རང་བཏུང་བྱ་ཡོངས་ལ་དགའ་བའི་རྒྱུ་མཚན་དུ་བྱས་ཏེ་དེ་དག་ངེས་པར་དུ་འཐུང་དགོས་པར་ངོས་འཛིན་བྱེད་རྒྱུ་མེད།

༩། གཞན་དང་མཉམ་དུ་ཟས་ཟ་དགོས། དམིགས་བསལ་དུ་ཁྱོད་ཀྱིས་སེམས་འཁུར་ཡོད་པའི་མི་དང་མཉམ་དུ་ཟས་ཇི་ཙམ་ཟོས་ན་དེ་ཙམ་གྱི་ལེགས་པ་ཡོད། འདི་ལ་བཅུད་ཙམ་མིན་པའི་ཕན་ཐོག་དེ་འདྲ་ཡོད། འདི་ལྟར་བྱས་ན་ཁྱོད་རང་ཐབ་ཚང་དུ་ཟས་གཡོ་བསྐོལ་བྱེད་པའི་གོ་སྐབས་དེ་བས་མང་དུ་འགྲོ་སྲིད། དེའང་ཁྱོད་རང་སྔར་བས་ལྷོད་པོའི་སྒོ་ནས་ཟས་རོལ་སྲིད་ཅིང་ཁྱོད་རང་དགའ་སྤྲོའང་འཕེལ་ཐུབ།

ངས་རྒྱུན་དུ་ཟས་རིགས་ཅི་འདྲ་ཞིག་ཡིན་ཡང་དུག་ལྟར་བརྩི་ཡི་མེད། བཅུད་ལྡན་སྐོར་གྱི་ཆེད་ལས་མཁས་པས་འདི་ལྟར་བྱེད་ཀྱི་ཡོད། དེ་བས་མཐར་མི་རྣམས་ཀྱིས་དེ་དག་འགྲིག་བསྡད་པའང་མཐོང་སྲིད། འོན་ཀྱང་དེང་བར་ངས་མི་ཚོས་དེ་འདྲའི་གཏན་ཚིག་འཇོག་རྒྱུ་སྔ་དྲག་པར་འདོད། དེར་བརྟེན། ངས་ཐོག་མཐའ་བར་གསུམ་དུ་ཁྱོད་ངེས་པར་དུ་དངོས་པོ་ཞིག་དང་ཐག་རིང་སར་སྡོད་དགོས་བཤད་ཀྱི་མེད། དོན་དངོས་ཀྱི་གླེང་སྟངས་ཀྱིས་ལྡོག་ཕྱོགས་བྱེད་སྟངས་ལ་རྒྱབ་སྐྱོར་བྱེད་ཀྱང་ཉམས་མྱོང་གིས་ང་ལ་དངོས་པོ་གང་ཡིན་ཡང་མཐའ་གཅིག་ཏུ་རྩ་འགོག་བྱེད་པ་དེ་ལ་ཕན་པ་ཉུང་བ་ཤེས། ངས་བསམ་ན་ཁྱོད་ཀྱིས་ཟས་རིགས་གཞན་མང་པོ་དང་བསམ་འཆར་གྱིས་ཀྱང་རྩ་དོན་འདི་དང་འཚམ་པའི་འོག་གནས་ཡོད་པ་ཤེས་ཐུབ། དེ་དག་ནི་གང་ལའང་བེད་སྤྱོད་ཆོག་ཅིང་། ངས་རེ་བ་ལ། ཕན་ཚུན་དཔྱད་བསྡུར་བྱས་པའི་ནང་འདི་དག་ནི་སྔར་བས་ལུགས་དང་མཐུན་པ་ཡིན་སྲིད།

རྩ་དོན་འདི་དག་ཚང་མས་ཡ་མཚན་གྱི་ཐབས་ལམ་ཐོག་ནས་ཁྱོད་ཀྱིས་སོ་སོས་ཟ་བཞིན་པའི་ཟས་རིགས་ལ་འདུ་ཤེས་སླེབས་པར་འབད་བརྩོན་བྱེད་ཀྱི་ཡོད། དེང་ཁྱོད་ཀྱིས་སོ་སོའི་དགོས་བསམ་པ་དང་། ཡང་ན་སོ་སོར་དགོས་མཁོའི་གྲངས་ལས་བརྒལ་བ་ཞིག་སྤྱོད་སྲིད། དེ་བས་ཕྱི་ལ་འགྲོ་དུས་གནས་སྟངས་འདི་སྔར་བས་ཚབ་ཆེ་བ་ཡོད། ངས་གང་ཟག་སུ་འདྲ་ཞིག་ཡིན་ཡང་ཟས་མང་ཉུང་ཇི་ཙམ་ཟ་དགོས་མིན་སྐོར་བཤད་པ་དེ་ནི་མི་སྲིད་པ་ཞིག་ཡིན་པ་མཐོང་བྱུང་། མི་རྣམས་ལ་དགོས་མཁོ་མི་འདྲ་ལ། དེ་བས་གལ་ཆེ་བ་ཞིག་སྟེ་མི་སུ་འདྲ་ཞིག་ཡིན་ཡང་སོ་སོའི་གཟུགས་པོའི་གནས་སྟངས་ལ་བསྟུན་རྒྱུ་དང་། དེ་བརྒྱུད་ནས་ག་དུས་ཟས་ཟ་དགོས་མིན་དང་ག་དུས་མཚམས་བཞག་དགོས་མིན་ཤེས་རྟོགས་དགོས་པ་དེ་རེད།

ད་དུང་གནད་དོན་ཞིག་ཡོད། དེ་ནི་གང་བྱུང་གིས་གཞན་གྱི་ཟས་སྤྱོད་སྟངས་སྐོར་མ་བཤད། ང་ལ་གྲོགས་པོ་བཟང་པོ་ཞིག་ཡོད་པ་ཁོས་ཟླ་བ་ཁ་ཤེས་རིང་རྡུལ་རྫས་འདྲེས་པའི་ཟས་རིགས་བེད་སྤྱོད་མ་བྱས་སྟབས་གྲུབ་འབྲས་ཧ་ཅང་ཡག་པོ་བྱུང་འདུག ད་དུང་གྲོགས་པོ་གཞན་ཞིག་གིས་ཤ་རིགས་སུ་ཉ་ཁོ་ན་ཙམ་ལས་གཞན་དཀར་ཟས་བརྒྱུད་མཐུད་སྤྱོད་ཅིང་ད་བར་ལོ་གཅིག་སོང་བས་སོ་སོའི་གཟུགས་པོ་ཡག་པོ་ཡོད་པར་ཚོར་བཞིན་འདུག འོན་ཀྱང་ངས་ཟས་ག་རེ་ཡིན་ཡང་ཟ་བཞིན་པ་ལས་བཅད་ཀྱི་མེད།

མི་ཚང་མ་མི་འདྲ་བ་རེད། འགའ་རེས་རྡུལ་རྫས་འདྲེས་པའི་རིགས་ཧ་ཅང་ཉུང་ཙམ་སྤྱོད་ཀྱང་གནད་དོན་ལྷག་སྲིད་ལ། ལ་ལས་དངོས་པོ་ཞིག་དང་འཕྲད་ཚེ་གཉན་ཁ་དང་ཚོར་ཤུགས་ཆེ་བའི་དབང་གིས་དེ་ངོས་ལེན་བྱེད་མི་ཐུབ། མི་ཚང་མས་རྒྱུན་དུ་སོ་སོས་ཚོད་ལྟ་བྱེད་དགོས་པ་དང་། བསམ་འཆར་འདི་དག་གི་ནང་ནས་སོ་སོར་འཚམ་པའི་ཟས་རིགས་བེད་སྤྱོད་དགོས་པ་རེད། ཡིན་ཡང་གོང་གསལ་གྱི་ཟས་རིགས་སྤྱོད་པའི་རྩ་དོན་འདིས་ཟས་རིགས་སྣ་ཚོགས་སྤྱོད་ཆོག་པ་ཚུད། ད་དུང་སོ་སོའི་བདེ་ཐང་འགན་སྲུང་དགོས་པ་དེ་ཡིན། ཉུང་མཐའ་ཡང་ང་རང་གིས་འདི་ལྟར་རེ་བ་བཅང་བཞིན་ཡོད།

ང་ཀློག་པ་པོའི་བསམ་འཆར་ལ་ཧ་ཅང་ཡ་མཚན་སྐྱེས་ཡོད། ཁྱོད་ཚོས་ཀྱང་ཆེད་བཟོས་ཀྱི་སྡེ་ཚན་འདི་ལ་དཔྱད་བརྗོད་སྤེལ་བའི་རེ་བ་ཡོད་ལ་འཕྲུལ་དེབ་བརྒྱུད་ང་ལ་བསམ་འཆར་གཏོང་ནའང་འགྲིག་གི་རེད།

མ་རྩོམ་གྱི་འབྲེལ་ཐག

http://m.cn.nytimes.com/health/20151231/c31up-health/


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -