ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

25.12.2015 00:43:26
གངས་དཀར་སེམས།

ཐབ་ཚང་ནང་ཕོ་མོའི་དབར་གྱི་མཐོང་ཆུང་བྱེད་སྟངས་དེ་ཞིག་རལ་དུ་འགྲོ་བཞིན་ཡོད།

images/stories/blog_images/Ganglha/woman-.jpgཉུག་ཡོག་གི་དབང་ལྡན་དང་ཕྱུག་བདག་ཚོ་རྒྱུན་དུ་འགྲོ་ས་མཱ་རེ་ཡ་ Marea ཟ་ཁང་དུ་ལཱོ་རུན་ཊི་སི་ཐི་ནོ་ Lauren DeSteno གཟའ་འཁོར་སྔོན་མའི་ནང་མ་བྱན་གཞོན་པ་ནས་མ་བྱན་ཆེན་མོ་བའི་གོ་གནས་སུ་འཕར། དེ་གོ་བ་ཙམ་གྱིས་མ་བྱན་གྱི་གོ་གནས་ཅུང་མི་འདྲ་བ་ལྟར་སྣང༌། འོན་ཀྱང་དེ་ནི་གསར་བརྗེ་ཆུང་ཆུང་ཞིག་རེད།



མཱ་རེ་ཡ་གོ་གནས་འཕར་རྗེས་མོས་ཉུག་ཡོག་གྲོང་དུ་ཡོངས་བབས་ཆེ་ཤོས་གསོག་མཁན་ཐབ་ཚང་ཞིག་ལ་དོ་དམ་བྱེད་འགོ་བརྩམས། སྐྱེས་པའི་མ་ཆེན་གཞོན་པ་དང་གཞན་མ་ཆེན་ ༢༠ ཡིས་མོའི་བཀོད་འདོམ་ལ་ཉན་དགོས་པ་རེད། དེ་སྔོན་དུས་རབས་ཁ་ཤས་སུ་བུད་མེད་མ་ཆེན་གཙོ་བོས་ངེས་པར་དུ་ཁྱོན་ཡོངས་སུ་གནས་པའི་ཕོ་མོའི་དབར་གྱི་མཐོང་ཆུང་དང༌། གྱོན་གོས་བརྗེ་ལེན་ཁང་གི་རིག་གཞུང་ཞིག་དང་འཐབ་རྩོད་བྱེད་པའི་སྒོ་ནས་རྩེ་མོར་སླེབས་དགོས་པ་ཡིན་ཡང༌། རང་ལོ་ ༣༡ སོན་པའི་ཊི་སི་ཐི་ནོ་བབ་བརླིང་དང་སྤོབས་པ་ལྡན་པ། སྒེར་གྱི་རྒྱལ་ཁ་དེར་རྩ་བ་ནས་ཧ་ལས་ཀྱི་མེད།

དེ་སྔོན་མོ་རང་ཐབ་ཚང་སྐྱོ་པོ་དེ་འདྲར་བསྡད་མྱོང༌། མོས་ཐབ་ཚང་ཡག་པོ་ཞིག་ཏུ་ཕོ་མོ་གང་ཡིན་མིན་དེ་ངོ་མ་དོན་དག་ཅིག་མ་རེད། ཁྱོད་ཀྱིས་ལས་ཀ་ལེགས་པོ་སྒྲུབ་ཅིང་ལུགས་མཐུན་གྱི་ལས་གནས་ཀྱི་རྣམ་འགྱུར་ཞིག་མཚོན་ཐབས་དགོས། གང་ཡིན་ཟེར་ན། ཐབ་ཚང་ནི་ད་དུང་ཡང་ཧ་ཅང་འཁྲུག་ཆ་ཆེ་བའི་ཁོར་ཡུག་ཅིག་ཡིན་སྲིད་ལ། དེ་རྗེས་ཁྱོད་རང་དེ་ནས་ཁྱིམ་དུ་ཕྱིར་ལོག་དགོས། མོ་རང་གིས་ལྟ་སྒྲུབ་ཅིག་ལག་བསྟར་བྱེད་བཞིན་ཡོད། ལྟ་སྒྲུབ་དེ་དར་སྤེལ་གཏོང་བའི་གོ་སྐབས་དེའང་མཐར་དངོས་སུ་བྱུང་ཡོད་པ་རེད། དེའང་ཕོ་མོ་ག་རེ་ཡིན་མིན་དང་མ་བྱན་ཆེན་མོ་བའི་ལས་གནས་དབར་ངོ་མ་འབྲེལ་མེད་ཅིག་ཡིན། ཨ་རིའི་ཟས་ཁང་གི་ཐབ་ཚང་ནི་གནོན་ཤུགས་ཆེ་བའི་ས་ཞིག་རེད། དེར་ད་དུང་ཡང་ཚིག་རྩུབ་སྨྲ་མཁན་དང་ཕོར་པ་སོགས་སྣོད་ཆས་ས་ལ་བརྡབ་མཁན་གྱི་སྐྱེས་པའི་མ་བྱན་དེ་འདྲ་ཡོད། ཡིན་ཡང་ཐབ་ཚང་ནས་རིམ་གྱིས་ལྟ་སྒྲུབ་དེ་མངོན་འགྱུར་བྱེད་ཅིང༌། དམིགས་བསལ་དུ་མདུན་ལམ་ཡོད་པའི་ལོ་གཞོན་གྱི་མ་བྱན་ཆེན་མོ་བ་ཚོས་ཧུར་བརྩོན་ཆེན་པོས་འཛུལ་བསམ་པའི་ཐབ་ཚང་དུ་ལྟ་སྒྲུབ་དེ་མངོན་འགྱུར་བྱེད་ཀྱི་ཡོད།

བུད་མེད་ཀྱིས་སྤུས་ཚད་ཨང་རིམ་དང་པོའི་རིགས་ཀྱི་ཐབ་ཚང་གི་གཙོ་བདག་བྱེད་པ་དེ་ནི་གསར་འགྱུར་ཞིག་མིན། འོན་ཀྱང་དེའང་རྒྱུན་གཏན་དུ་མཐོང་ཐུབ་པ་ཞིག་ཀྱང་མིན། བུད་མེད་མ་བྱན་ཆེན་མོ་བ། ཞེས་པའི་ཐ་སྙད་དེ་ད་དུང་ཡང་ཨཱན་ཉི་ཏ་ལོ་ Anita Lo དང༌། པཱ་པ་ར་ལིན་ཆི། Barbara Lynch ཨཱ་པུ་རེལ་པུ་ལོ་ཧྥི་ཊི། April Bloomfield ཊོམ་ཉི་ཁི་ཁེ་རུན། Dominique Crenn བྱང་ཨ་རིའི་སྐར་མ་གཉིས་རྟགས་ཅན་གྱི་མཱི་ཀི་ལིན་ཟ་ཁང་ཞིག་དབང་བའི་བུད་མེད་ཚོ་དང་གཞན་བུད་མེད་བཅུ་གྲངས་ཙམ་ཞིག་ལ་འབོད་ཀྱི་ཡོད་པའི་ཐ་སྙད་ཅིག་ཡིན། དེ་བས་ཆེས་སྐད་གྲགས་ཅན་གྱི་མ་བྱན་ཆེན་མོ་བ་ཚང་མ་སྐྱེས་པ་རེད། དུས་བབ་ཚགས་པར་ཐོག་ཟླ་ ༡༡ པར་ཤོག་ངོས་གཉིས་ཁྱབ་པའི་རྩོམ་ཡིག་དེས་དོན་དངོས་འདི་གསལ་བཏོན་བྱས། དེར་གདམ་ཐོན་བྱུང་བའི་འཛམ་གླིང་ཐོག་ཆེས་ཤུགས་རྐྱེན་ཐེབས་མྱོང་བའི་མ་བྱན་ཆེན་མོ་བའི་ནང་བུད་མེད་གཅིག་ཀྱང་མེད།

ཡིན་ཡང་ཆེད་ལས་ཐབ་ཚང་དུ་ད་དུང་ཡང་སྐྱེས་པ་མ་བྱན་ཆེན་མོ་བ་གཙོ་བོ་རེད། དམིགས་བསལ་དུ་སྤུས་ཚད་མཐོ་ཤོས་དང་དམའ་ཤོས་ཀྱི་གོ་རིམ་དུ་དེ་འདྲ་རེད། འོན་ཀྱང་ཊི་སི་ཐི་ནོ་ལྟ་བུའི་ཨ་རིའི་ཡར་ཐོན་ཅན་གྱི་བུད་མེད་གསར་པ་དེའི་རྗེས་སུ་དམ་པོར་འབྲང་བཞིན་ཡོད། གྲངས་ཀར་གཞིགས་པ་དང་བཅའ་འདྲིར་བྱས་པ་ལྟར་ན་བུད་མེད་ཀྱིས་ཨང་རིམ་གཉིས་པའམ་གསུམ་པ་སྟེ་ཟས་གཡོ་བསྐོལ་གྱི་མ་བྱན་གཙོ་བོ། ལག་བསྟར་མ་བྱན་ཆེན་མོའི་སྟོང་ཁ་སྐོང་བཞིན་ཡོད། ལས་གནས་དེ་དག་གིས་ཨ་རིའི་ཟས་ཁང་གི་རྗེས་རབས་འགན་འཛིན་ཕུལ་བྱུང་བ་གསོ་སྐྱོང་བྱེད་བཞིན་ཡོད། ད་དུང་བུད་མེད་མང་པོ་ཞིག་སྤུས་ཚད་ཧ་ཅང་མཐོ་བའི་ཟས་གཡོ་བཀོལ་བྱེད་ཀྱི་ཡོད། དེའི་རྒྱུ་རྐྱེན་ནི་ཧ་ཅང་མང་པོ་རེད།

ཟ་ཁང་སྤུས་ཚད་མཐོ་བ་དེ་དག་ཟ་ཁང་གཞན་དང་གཅིག་མཚུངས་ཀྱིས་དེ་སྔོན་ལས་ཀ་བྱེད་མཁན་རྣམས་ལ་སྨན་བཅོས་ལྟ་སྐྱོང་འགན་སྲུང་དང༌། གླ་ཡོད་གུང་སེང་དང་འགྲན་རྩོད་ཆེ་བའི་གླ་ཕོགས་བཅས་སྤྲོད་འདོད་མེད་པ་རེད། འོན་ཀྱང་ད་ལྟའི་ཆར་ཟས་ཁང་དེ་དག་ནི་ཚོགས་པ་ཞིག་དང་མཚུངས་ཤིང་ལས་རིགས་རང་བཞིན་གྱི་ཁྱད་ཆོས་ལྡན་པ་ཆགས་བཞིན་ཡོད། དཔེར་ན་ཊེ་ཝེ་ཆང་ David Chang ལྟ་བུར་རྒྱུན་དུ་སྟབས་བདེའི་ཕྱི་གོས་གྱོན་ཞིང་སྤྲོ་བ་དང་སྤྱི་བཏང་བའི་མ་བྱན་ཆེན་མོ་བ་ཚང་མར་མིའི་འབོར་གྱི་ནུས་ཤུགས་ཀྱི་མ་རྩའི་དཔུང་ཁག་ཡོད་ཅིང༌། དེར་གླ་ཡོད་ཀྱི་གུང་སེང་ཡང་འགྲོ་ཆོག་གི་ཡོད། ཧ་ཅང་དར་རྒྱས་འགྲོ་བཞིན་པའི་ཟས་རིགས་ལས་གནས་ཀྱིས་བུད་མེད་ལ་ལས་འཇུག་གི་གོ་སྐབས་མང་པོ་མཁོ་སྤྲོད་བྱས་པ་དང༌། བུད་མེད་མང་ཆེར་དེ་སྔོན་ལྷ་རབས་བྱུང་ན་མངར་ཟས་རིགས་ཀྱི་མ་བྱན་ཆེན་མོ་ལྟ་བུ་ཙམ་ལས་གཞན་བྱེད་ཐུབ་ཀྱི་མེད། མངར་ཟས་ལས་གནས་ཀྱང་སྙན་གྲགས་དང་ནུས་ཤུགས་ཕྱོགས་ལ་ཡར་རྒྱས་མང་པོ་སོང་ཞིང༌། ལས་འཇུག་གི་གོ་སྐབས་ཀྱང་དེ་མཚུངས་ཀྱིས་ཧ་ཅང་མང་དུ་སོང༌། བུད་མེད་རང་ངོས་ནས་ཀྱང་སོ་སོའི་འདོད་མོས་ཡོད་པའི་ལས་གནས་དང་ཆ་རྐྱེན་ལ་ངོས་ལེན་ཡོང་ཐབས་བྱེད་ཀྱི་ཡོད།

ཊི་སི་ཐིས་ལས་གནས་མང་པོའི་དུས་ཚོད་ཧ་ཅང་དམ་པོ་རེད། ལས་གནས་མང་པོས་གང་ཟག་དེའི་གཟུགས་པོའི་ཤུགས་ཚད་ལ་ཆ་རྐྱེན་མཐོན་པོ་བཏོན་ཡོད། སྨན་ཞབས་ཚོའི་ལས་ཀའི་དུས་ཚོད་ནི་སྤྱི་བཏང་བ་ཞིག་མིན། ཉེན་རྟོག་པའི་ལས་ཀ་ཧ་ཅང་དཀའ་ཚེགས་ཆེ། ཁྱོད་ཀྱིས་གནས་སྟངས་དེ་དག་ལ་ཁ་གཏད་དགོས། ཅེས་བཤད།

ཟ་ཁང་ལས་བྱེད་ཚོའི་ཕོ་མོ་ཅི་ཡིན་མིན་ལྟ་བར་ལས་སྟབས་བདེ་ཞིག་མིན། གང་ཡིན་ཟེར་ན། ལས་གནས་འདིའི་ཐོན་སྐྱེད་ཀྱི་རིན་གོང་དེ་ཨ་སྒོར་དུང་ཕྱུར་ ༦༨༣༠ ལ་ཟིན་གྱི་ཡོད་པ་དེ་ཨ་རི་བ་མི་འབོར་གྱི་བརྒྱ་ཆ་གཅིག་ཙམ་ལས་གནས་འདིར་ཞུགས་ཡོད་པ་རེད། གཟའ་འཁོར་སྔོན་མར་རྒྱལ་ཁབ་ཀྱི་རྟག་དཔྱད་གསར་པ་ཞིག་གིས་དེའི་ནང་གི་མི་མང་པོ་ཞིག་ལས་གནས་གཉིས་མཉམ་ལས་དང་དུས་ཡུན་ཐུང་ནང་ལས་ཀ་འདི་བྱེད་བཞིན་པ་དང༌། དེ་བས་རིན་གོང་མཐོ་ཤོས་ཀྱི་ཟ་ཁང་གི་ལས་བྱེད་རྣམས་ཀྱང་གང་སར་འགྲོ་སྤྱོད་ཚད་མཐོན་པོ་ཡིན་པ་གསལ། འོན་ཀྱང་ཉེ་དུས་ཨ་རིའི་དར་རྒྱས་ཆེ་ཤོས་དང༌། ཚོང་གཉེར་སྟངས་དོ་ནན་ཚ་ཤོས་ཀྱི་ཟས་རིགས་ཚོགས་པ་འགའ་དང༌། དེའི་ནང་མཉམ་འབྲེལ་ཐང་ཆེན་གྱི་ཟས་རིགས་ཚོགས་པ། Union Square Hospitality Group པཱ་པ་ར་ཚོགས་པ། Barbara Lynch Gruppo Altamarea པཱ་ཊ་ལི་དང་པ་ཟི་ཐན་ཁི་Batali & Bastianich ཟས་རིགས་ཚོགས་པ་དང་ཐཱིན་ཁི་ཟས་རིགས་Think Food བཅས་ཀྱིས་ཟ་ཁང་ནང་གི་ལས་བྱེད། ཞབས་ཞུ་བ་དང་ཟ་ཁང་གི་འགན་འཛིན་བཅས་ཕུད། ཟས་གཡོ་བཀོལ་བྱེད་མཁན་གཙོ་བོ་དང་མ་བྱན་ཆེན་མོར་རྟག་དཔྱད་ཐེངས་ཤིག་བྱས་ཡོད།

རྟག་དཔྱད་དེའི་གྲངས་ཀར་གཞིགས་ན། ཚོགས་པ་འདི་དག་གི་ཐབ་ཚང་ལས་བྱ་བའི་ནང་བརྒྱ་ཆ་ ༣༠ ནས་ ༥༠ བར་བུད་མེད་ཡིན། ཚོགས་པ་འདི་དག་གིས་གཉེར་བའི་ཟ་ཁང་མང་པོ་ནི་རྗེས་རབས་ཚོས་ལས་ཀ་བྱ་བསམ་པའི་ཁོར་ཡུག་རེད། དཔེར་ན་ལཱོ་སན་ཅིལ་གྱི་སྲོག་ཆགས་ཟ་ཁང༌། Animal ཀཱ་ལི་ཧྥུ་ཉི་ཡའི་ཧཱོ་ལི་ཝུ་ཊིའི་ལཱོ་ཁུན་ཟ་ཁང༌། Lucques ཉུག་ཡོག་གི་ཞཱེ་ལེ་ཞིས་ཨར་ཁང་དང༌། ཊི་པོ་སི་ཐི་ཟ་ཁང༌། Gramercy Tavern & Del Posto པཱོ་ཧྲི་ཊོན་གྱི་ཊོ་རོ་ཟ་ཁང་དང་ Toro མཱན་ཊོན་ཟ་ཁང༌། Menton ཝ་ཤིང་ཊོན་གྱི་མཱི་ཉི་བར་ཟ་ཁང༌། Minibar དང༌། སཱན་ཧྥ་རན་སི་ཁོའི་མཱལ་ཞོ་མི་ན་ཟ་ཁང༌། དེ་བཞིན་ཨཱོ་གྷན་ཐི་སེའི་Oregon thirty པཱོ་ཐེ་རན་གྲོང་གི་ལཱེ་པི་ཀྱོན་ Le Pigeon ཟ་ཁང༌། གསུམ་ཆ་གཅིག་ཟེར་བ་གོ་དུས་དེ་ནི་བསྡུར་ཚད་ཆེན་པོ་ཞིག་ཡིན། འོན་ཀྱང་མ་བྱན་ཆེན་མོ་ཚོས་སྡོན་ཙམ་གྱི་གྲངས་ཀ་དབར་བསྡུར་ནའང་འདི་ནི་མདུན་མཆོང་ཆེན་པོ་ཞིག་ཡིན་པར་བཤད་ཀྱི་ཡོད།

རང་ལོ་ ༤༤ སོན་པའི་མཱི་ཞེལ་གྱིས་ངས་ལས་འཇུག་གི་ལོ་བཅུའི་ནང་ང་ནི་ལས་ཀ་བྱས་མྱོང་བའི་ཐབ་ཚང་ནང་གི་བུད་མེད་ཐོག་མ་དེ་ཡིན། ཞེས་བཤད། མོས་མོ་རང་མཱི་ཞེལ་ Michy ཟ་ཁང་དུ་མ་བྱན་ཆེན་མོ་དང་སྦྱིན་བདག་ཅིག་ཅོག་བྱས་པའི་སྐོར་བཤད་ཀྱི་ཡོད། དེ་ནི་དུས་རབས་ ༢༠ ཡི་ནང་གི་ལོ་རབས་ ༨༠ ཡི་ནང་ལས་འཇུག་བྱས་པ་ཞིག་ཆགས་ཡོད། མོས་ངས་ངོ་ཤེས་པའི་མ་བྱན་བུད་མེད་གཞན་ལའང་གནས་སྟངས་གཅིག་མཚུངས་རེད། ཅེས་བཤད།

མ་བྱན་སློབ་གྲྭའི་ནང་ལོ་མང་རིང་མངར་ཟས་རིགས་ཀྱི་སློབ་ཚན་དུ་དཔུང་ཁག་གཙོ་བོ་ཞིག་ཡིན། འོན་ཀྱང་བུད་མེད་དེ་ཚོས་ཚད་ལས་བརྒལ་བའི་མགྱོགས་ཚད་ཀྱིས་མ་བྱན་སློབ་ཚན་དུ་བཞུགས་ཡོད། རྒྱལ་སྤྱིའི་མ་བྱན་ལྟེ་གནས་ International Culinary Center འདི་དེ་སྔོན་ཧྥ་རན་སིའི་མ་བྱན་སློབ་ཆེན་ཡིན། French Culinary Institute འགྱུར་ལྡོག་དེ་ནི་ཧ་ཅང་སྔོན་མཚན་ཅན་ཞིག་རེད། ༢༠༡༢ ལོར། མ་བྱན་གྱི་ཚན་པའི་སློབ་ཐོན་སློབ་མ་ཕལ་ཆེར་ཕྱེད་ལྷག་ཙམ་བུད་མེད་ཡིན་ཞིང༌། དེའི་གྲངས་ཀ་ནི་ ༢༠༢ ཡིན། ༡༩༩༢ ལོར་གྲངས་ཀ་དེ་ ༤༡ རེད། ཡཱོ་ཧན་ཞུན་དང་ཝཱེ་ཨར་སློབ་ཆེན་དུ་བུ་མོ་སློབ་ཐོན་པའི་བསྡུར་ཚད་དེ་འདས་སོང་ལོ་༢༠ ནང་ལྡབ་གཅིག་ལྷག་འཕར་ཡོད། ༢༠༡༢ ལོར་སྐྱེས་པ་ཉུང་ཤོས་སུ་ཆགས། བུ་མོ་སློབ་ཐོན་པའི་གྲངས་ཀ་ནི་ ༨༢༠ དང་བུ་སློབ་ཐོན་པའི་གྲངས་ནི་ ༨༡༨ རེད། ཨ་རིའི་མ་བྱན་སློབ་ཆེན་དུ་བུ་མོ་སློབ་ཐོན་པའི་བསྡུར་ཚད་དེ་ ༡༩༩༢ ལོའི་བརྒྱ་ཆ་ ༢༡ ནས་ ༢༠༡༢ ལོའི་བརྒྱ་ ༣༦ བར་འཕར་ཡོད།

བུ་མོ་སློབ་མ་དེ་དག་ནང་གི་མང་པོ་ཞིག་གྲངས་ཀ་འདིའི་བསྡུར་ཚད་ཀྱིས་ཟིལ་ཤུགས་གསར་པ་ཞིག་དང༌། གསོན་ཤུགས་དང་གསར་གཏོད་ཀྱི་ནུས་ཤུགས་དེའི་རྐྱེན་གྱིས་ལས་གནས་དེར་དོ་དབྱིངས་བྱུང་ཡོད། ལས་གཉེར་མཁས་པའི་ཟ་ཁང་གིས་ལས་བྱེད་ཀྱི་རེ་འདུན་ལ་སྔར་བས་མཐོང་ཆེན་དང༌། ཧུར་བརྩོན་ཆེན་པོས་ཐབས་ལམ་གསར་པས་བུད་མེད་དེ་དག་ཉར་ཐབས་བྱེད། བཟོ་ཚོང་གིས་འགན་སྲུང་ཡོད་པའི་ལས་གནས་ཕུད། ལས་གནས་འདི་དག་མང་ཆེར་ཨར་ཁང་དུ་རེད། དེ་མིན་ཟས་ཁང་དུ་ཚང་མས་ཤེས་གསལ་ལྟར་ཟང་ཟིང་དང༌། ཡང་ན་ནད་དགོང་ཞུ་ཕྱོགས་དང་སྨན་བཅོས་ལྟ་སྐྱོང་སྐོར་ཧ་ཅང་ཐབས་སྐྱོ་པོ་རེད། ཐེངས་གཉིས་ཙམ་མེ་ཡིས་ཚིག་པའམ་ཐེ་བོང་གྲིས་བཤགས་རྗེས་ད་དུང་ལས་ཀ་མུ་མཐུད་བཞིན་པའི་གནས་སྟངས་དེ་ནི་ཐབ་ཚང་སྐྱེས་པ་ཕོའི་རྣམ་པའི་རིག་གཞུང་གི་ཆ་ཤས་ཤིག་གྱུར་ཚར་བ་རེད།

རང་ལོ་ ༥༡ གི་དབྱི་ཨན་ཨོར་ཀིན་ Ivan Orkin གྱིས་གལ་ཏེ་ལཱོ་སིའི་ Lutèce ཟ་ཁང་དུ་ཁྱོད་ཀྱི་རྐང་པ་ཆགས་ཤོར་ན་ཁྱོད་རང་གྱང་ལ་སྙེས་ཏེ་ལས་ཀ་མཇུག་སྐྱོང་དགོས། ཅེས་བཤད། དབྱིན་ཨན་ཨོར་ཀིན་ནི་ཉུག་ཡོག་དབྱི་ཨེན་ར་མན་ཟས་ཁང་ Ivan Ramen Slurp Shop གི་མ་བྱན་ཆེན་མོ་དང་སྦྱིན་བདག་ཅིག་ཅོག་རེད། ཁོ་རང་ལོ་གཞོན་སྐབས་མ་བྱན་ཆེན་མོ་བྱེད་དུས་གྲགས་ཅན་གྱི་ཟ་ཁང་དུ་མུ་མཐུད་ལས་ཀ་དགོས་སམ་ཡང་ན་ཚོང་ཁང་ཆེན་མོའི་མ་བྱན་ཆེན་མོའི་ལས་གནས་ཐེབས་ཆགས་དེ་བྱ་དགོས་མིན་དབར་གྱི་གདམ་ཁ་དེས་ཁོ་པར་ཧ་ཅང་སུན་སྣང་སྐྱེས། ལས་གནས་རྗེས་མའི་ལས་ཀའི་དུས་ཚོད་དང་སྐྱོར་གསོའི་རིགས་ཅུང་གཏན་འཇགས་ཡིན། དེ་རྗེས་ཁོ་སོ་སོའི་བུ་ཐོག་མ་དེ་བཙས་རྗེས་ཁོས་ལས་གནས་རྗེས་མ་དེ་གདམ་ཁ་རྒྱག་ཡོད་པ་རེད།

ཨ་ཐལ་མ་རི་ཡ་ Altamarea ཚོགས་པའི་འགན་འཛིན་རྒན་པ་ཨཱ་མ་ཟི་ཧྥ་ཁ་ཧ་ཉིས། Ahmass Fakahany མི་མང་པོ་ལས་འགནས་འདིར་དུས་ཡུན་ལས་ཀ་བྱེད། འོན་ཀྱང་ལས་བྱེད་ཡག་ཤོས་དེ་དག་ནི་དུས་ཡུན་ལས་ཀ་བྱེད་བསམ་མཁན་དེ་ཚོ་མ་རེད། ཅེས་བཤད། ཚོགས་པ་དེའི་ཨ་རིར་ཡོད་པའི་ཟ་ཁང་དུ་བུད་མེད་མ་བྱན་ནི་མ་བྱན་ཡོངས་ཀྱི་བརྒྱ་ཆ་ ༥༠ ཟིན་ཞིང༌། ཟ་ཁང་གི་ལས་སྣེ་ཡོངས་ཀྱི་བརྒྱ་ཆ་ ༤༤ ཟིན་གྱི་ཡོད། མ་བྱན་ཆེན་མོ་མཱེ་ཁལ་ཧེ་ཐིའི་ Michael White སློབ་སྟོན་འོག་ཚོགས་པ་དེས་ལོ་ལྔའི་རིང་ཟ་ཁང་ཁག་ ༡༣ ཙམ་སྒོ་འབྱེད་བྱས། ཨ་ཐལ་མ་རི་ཡ་ཚོགས་པའི་ལས་བྱེད། དཔེར་ན་མ་རི་ཡ་ཟ་ཁང་གི་ལས་བྱེད་ཊི་ཟི་ཐི་ནོར་མཚོན་ན་ཁོ་པར་སྤྱི་བཏང་གི་སྨན་བཅོས་ལྟ་སྐྱོང་དང༌། སོའི་སྡེ་ཚན་དང་མིག་གི་སྡེ་ཚན་གྱི་སྨན་བཅོས་འགན་སྲུང༌། དེ་བཞིན་ཕོགས་ཡོད་གུང་སེང་བཅས་ཡོད།

ཉུག་ཡོག་མཱོན་ཧྥོ་ཁི་ Momofuku ཚོགས་པའི་ཡན་ལག་ཁང་དགུའི་ལས་བྱེད་རྣམས་ཚོགས་པར་ལས་ཀ་ལོ་གཅིག་བྱས་རྗེས་རིན་མེད་ཐོག་བདེ་ཐང་གི་འགན་སྲུང་དང་ཕོགས་ཡོད་གུང་སེང༌། ཕྲུ་གུ་བཙའ་དུས་ཀྱི་གུང་སེང་བཅས་ཐོབ་ཐུབ།

ཨཱེ་ལི་སི་ཝོ་ཐི་ཟིས། Alice Waters ཟས་རིགས་ལས་གནས་ཚོ་ངེས་པར་དུ་བཅོས་བསྒྱུར་གྱིས་དོན་དངོས་འཚོ་བ་དང་འཚམས་པ་བྱེད་དགོས། ཅེས་བཤད། ༡༩༨༣ ལོར་ཨཱེ་ལི་སིའི་བུ་མོ་ཧྥན་ཉི་ Fanny མ་སྐྱེས་པའི་སྔོན། མོ་རང་ཅཱ་ཀྲོ་པོ་ཁི་ལིའི་པཱན་ཉིའི་ཁྱིམ་ཚང་ Chez Panisse ཞེས་པར་ལས་བྱེད་དངོས་ཤིག་ཡིན། པཱན་ཉི་ཁྱིམ་ཚང་ཞེས་པའི་ཟ་ཁང་དེ་ནི་དམིགས་བསལ་གང་ཡང་མེད། འོན་ཀྱང་ཤུགས་རྐྱེན་ཆེན་པོ་ཡོད་པའི་ཟ་ཁང་ཞིག་རེད། དེར་ཨཱོ་ཐི་ཟིས་ནང་དུ་ཕྲུ་གུ་ཡོད་པའི་ལས་བྱེད་ཚོར་ལས་དུས་བརྗེ་བསྒྱུར་གྱི་ལམ་ལུགས་ལག་བསྟར་བྱེད་དེ་མ་བྱན་གཙོ་བོ་དེ་ཟླ་དྲུག་རེར་ལས་མཚམས་ཐེངས་རེར་བཞག་དགོས་པའི་སྒྲིག་སྲོལ་ཞིག་གསར་གཏོད་བྱས། དེར་དུས་ཚོད་དང་བརྗེ་བསྒྱུར་ཆོག་པའི་ཆུ་ཚད་མཐོ་བའི་མ་བྱན་མང་པོ་གྲ་བསྒྲིག་བྱས། དེ་ལྟར་ལས་བྱེད་རྣམས་ཀྱི་འཚོ་བར་འགྱུར་ལྡོག་འབྱུང་སྐབས་དེ་ནས་ཁ་བྲལ་བའམ་མོ་རང་གི་ཐབ་ཚང་དུ་ཕྱིར་ལོག་ཐུབ་ནའང་འགྲིག་པར་བཟོས།

ཡིན་ཡང་ཟ་ཁང་མང་ཆེར་སྐྱོར་གསོ་ནི་ཉིན་མོའི་རྨི་ལམ་ལྟར་ཡིན་ལ། ཕོགས་ཀྱང་ཧ་ཅང་ཉུང༌། ཐོག་མའི་ལས་གནས་དུས་སུ་ཨ་སྒོར་ ༡༥ ཙམ་ལས་མེད། དེ་བཞིན་གཟའ་འཁོར་རེར་ཆུ་ཚོད་ ༨༠ ཙམ་ལས་ཀ་བྱེད་དགོས། ཟས་གཡོ་བསྐོལ་ཆོག་པའི་དཔང་ཡིག་གམ་ལག་འཁྱེར་ཡོད་མཁན་ཡིན་ནའང་དམིགས་བསལ་གང་ཡང་མེད། གཟའ་འཁོར་སྔོན་དུ་ཨ་རིའི་ཟས་རིགས་ལས་གནས་ཀྱི་ཚོང་ལས་ཐོག་མའི་ལས་འགུལ་ལ་གཏིང་ཟབ་ཀྱིས་རྟག་དཔྱད་བྱས་པའི་བྱུང་འབྲས་ནས། གླ་ཕོགས་ཉུང་ཞིང་བདེ་འཇགས་མེད་པའི་ཚོར་བས་ཟས་རིགས་ལས་གནས་ཀྱི་མི་སྣ་གཞན་དུ་སྤོ་ཤུགས་དེ་ལས་གནས་གཞན་ལས་ཤུགས་ཆེ་བ་ཡོད་པར་ར་སྤྲོད་བྱས། འདིས་ཟས་ཁང་སྦྱིན་བདག་དང༌། ཡང་ན་མ་བྱན་ཆེན་མོ་དང་སྦྱིན་བདག་གཅིག་ཅོག་རྣམས་ལ་མཚོན་ན་འགྲོ་སོང་ཧ་ཅང་ཆེན་པོ་རེད། ཁོ་ཚོས་སོ་སོས་ཕོགས་མཐོན་པོ་དང་སྐྱོར་གསོ་ཚད་མཐོན་པོ་དེ་སྤྲོད་ཐབས་མེད་པའི་སྐོར་ཁ་རྩོད་བྱེད་ཀྱི་ཡོད།

ཟ་ཁང་དུ་ལས་འཇུག་གོ་སྐབས་མཉམ་འབྲེལ་ལྟེ་གནས་ Restaurant Opportunities Centers United ཀྱི་འགན་འཛིན་ཟཱ་རུ་ཅ་ཡ་ལ་མན་ Saru Jayaraman གྱིས། རྙོག་འཛིང་འདི་དག་གིས་ལས་གནས་ཡོངས་ལ་སུན་སྣང་བཟོ་བའི་གནས་ཚུལ་གྱིས་བུད་མེད་རྣམས་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་བཞག་ཡོད། ཅེས་བཤད། ལྟེ་གནས་ཁང་དེ་ནི་ལས་བཟོ་བར་འབོད་བསྐུལ་གཏོང་མཁན་གྱི་སྒྲིག་འཛུགས་ཤིག་ཡིན། དེ་དང་ཁཱང་ཉེ་སློབ་ཆེན་གྱིས་རཱ་ཁི་ཧྥི་ལེ་དང་ཧྥུ་ཐི་ཐེབས་རྩ་ཁང་གི་མ་དངུལ་གྱིས་ཞིབ་འཇུག་རིགས་གཅིག་བྱས་པ་རེད།

ལོ་རབས་ ༢༠ ཡི་དུས་རབས་ ༨༠ ནས་བཟུང་ཟས་གཡོ་བསྐོལ་བྱེད་པའི་ལས་གནས་ཐ་ཤལ་ནས་མི་རྣམས་ཀྱིས་བརྩི་བཀུར་ཐོབ་པའི་བྱ་བཞག་ཏུ་ངོས་འཛིན་དབར་ཐབ་ཚང་དུ་བུད་མེད་ཀྱི་གོ་གནས་དམའ་བ་དང༌། མི་གྲངས་ཉུང་བའི་ཡིག་ཆ་ནི་གཅིག་རྗེས་གཉིས་མཐུད་ལྟར་འབྱུང་གི་ཡོད། དེའང་དེང་ཕོ་མོ་དང་མ་ནིང་སོགས་སྣ་ཚོགས་ཅན་དུ་འགྱུར་བཞིན་པ་ནི་མི་རྣམས་ཀྱིས་སེམས་འཁུར་བྱེད་ཡུལ་གཙོ་བོའི་གནས་དོན་ཞིག་མིན། ད་དུང་གནད་དོན་ཞིག་ལས་གནས་འདིའི་རྩེར་སོན་མི་སྣའི་ནང་ལྷག་ཡོད་དེ་མི་རིགས་དཀར་པོའི་རིགས་ཕུད་གཞན་མི་རིགས་ཚོའི་འཐུས་མི་ཡིས་མི་མདང་བའི་གནས་སྟངས་དེ་ཡིན། ལོ་བཅུ་གྲངས་རིང་ཕོ་མོ་མ་བྱན་སུ་ཡིན་ཡང་འདྲ་མཉམ་མིན་པའི་གནས་སྟངས་དེ་ནི་གཡོལ་ཐབས་མེད་པ་ཞིག་ལ་ངོས་འཛིན་བྱེད། དེ་སྔོན་བུད་མེད་རྣམས་གཡུལ་ས་དང་ཁྲིམས་ཁང༌། གསོ་རིག་སྨན་པའི་སློབ་ཆེན་དང་རྒྱང་རིང་སར་གནས་དགོས་པའི་ལོག་ལྟ་དེས་བུད་མེད་རྣམས་ཐབ་ཚང་དུ་རྒྱུན་མཐུད་མི་ཐུབ་པའི་གནས་སྟངས་ལ་འགྲེལ་བརྗོད་ཀྱི་རྒྱུ་མཚན་དུ་འཛིན་གྱི་ཡོད། ལོག་ལྟ་དེའི་རིགས་ཀྱིས་མ་བྱན་གྱི་ལས་གནས་འདིར་ཞུགས་མཁན་གང་ཟག་དེའི་གཟུགས་གཞི་བདེ་ཐང་དང་སེམས་ཁམས་ཀྱི་གནས་ཚད་མཐོན་པོ་དགོས་པ་མ་ཟད། མ་བྱན་གྱི་ལས་ཀའི་དུས་ཚོད་དང་ཁྱིམ་ཚང་གི་འཚོ་བའི་དབར་འཁོས་སྙོམས་རྩ་བ་ནས་ཡོང་ཐབས་མེད་པའི་སྐོར་ངོས་འཛིན་བྱེད་ཀྱི་ཡོད།

འོན་ཀྱང་གཞོན་སྐྱེས་ཚོས་དེ་ལྟར་ངོས་འཛིན་བྱེད་ཀྱི་མེད། རང་ལོ་ ༤༤ ཟིན་པའི་ཨཱེ་ལི་ཁི་ཟིས་ར་ Alex Raij ཡིས། དེ་ནས་ཁ་བྲལ་བ་དེ་ངའི་གདམ་ཁ་མིན། ཞེས་བཤད། མོ་དང་མོའི་ཁྱོ་བོ་དབྱི་ཊེ་མོན་ཐེ་རོ་ Eder Montero གཉིས་ཉུག་ཡོག་ལ་ཧ་ཅང་དགའ་བསུ་ཐོབ་པའི་སཱི་པན་ཡའི་ཟ་ཁང་གསུམ་ཙམ་ཡོད། ཁོ་རང་གཉིས་ལ་ཕྲུ་གུ་གཉིས་ཡོད་པ་ཚང་མ་རང་ལོ་ལྔའང་ཟིན་མེད། གང་ཡིན་ཟེར་ན་ངས་ལས་ཀ་གཞན་དག་བྱེད་ཤེས་ཀྱི་མེད། མོས་དེ་ལྟར་བཤད་ཅིང་མོ་དང་ལོ་ཚད་འདྲ་བ་རྣམས་དང་གཅིག་མཚུངས་ཀྱིས་མོས་སོ་སོར་འཚམ་པའི་ལས་གནས་ཤིག་གསར་གཏོད་ཀྱིས་མོས་སོ་སོའི་དུས་ཚོད་དམ་འཛིན་བྱེད་ཐུབ་ལ། སོ་སོའི་ཟས་རིགས་ཀྱང་སྟངས་འཛིན་བྱེད་ཐུབ་པ་ཞིག་གདམ་ཁ་རྒྱག་ཡོད།

བུད་མེད་ཧུར་བརྩོན་ཅན་མང་པོས་ཕྲུ་གུ་བཙས་ཀྱང་རུང༌། བཟའ་ཚང་ཁ་འཐོར་དང་ཡང་ན་འཚོ་བའི་གྱ་གྱུར་ཅི་ཙམ་མྱོང་ཡང་མུ་མཐུད་ཐབ་ཚང་དུ་ལས་ཀ་བྱེད་ཀྱི་ཡོད། དཔེར་ན་ཀྱཱོ་ཊི་ཨ་ཏམ་སི་ Jody Adams དང༌། སུའུ་ཙན་གྷོ་ཡིན། Suzanne Goin ཨཱོ་ཏི་ས་ཕེ་པེ། Odessa Piper ལཱི་ཏི་ཡ་ཞེལ་དང༌། Lydia Shire ཀྱཱོ་ཏི་རོ་ཅེ་སི། Judy Rodgers ལྟ་བུའོ། ཀྱཱོ་ཏི་རོ་ཅེ་སིར་མཚོན་ན་ན་ནིང་ལོར་འདས་གྲོངས་མ་སོང་སྔོན་དུ་ཐོག་མཐའ་བར་གསུམ་དུ་ཐབ་ཚང་དུ་ལས་ཀ་བྱས་ཡོད་པ་རེད། འོན་ཀྱང་པཱ་པ་ར་གཅིག་ཡོད་ན། མཱི་ཞེ་ཨར་བཅུ་ཡོད་པ་རེད། སྔོན་མས་ཚོགས་པ་ཞིག་གསར་གཏོད་བྱས་ཤིང༌། པཱོ་ཧྲི་ཏོན་ལ་ཟ་ཁང་བདུན་བཙུགས། རྗེས་མ་དེ་ནི་མཱ་རི་ཨོ་ Mario Batali དང་ཡང་ན་ཨཱན་ཏེ་རོ་ཨང་ Andrew Carmellini གཉིས་པ་དེའང་ཆགས་སྲིད། འོན་ཀྱང་འོས་འགན་ཧ་ཅང་ལྕི་བའི་དེང་རབས་ཀྱི་མ་བྱན་ཆེན་མོ་ཞིག་བྱེད་དགོས་ལ། དུས་མཚུངས་སུ་ཨ་མ་ཞིག་གི་འགན་ཡང་འཁྱེར་དགོས་སྟབས་གནོན་ཤུགས་ཆེ་དྲག་ནས་རྒན་ཡོལ་ཞུས་པ་ཞིག་ཡིན།

པཱོ་ཨིན་ཟི་ཐན་གྱིས་དེ་སྔོན་ཟ་ཁང་ཁག་བཞི་གཙོ་སྐྱོང་བྱས་མྱོང༌། མོས་བུ་བཙས་རྗེས། ངས་ཟ་ཁང་ཉུང་དུ་གཏོང་ཏེ་དེའི་བྱ་བཞག་རྒྱ་བསྐྱེད་གཏོང་རྒྱུ་ཐག་བཅད་བྱས་པ་ཡིན། ཞེས་བཤད། ད་ལྟའི་ཆར་མོ་རང་ལ་ཟ་ཁང་ Michy’s གཅིག་དང༌། གྲོའི་མངར་ཟས་ཁང་ཁག་གཉིས། དེ་བཞིན་དུས་ཚོད་ག་དུས་གཏོང་ཆོག་ཆོག་གི་བཅའ་འདྲིའི་ལས་གནས་ཁག་ཁ་ཤས་བཅས་ཡོད། མོས་ཟ་ཁང་བཙུགས་པར་ཐཱོ་མ་ཟི་ལྟ་བུ་འཐུས་ཚང་ལ་བརྩོན་ལེན་དགོས་པ་དང༌། ཉིན་རེར་ཆུ་ཚོད་ ༡༨ ནས་ ༢༠ བར་ལས་ཀ་བྱེད་དགོས་ཀྱི་ཡོད། མོས་ང་རང་དེ་འདྲ་བྱེད་འདོད་མེད། ཅེས་བཤད། དོན་དངོས་ཐོག་སྐྱེས་པ་མང་པོའང་དེ་འདྲ་བྱེད་འདོད་མེད་པ་རེད།

གནད་དོན་ཆེན་པོའི་དྲི་བ་ཞིག་འདིར་བཏོན་དགོས་ཀྱང་དེར་འཐུས་ཚང་གི་ལན་འདེབས་ཤིག་ནམ་ཡང་རག་མ་མྱོང༌། དེ་ནི་ལས་གནས་ཀྱི་རྩེ་མོར་སོན་པའི་བུད་མེད་མ་བྱན་ཆེན་མོ་བ་ཞིག་གིས་ཀྱང་སོ་སོར་སྙན་གྲགས་བརྩོན་ལེན་བྱེད་དགོས་དོན་གང་ཡིན་ནམ་ཞེས་པའི་དྲི་བ་དེ་རེད།

དོན་དངོས་ཐོག་གསར་ལམ་ཁག་ནས་སྐྱེས་པའི་མ་བྱན་ཆེན་མོར་བུད་མེད་དེ་མཚུངས་ཚོ་ལས་དོ་སྣང་ཆེ་བ་བྱེད་པ་དང༌། དམིགས་གསལ་དུ་འཛམ་གླིང་ཡོངས་ཀྱི་སྡེངས་ཆའི་ཐོག་དེ་འདྲ་རེད། སྡེངས་ཆ་འདིའི་ཐོག་ད་ལྟའི་ཆར་ཁཱོག་ཀི་རོ་ Cook It Raw ལྟ་བུའི་འདུས་མང་ཉུང་བའི་ལས་འགུལ་དང་འཛམ་གླིང་ཡོངས་སུ་ཁྱབ་པའི་རྩེར་སོན་མི་སྣ་ ༥༠ ལྟ་བུའི the World’s 50 Best དབང་ཤུགས་ཀྱི་གོ་རིམ་རྣམས་ཀྱིས་བདག་འཛིན་བྱས་ཡོད། མིང་བྱང་འདིའི་ཐོག་བུད་མེད་མ་བྱན་ཆེན་མོ་ནི་ཧ་ཅང་ཉུང་བའི་གྲལ་རེད། དེ་བས་དཔེར་ན་བུད་མེད་ཀྱི་ཚོགས་འདུ་དང་འབུམས་རམ་པའི་དཔྱད་རྩོམ་འགའ་ཡིས་དབྱི་ཟོ་ཧྤིར་ལྟ་བུའི་བརྗོད་གཞི་ནི་དཔེར་ན་བུད་མེད་མ་བྱན་དང་ཟས་ཁང༌། Women Chefs and Restaurateurs ལཱེ་ཚི་ཊམ་ Les Dames d’Escoffier ལྟ་བུའི་སྒྲིག་འཛུགས་ཀྱིས་བུད་མེད་མ་བྱན་རྣམས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། པཱོ་ཟི་ཊོན་ལ་ད་དུང་ཡང་བུད་མེད་མ་བྱན་ཚོགས་པ་དང༌། ཟླ་བ་ ༡༠ པར་དེ་དག་གློ་བུར་དུ་ཕྱིར་དོན་བ་དེ་ནི་ཁོ་ཚོར་མི་གྲངས་མང་པོ་ཡོད་པ་དེ་ངོམས་པའི་ཆེད་དུ་ཡིན་པ་རེད།

ད་དུང་གཞན་མི་སྣང་མང་པོར་དུས་བབ་ཚགས་དེབ་ཐོག་གི་རྩོམ་དེའི་ཚོར་ཤུགས་བསློང་ཡོད་པ་དང༌། རྩོམ་དེ་ནི་གྲང་ཤུལ་ཤུལ་གྱི་ཆུ་ཟོམ་གང་དང་མཚུངས་པར་ཨ་རིའི་ཟ་ཁང་གི་ཐབ་ཚང་དུ་བཤོལ་ཏེ་དོན་དངོས་ཀྱི་འགྱུར་ལྡོག་མཐོང་བཞིན་པའི་བུད་མེད་མ་བྱན་རྣམས་ཀྱི་སེམས་ཁམས་གྲང་མོར་བཟོས།

ཉུག་ཡོག་ཊོར་ཁན་ཏི་ Dirt Candy ཟ་ཁང་གི་མ་བྱན་ཆེན་མོ་དང་སྦྱིན་བདག་གཅིག་ཅོག་ཨཱ་མན་ཊ་ཁོན་ Amanda Cohen གྱིས་མོས་ཨ་རིའི་ཟས་རིགས་ཟིན་བྲིས་ཐོག་རྣོ་ངར་ཆེ་བའི་དགག་ལེན་རྩོམ་ཡིག་ཅིག་བྲིས་སྐོར་བཤད། རྩོམ་དེས་ང་ཚོའི་ཉིན་རེ་བཞིན་ལས་གནས་འདིའི་ཐོག་མཐོང་ཐུབ་པའི་དོན་དངོས་དེ་དག་མཚོན་ཐུབ་མེད་པ་རེད། ཅེས་བྲིས།

ཁཱེ་རི་ཏེ་མོན་ཏིས། Kerry Diamond དེ་ནི་འགྱུར་མཚམས་ཤིག་རེད། ཅེས་བཤད། མོ་རང་ནི་བུད་མེད་ཀྱི་ཟས་རིགས་དུས་དེབ། Cherry Bombe ཆཱེ་རི་པོམ་པུའི་ Kickstarter གསར་གཏོད་མཁན་གྲལ་ཞིག་ཡིན། དུས་བབ་ཀྱིས་རྩོམ་དེ་སྤེལ་རྗེས་དུས་དེབ་དེས་ཁཱི་ཁི་ཟི་བརྒྱུད་དངུལ་བསྡུ་རུབ་ཀྱིས་དུས་དེབ་ཐེངས་དང་པོ་དེ་པར་འགྲེམས་བྱས། ད་ལྟའི་ཆར་ཐེ་ཚོམ་མི་དགོས་པར་ཟས་རིགས་ནས་མོ་མཆོག་རིང་ལུགས་པའི་དུས་སྐབས་ཤིག་བརྒྱུད་བཞིན་པ་རེད།

དེའི་ནང་གི་དཔེ་མཚོན་གཅིག་ནི་ཉེ་དུས་གསར་དུ་བཙུགས་པའི་ཊོ་ཁ་ལ་སི་མཐུན་ཚོགས་ Toklas Society རེད། མཐུན་ཚོགས་དེས་ཟས་རིགས་ཀྱི་ལས་གནས་སུ་ཡོད་པའི་བུད་མེད་རྣམས་ལ་ཞབས་འདེགས་ཞུ་བ་དང༌། དེའི་ནང་མ་བྱན་ཆེན་མོ་ཡོད་པ་མ་ཟད། ད་དུང་གཞན་བུད་མེད་ཁག་ཅིག་ཀྱང་ཚུད་ཡོད། བུད་མེད་དེ་ཚོ་ཕྱིའི་མཐོང་སྣང་ལ་ལས་གནས་དྲ་རྒྱས་པོ་འདྲ་ཡང་དོན་དངོས་ཐོག་ཕོགས་ཉུང་བའམ་འགན་སྲུང་མེད་པའི་ལས་ཀ་བྱེད་ཀྱི་ཡོད། ལས་གནས་དེ་དག་ནི་མ་བྱན་ཆེན་མོའི་རོགས་པ། ཞབས་ཞུའི་ལས་གནས་འགན་འཛིན། ལས་གཞིའི་འཆར་འགོད་མི་སྣ་དང་སྲིད་འཛིན་ལས་གནས་འགན་འཛིན་བཅས་རེད། ཟས་རིགས་གཡོ་བསྐོལ་གྱིས་སྔར་བའི་གསར་གཏོད་རང་བཞིན་གྱི་ཁོར་ཡུག་ཅིག་ཏུ་གྱུར་བར་བརྟེན། ཤེས་ཡོན་གང་མང་ཐོབ་མྱོང་བའི་བུད་མེད་རྣམས་ལས་གནས་འདིར་འཛུལ་བཞིན་ཡོད། དེ་ནི་ལས་གནས་ཤིག་འཚོལ་ཕྱིར་ཙམ་མིན་པར་བྱ་བཞག་ཅིག་རག་ཆེད་ཡིན། ཊོ་ཁ་ལ་སི་མཐུན་ཚོགས་ཀྱི་དམིགས་ཡུལ་ནི་བུད་མེད་དེ་དག་ལ་རོགས་རམ་གྱི་ལས་སྒོར་ཞུགས་སའི་ཐབས་ལམ་ཞིག་རག་ཐབས་ཆེད་དུ་རེད།

མཐུན་ཚོགས་འདིའི་གསར་བཙུགས་མཁན་གྲལ་གྱི་མི་སྣ་སུའུ་ཆན་ Sue Chan གྱིས། ཁྱོད་ནི་ཅི་འདྲའི་སྲ་བརྟན་འགྱུར་མེད་ཀྱི་མོ་མཆོག་རིང་ལུགས་པ་ཞིག་ཡིན་ཡང༌། ཚང་མས་སྐྱེས་པས་གཙོ་ཤེན་བྱེད་བཞིན་པའི་ལས་གནས་སུ་ལས་ཀ་ཞིག་རག་ཁག་པོ་རེད། ཅེས་བཤད། མོ་རང་ ༢༠༠༤ ལོ་ནས་བཟུང་མཱོ་མོ་ཧྤོ་ཁི་Momofuku ཚོགས་པར་ལས་ཀ་བྱེད་འགོ་བརྩམས། མོས་ཨཱེ་ལི་སི་བི་ཐོ་ཁི་ལ་ཟིའི་ Alice B. Toklas མིང་དེ་མཐུན་ཚོགས་འདིར་བཏགས་རྒྱུ་གཏན་འཁེལ་བཟོས། ཐཱོ་ལ་ཟིས་ཟས་བཟོ་རྒྱུ་དང་ཁྱིམ་ལས་བྱེད་རྒྱུ་དེ་རེད། མོའི་བཟའ་ཟླ་ནི་རྩོམ་པ་པོ་གྷི་ཐི་ལུ་ཏེ་ཟི་ཐེ་ Gertrude Stein ཡིན། འོན་ཀྱང་མོའི་བཟའ་ཟླ་ལ་འཛམ་གླིང་ཡོངས་ནས་བསྟོད་བསྔག་ཐོབ་བཞིན་པ་ཡིན།

སུའུ་ཆན་གྱིས་ང་ཚོ་ཚང་མ་ཁ་ཁུ་སིམ་སིམ་གྱི་སྡེངས་ཆའི་རྒྱབ་ཀྱི་མི་སྣ་དག་རེད། ཅེས་དང༌། འོན་ཀྱང་སྐབས་འགར་མི་སུ་འདྲ་ཞིག་ཡིན་ཡང་ཁ་ཁུ་སིམ་སིམ་གྱི་གནས་སྟངས་དེར་སུན་སྣང་སྐྱེ་སྲིད་པ་རེད། ཅེས་ཀྱང་བཤད་ཡོད།

ཨ་ལན་ཊི་ལ་ཁེན་ནི་རྩོམ་འདིར་ཞིབ་འཇུག་གི་ལེགས་སྐྱེས་ཕུལ་མྱོང་མཁན་ཞིག་ཡིན།
རྩོམ་འདི་ ༢༠༡༤ ལོའི་ཟླ་ ༡ ཚེས་ ༢༢ ཉིན་ཐོག་མར་སྤེལ།
རྒྱ་སྒྱུར་ལོ་ཙ་བ། ཝང་ཞང་དབྱི།
མ་རྩོམ་འབྲེལ་ཐག

http://cn.nytstyle.com/food-wine/20140218/t18kitchen/

 


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -