ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

24.12.2015 12:24:38
གསར་འཕྲིན།

རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་ཡོད་པའི་བྱེས་ཀྱི་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་ྋགོང་ས་མཆོག་གིས་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་བཀའ་ཆོས་བཀའ་དྲིན་ཆེ་བའི་ནང་དོན་སྙིང་བསྡུས་ཀྱི་དཀར་ཆག་གཤམ་གསལ།


༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢༥ ཉིན་བྱེས་ཀྱི་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་བཀའ་ཆོས་བཀའ་དྲིན་ཆེ་བའི་ནང་དོན་སྙིང་བསྡུས་ཀྱི་དཀར་ཆག་གཤམ་གསལ།།

ཉིན་དྲུག་པའི་སྔ་དྲོའི་བཀའ་ཆོས་ཀྱི་ནང་དོན་སྙིང་བསྡུས།

1. སྔ་དྲོའི་ཕྱག་ཚོད་ ༨ དང་སྐར་མ་ ༥༥ ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བཞུགས་ཁྲིར་ྋཞབས་སོར་བདེ་འཁོད་གྲུབ་མ་ཐག་རྒྱུན་ཆགས་གསུམ་པ་དང༌། ཤེས་རབ་སྙིང་པོ། ཉན་ཐོས་ཞི་འཚོ་མ་བཅས་གསུངས་ཤིང༌། ཇ་མཆོད་འབུལ།
2. ཕྱག་ཚོད་ ༩ དང་སྐར་མ་ ༩ ཐོག་ལམ་རིམ་གསོལ་འདེབས་ལམ་མཆོག་སྒོ་འབྱེད། མཎྜལ་བཅས་ཀྱི་སྔོན་འགྲོའི་ཞལ་འདོན་གྱི་རིམ་པ་རྣམས་གསུང་འདོན་གནང༌།
3. ཕྱག་ཚོད་ ༩ དང་སྐར་མ་ ༢༥ ཐོག་བདེ་སྲུང་དྲུང་ཟུར་བྱམས་པ་སྐལ་ལྡན་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་དང་བཅས་ལོ་རྒྱུས་ཀྱི་ཕྱག་དེབ་དབུ་འབྱེད་མཛད་ཅིང༌། དེ་རྗེས་ཁྲི་རིན་པོ་མཆོག་ནས་བསྙེན་བཀུར་དང་བཅས་ལོ་བདུན་ཚང་ལ་ཉེ་བ་དང༌། ལྷག་པར་མགོན་པོ་གང་ཉིད་ནས་བུདྷ་པཱ་ལི་ཏ་དང༌། ཚིག་གསལ་སོགས་མང་དུ་གསན་བཞེས་མཛད་ཚུལ། མ་འོངས་པར་བསྟན་འགྲོའི་དོན་དུ་ཐུགས་བཞེད་ལྷུན་འགྲུབ་ཡོང་བར་ཐུགས་སྨོན་མཚམས་སྦྱོར་གནང་གལ་ཆེ་སྐོར། ཡང་སྒོས་དེ་རིང་ཡོངས་འཛིན་གླིང་སྤྲུལ་རྡོ་རྗེ་འཆང་གི་དགོངས་རྫོགས་དུས་དྲན་ཡིན་པས་གསོལ་ཚོགས་སྨིན་འབུལ་གནང་རྒྱུ་དང༌། ཡོངས་འཛིན་སྟག་བྲག་རིན་པོ་ཆེའི་ཡང་སྲིད་བོད་དུ་ལུས་པས་རེ་བ་བྲལ་བ་དང༌། གླིང་མཆོག་སྤྲུལ་རིན་པོ་ཆེ་ད་ལྟ་རེ་བ་རྒྱག་ཡུལ་ཆགས་ཡོད་པ་དང༌། ཁྲི་བྱང་རིན་པོ་ཆེའི་ཡང་སྲིད་ལ་རེ་བ་ཆེན་པོ་བརྒྱབ་ཀྱང་དེ་ལྟར་མ་བྱུང་བར་ད་ལྟ་བར་ཆད་ཀྱི་ཐོག་ཏུ་ཡོད་མུས་ཡིན་པ། ཕྱི་རྒྱལ་ཆོས་ཞུ་བ་རྣམས་ལ་དེ་རིང་ཡེ་ཤུའི་འཁྲུངས་སྐར་ཡིན་པས་མང་ཚོགས་ལ་འཚམས་འདྲི་དང༌། ལམ་རིམ་བཀའ་ཆོས་ཚེས་ ༢༨ ལ་ལེགས་གྲུབ་ཡོང་རྒྱུར་ཚེས་ ༢༩ ཉིན་ཕྱི་རྒྱལ་བ་རྣམས་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་བཞེད་ཡོད་སྐོར་བཅས་གསུངས།
4. ཕྱག་ཚོད་ ༩ དང་སྐར་མ་ ༣༡ ཐོག་བཀའ་ཆོས་དབུ་འཛུགས་མཛད། དེ་ཡང་སེར་བྱེས་ཏྲེ་ལྷ་རམས་དགེ་བཤེས་ཚུལ་དགའ་ནས་གསོལ་འདེབས་ཞུས་པ་ལྟར། སེམས་ཅན་མགུ་བར་བྱ་བའི་བསྟོད་པ་ཉེ་འཆར་ཁྲི་ཆེན་རྡོ་རྗེ་འཆང་གི་དྲུང་ནས་ལུང་གསན་བཞེས་མཛད་པ་དང༌། དེ་དང་ཆབས་ཅིག་བྱང་ཆུབ་སེམས་འགྲེལ་ཡང་ཁྲི་རིན་པོ་ཆེའི་དྲུང་ནས་གསན་བཞེས་མཛད་ཚུལ་དང་བཅས་ཏེ་མགོན་པོ་ཀླུ་སྒྲུབ་ཀྱི་གསུང་བཟང་འདི་གཉིས་བཀའ་ཆོས་གནང་བཞེད་སྐོར་གསུངས་ཤིང༌། ནང་ཆོས་ནི་སྙིང་རྗེ་རྩ་བར་བྱས་པས་བྱང་ཆུབ་སེམས་འགྲེལ་གྱི་གལ་གནད་ཆེ་བས་རྟག་ཏུ་ལྟ་ཀློག་བྱེད་དགོས་ཚུལ་ལས་བརྩམས་ཏེ་བྱང་ཆུབ་སེམས་འགྲེལ་གྱི་གལ་གནད་ཆེ་སར་བཀའ་ཁྲིད་མཛད།
5. ཕྱག་ཚོད་ ༩ དང་སྐར་མ་ ༤༣ སེམས་ཅན་མགུ་བར་བྱ་བའི་བསྟོད་པའི་བཀའ་ཁྲིད་དབུ་འཛུགས་མཛད་ཅིང༌། སེམས་ཅན་མགུ་བར་བྱ་བའི་ཚིགས་སུ་བཅད་པ་མཆན་དང་བཅས་པ་ཁལ་ཁ་ངག་དབང་དཔལ་ལྡན་གྱིས་མཛད་པའི་བཤད་ལུང་མེད་པར་གསུངས།
6. ཕྱག་ཚོད་ ༩ དང་སྐར་མ་ ༤༨ ཐོག་ཞྭ་དམར་ལམ་རིམ་གྱི་ཤོག་གྲངས་ ༢༩༢ ཐོག་གི་དྲུག་པ་ཤེས་རབ་ཀྱི་ཕར་ཕྱིན་ནི། ཞེས་པ་ཁ་སང་གི་གསུང་འཕྲོ་ནས་བཀའ་ཁྲིད་མཛད་ཅིང༌། གསུང་རབ་ཀྱི་གནད་ཕྱིན་ཅི་མ་ལོག་པར་མཁྱེན་པའི་མཁས་པ་བསྟེན་པ་དང་ཞེས་སོགས་ལས་འཕྲོས་ནས་ཤེས་སྙིང་པོ་ལས། ཕུང་པོ་ལྔ་པོ་འདི་དག་ཀྱང༌། ཞེས་པའི་ལེགས་སྦྱར་དང༌། བོད་སྐད། རྒྱའི་ཤེས་རབ་སྙིང་པོ་བཅས་ལ་ཀྱང་སྒྲ་ཡོད་མེད་དང༌། ཀྱང་སྒྲ་ཡོད་ན་གོ་རྒྱུ་ཤིན་ཏུ་ཆེན་པོ་ཡོད་ཚུལ་བཀའ་འགྲེལ་མཛད།
7. ཕྱག་ཚོད་ ༡༠ ༦ ཐོག་ལོ་ངོ་བཞི་བཅུའི་གོང་དུ་དབུ་མ་དགོངས་པ་རབ་གསལ་ལས། གང་ཟག་ནི་རྟོགས་པས་བཏགས་པ་ཙམ་མོ། །ཞེས་པའི་སྐབས་སུ་བློ་ངོར་དམིགས་བསལ་སྙིང་ལ་ཚ་ཤུར་དང་བཅས་དེ་རྗེས་ནས་གང་ཟག་བདག་མེད་རགས་པ་རྟོགས་ཚུལ་དང༌། ཕྲ་རགས་ཀྱི་རྣམ་གཞག་འབྱེད་དགོས་པའི་གལ་གནད་སྐོར་བཀའ་སྩལ།
8. ཕྱག་ཚོད་ ༤༠ བསྟན་འགྱུར་ཡོངས་རྫོགས་ལ་ལྟ་ཀློག་བྱ་རྒྱུ་དཀའ་ཡང༌། དེ་དག་གཙོ་བོ་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་ཟུར་བཏོན་ཕྱོགས་སྒྲིག་བྱེད་བཞིན་པ་ལྟར་པཎ་གྲུབ་བཅུ་བདུན་གྱི་གསུང་ལ་ལྟ་དགོས་པ་དང༌། ལྷག་པར་ཛ་དྲག་ལྟ་བུར་ས་ལམ་གྱི་རྣམ་གཞག་ཕར་ཕྱིན་གྱི་གཞུང་ལུགས་ལ་ལྟ་ཀློག་དགོས་གལ་སྐོར་བཀའ་སློབ་སྩལ།
9. ཕྱག་ཚོད་ ༡༠ དང་སྐར་མ་ ༥༠ ཐོག་དགེ་བཤེས་གྲགས་པ་རྒྱ་མཚོའི་དྲུང་ནས་ཞྭ་དམར་ལྷག་མཐོང་ཆེན་མོའི་བཤད་ལུང་གསན་བཞེས་གནང་ཚུལ་སྐོར་གསུངས་ཏེ་བཀའ་ཁྲིད་མཛད་དེ་ཕྱག་ཚོད་ ༡༡ ཐོག་ཞྭ་དམར་ལམ་རིམ་བཀའ་ཁྲིད་ཡོངས་སུ་རྫོགས་པ་ལེགས་པར་གྲུབ།
10. ཕྱག་ཚོད་ ༡༡ ཐོག་ལམ་རིམ་རྣམ་གྲོལ་ལག་བཅངས་ཀྱི་ཤོག་གྲངས་ ༥༡༥ ཐོག་གི་གཉིས་པ་ཞི་གནས་སྒྲུབ་ཚུལ་དངོས་ནི། དབུས་མཐའ་ལས། ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད། །བསྟེན་པའི་རྒྱུ་ལས་བྱུང་བ་འོ། །ཞེས་སོགས་ནས་དབུ་འཛུགས་ཀྱིས་བཀའ་ཁྲིད་གནང་ཞིང༌། དབུ་མ་སྙིང་པོ་མཁན་ཆེན་ཀུན་དགའ་དབང་ཕྱུག་གིས་མཆན་འགྲེལ་མཛད་པའི་ཐོག་ནས་འཆད་ཉན་གྱི་རྒྱུན་སྤེལ་བར་མཛད་ཚུལ་སྐོར་བཀའ་སྩལ།
11. ཕྱག་ཚོད་ ༡༡ དང་སྐར་མ་ ཐོག་ལམ་རིམ་རྣམ་གྲོལ་ལག་བཅངས་ཀྱི་ཤོག་གྲངས་ ༥༣༡ ཐོག་གི་དེ་སྟོབས་ཞན་དུ་བཏང་ཟིན་ནས་དོགས་ཟོན་ཆེར་མི་དགོས་པར་བཀག་ཙམ་གྱིས་ཆོག་པ་བཞིན་ཡིན་པར་གསུངས། ཞེས་པའི་བར་བཀའ་ཁྲིད་མཛད་དེ་སྔ་དྲོའི་ཆོས་ཐུན་ལེགས་པར་གྲུབ་པ་བཅས་སོ།།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢༤ ཉིན་བྱེས་ཀྱི་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་བཀའ་ཆོས་བཀའ་དྲིན་ཆེ་བའི་ནང་དོན་སྙིང་བསྡུས་ཀྱི་དཀར་ཆག་གཤམ་གསལ།།

ཉིན་ལྔ་པའི་ཕྱི་དྲོའི་བཀའ་ཆོས་ཀྱི་ནང་དོན་སྙིང་བསྡུས།

14. ཕྱི་དྲོའི་ཕྱག་ཚོད་ ༡༢ དང་སྐར་མ་ ༥༥ ཐོག་ྋགོང་ས་མཆོག་ཆིབས་སྒྱུར་གནང་སྟེ། ལམ་རིམ་རྣམ་གྲོལ་ལག་བཅངས་ཀྱི་ཤོག་གྲངས་ ༤༧༧ ཐོག་གི་གསུམ་པ་རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ་ནི། ཞེས་པ་ནས་ཐད་ཀར་བཀའ་ཁྲིད་མཛད།
15. ཕྱག་ཚོད་ ༡ དང་སྐར་མ་ ༤༥ ཐོག་ཤོག་གྲངས་ ༤༩༧ ནང་ཆོས་ཀྱི་འགྲོ་ལུགས་ནི། འདུལ་བ་ལས་གསུངས་པ་ལྟར་མ་གསོལ་བར་མི་བྱའོ། །ཞེས་པའི་སྐབས་ནས་འཕྲོས་ཏེ་ཆོས་ལུགས་མཐུན་སྒྲིལ་བྱེད་གལ་ཆེ་བ་དང༌། འཛམ་གླིང་ཐོག་ཆོས་ལུགས་དབར་དམག་འཁྲུགས་ཀྱིས་མི་གསོད་ཀྱི་གནས་ཚུལ་བྱུང་ཚུལ། སྔར་ལ་དྭགས་སུ་ཁ་ཆེ་དང་ནང་པའི་དབར་མི་མཐུན་པ་བྱུང་བ་མགོན་པོ་གང་ཉིད་ནས་ལམ་སྟོན་གྱིས་འདུམ་པར་མཛད་ཚུལ། བོད་ལ་ཆོས་ལུགས་མི་མཐུན་པའི་དབར་དབང་འཁྲུག་སོགས་བྱུང་མྱོང་མེད་པའི་སྐོར་གསུངས། བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཁུལ་དུ་ཆོས་ལུགས་དང་ཆོས་བརྒྱུད་དབར་འཐེན་འཁྱེར་གནས་ཚུལ་བྱུང་བ་རྣམས་མི་དགོས་པའི་སྐོར། མགོན་པོ་གང་ཉིད་ནས་ཆོས་ལུགས་ཚང་མར་གུས་ཞབས་དང་མཐུན་ལམ་ཇི་ལྟར་མཛད་ཚུལ། བཟང་ས་ནས་ལྟ་དགོས་པ་དང༌། ཐུན་མོང་གི་ཉམས་ལེན་བྱེད་དགོས་པ་དང༌། འཛམ་གླིང་ཐོག་ཡེ་ཤུ་དུང་ཕྱུར་བཅུ་དང༌། ཁ་ཆེ་དུང་ཕྱུར་བཅུ། ཧིན་དྷུ་དུང་ཕྱུར་དྲུག ནང་པ་དུང་ཕྱུར་བཅུ་ཡས་ཙམ་ཞིག་ཡོད་པ་རྣམས་མ་འོངས་ལོ་སྟོང་ཕྲག་རིང་མུ་མཐུད་གནས་ངེས་ཡིན་པས་མཐུན་སྒྲིལ་བྱ་གལ་ཆེ་ལ། ལྟ་བའི་ཐོག་ནས་མི་མཐུན་པ་ཆེན་པོ་ཡོད་ཀྱང་སེམས་ཅན་གྱི་ཁམས་མོས་དང་བསྟུན་ནས་དགོས་མཁོ་ཡོད་པ་དང༌། བཟང་པོའི་བསླབ་བྱ་གཅིག་མཚུངས་སུ་རྒྱག་མཁན་ཡིན་པ། གཞན་ཡང་ང་ཚོ་དགེ་ལུགས་དང༌། ང་ཚོ་བཀའ་བརྒྱུད། བཀའ་བརྒྱུད་ནང་ཁུལ་དུའང་ཆེ་བཞི་ཆུང་བརྒྱད་སོགས་སུ་དབྱེ་ནས་འཐེན་འཁྱེར་བྱེད་པ་ནི་མི་ལེགས་པར་འཐེན་འཁྱེར་བྱ་མི་རིགས་པར་གདམས་པར་མཛད། ལྷག་པར་སྔོན་བྱོན་མཁས་དབང་རྣམས་ཀྱིས་ཕན་ཚུན་དགག་པ་བསྐྱོན་ཡོད་ཅེས་ཐག་རིང་དུ་མི་འཇོག་པར་དེ་དག་གི་དགོངས་པ་བཞེས་ལུགས་རྣམས་ཤེས་དགོས་པ་དང༌། ང་ཚོས་གྲུབ་མཐར་སློབ་གཉེར་བྱེད་སྐབས་མུ་སྟེགས་པའི་གྲུབ་མཐར་སྦྱོང་བཞིན་པ་ལྟར། རིས་མེད་བསྟན་པའི་གཞུང་ལུགས་ཁག་ལ་སློབ་གཉེར་བྱེད་དགོས་པ། ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པ་ནི་ཐ་སྙད་ཅུང་ཟད་མི་འདྲ་བ་ཙམ་ལས་དོན་ལ་ཁྱད་པར་མེད་ཚུལ་སྐོར་བཀའ་སྩལ།
16. བླ་མའི་མིང་ཡོད་པ་ཙམ་གྱིས་ངོ་མཚར་ཆེ་རྒྱུ་མེད་ཚུལ་དང༌། བོད་པས་བླ་མར་དད་གུས་བྱེད་པ་ལས། དགེ་བཤེས་མཁས་དབང་རྣམས་ལ་སྣང་མེད་བྱེད་པ་སོགས་ནི་རྗེས་ལུས་ཀྱི་རྟགས་མཚན་ཡིན་ཚུལ་དང༌། རྫ་དཔལ་སྤྲུལ་རིན་པོ་ཆེའི་གནས་མོའི་གཡོག་ཏུ་བཀོལ་ཚུལ་གྱི་རྣམ་ཐར་སྐོར་གསུངས། བར་ལམ་ཆོས་པ་རྫུན་མས་བཤུ་གཞོག་གཏོང་བ་དང༌། ལོག་གཡེམ་བྱེད་མཁན་ལྟ་བུ་བྱུང་བཞིན་པ་ནི་བློ་ཕམ་གྱི་གནས་ཡིན་ཚུལ། རྒྱའི་སློབ་མ་རྣམས་ནས་དགེ་བའི་བཤེས་གཉེན་བསྟེན་སྐབས་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ཚང་མིན་ལ་བརྟགས་ཤིང་དཔྱད་ནས་བསྟེན་དགོས་པའི་སྐོར་ལམ་སྟོན་མཛད། ན་རོ་བོན་ཆུང་གིས་རྗེ་བཙུན་མི་ལ་མཇལ་བར་ཕེབས་ཚུལ་གྱི་རྣམ་ཐར་སྐོར་བཀའ་སྩལ།
17. ཕྱག་ཚོད་ ༢ དང་སྐར་མ་ ༥ ཐོག་ཤོག་གྲངས་ ༤༩༧ ནས་མུ་མཐུད་བཀའ་ཁྲིད་མཛད་དེ་ཤོག་གྲངས་ ༥༠༠ ཐོག་ཀླན་ཀ་ཚོལ་འདོད་ལ་གླེགས་བམ་སྦྱིན་པ་དང༌། ཞེས་པ་ལས་འཕྲོས་ཏེ་ྋརྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་འཁྲུངས་རབས་རྣམ་ཐར་ནོར་བུའི་ཕྲེང་བ་ཕྱོགས་སྒྲིག་དཔར་སྐྲུན་མཛད་པའི་སྐོར་དང༌། ཚ་བ་མདའ་སྨྱུག་དང༌། ཞོགས་དུང་སོགས་ཀྱིས་རྩོམ་ཡིག་གི་རིགས་ལ་ལེགས་པོར་གཟིགས་ཚུལ། པཎ་གྲུབ་བཅུ་བདུན་གསར་གཏོད་མཛད་པའི་དགོས་དམིགས་སོགས་ཀྱི་སྐོར་བཀའ་སྩལ།
18. ཕྱག་ཚོད་ ༢ དང་སྐར་མ་ ཐོག་ཤོག་གྲངས་ ༥༡༥ ཐོག་དེས་ན་རྒྱུ་ཚོགས་འདི་དག་ཚང་བ་ཞིག་གིས་བརྩོན་པར་སྒྲུབ་ན། ཞི་གནས་འགྲུབ་པ་ལ་ཟླ་བ་དྲུག་ལས་མི་འགོར་བར་གསུངས། ཞེས་པའི་བར་བཀའ་ཁྲིད་མཛད།
19. ཕྱག་ཚོད་ ༢ དང་སྐར་མ་ ༤༢ ཐོག་ལམ་རིམ་སྨོན་ལམ་བཅས་གསུངས་ཏེ་ཕྱི་དྲོའི་བཀའ་ཆོས་ལེགས་པར་གྲུབ་པ་ལགས་སོ།།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢༤ ཉིན་བྱེས་ཀྱི་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་བཀའ་ཆོས་བཀའ་དྲིན་ཆེ་བའི་ནང་དོན་སྙིང་བསྡུས་ཀྱི་དཀར་ཆག་གཤམ་གསལ།།

ཉིན་ལྔ་པའི་སྔ་དྲོའི་བཀའ་ཆོས་ཀྱི་ནང་དོན་སྙིང་བསྡུས།

7. སྔ་དྲོའི་ཕྱག་ཚོད་ ༩ པའི་ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བཞུགས་ཁྲིར་ྋཞབས་སོར་བདེ་འཁོད་གྲུབ་མ་ཐག་རྒྱུན་ཆགས་གསུམ་པ་དང༌། ཉན་ཐོས་ཞི་འཚོ་མ་བཅས་གསུངས་ཤིང༌། ཇ་མཆོད་འབུལ།
8. ཕྱག་ཚོད་ ༩ དང་སྐར་མ་ ༡༢ ཐོག་ལམ་རིམ་གསོལ་འདེབས་ལམ་མཆོག་སྒོ་འབྱེད། མཎྜལ་བཅས་ཀྱི་སྔོན་འགྲོའི་ཞལ་འདོན་གྱི་རིམ་པ་རྣམས་གསུང་འདོན་གནང༌།
9. ཕྱག་ཚོད་ ༩ དང་སྐར་མ་ ༢༥ ཐོག་བཀའ་ཆོས་དབུ་འཛུགས་མཛད། དེ་ཡང༌། ཐུབ་བསྟན་བཟོད་པ་རིན་པོ་ཆེས། འདི་ལོར་བལ་ཡུལ་དུ་ས་ཡོམ་དང༌། ཆབ་སྲིད་ཀྱི་དཀའ་རྙོག་ལས་སྣུམ་དང༌། བཟའ་བཅའ་སོགས་ཀྱི་དཀའ་རྙོག་ཤུགས་ཆེ་འཕྲད་པར་བརྟེན་ཆོས་ཞུར་བཅར་བའི་མང་ཚོགས་རྣམས་ལ་བླང་དོར་ལམ་སྟོན་གྱི་བཀའ་སློབ་སྨིན་སྩོལ་ཡོང་བའི་གསོལ་འདེབས་ཞུས་པ་ལྟར། ཐོག་མར་ཆོས་རྒྱལ་སྲོང་བཙན་སྐབས་བལ་བཟའ་ཁྲི་བཙུན་བཙུན་མོར་བསུས་པ་དང༌། ལྷ་གདན་གཙུག་ལག་ཁང་གསར་བཞེངས་སྐབས་བལ་པོའི་བཟོ་རིགས་པ་གདན་ཞུ་གནང་ཚུལ། འཛམ་གླིང་གི་ཆགས་རབས་དང༌། སྐར་ཚོགས་ཀྱི་འགྱུར་འགྲོས་སོགས་ལས་འཛམ་གླིང་ཐོག་ས་ཡོམ་དང༌། ཆུ་ལོག་སོགས་འབྱུང་བཞིའི་དབང་གིས་རྒྱ་གར་དང་བལ་ཡུལ་ཁུལ་དུ་དཀའ་སྡུག་མང་དུ་འཕྲད་པར་མགོན་པོ་གང་ཉིད་ནས་ཕན་གྲོགས་ཀྱི་ཞལ་འདེབས་གསོལ་སྩལ་གནང་ཚུལ། ས་ཡོམ་སྐབས་རིས་མེད་ཆོས་སྒར་ཁག་ནས་རོགས་རམ་ཤུགས་ཆེ་གནང་བར་ལེགས་སོ་བསྔགས་བརྗོད་མཛད། འདིར་འདུས་གློ་བུར་དུ་ལྷགས་པ་དང༌། གཉུག་མར་གནས་པའི་མི་ཚོགས་ཤིན་ཏུ་ཆེ་བ་འདི་ཉིད་ལྟད་མོ་སོགས་སུ་འདུ་འཛོམས་བྱུང་བ་མིན་པར་དམ་ཆོས་འཆད་ཉན་གྱི་སླད་དུ་མ་གྲོས་མགྲོན་དུ་ལྷགས་ཚུལ། སྐྱེ་འགྲོ་སྤྱི་དང༌། བྱེ་བྲག་འདིར་འདུས། ཡང་སྒོས་བལ་ཡུལ་དུ་དཀའ་རྙོག་འཕྲད་དང་འཕྲད་མུས་རྣམས་ལ་ཕན་གྲོགས་གང་ཐུབ་གནང་དགོས་པ་དང༌། འདས་གསོན་རྣམས་ལ་ཐུགས་སྨོན་འཚམས་སྦྱོར་གནང་དགོས་པར་གསུངས།
10. ཕྱག་ཚོད་ ༩ དང་སྐར་མ་ ༣༥ ཤོག་གྲངས་ ༢༤༤ མར་ཤེས་འདི་རྒྱུད་ལ་སྐྱེ་བ་ཤིན་ཏུ་དཀའ་བས་ཅི་བྱས་ཀྱང་སྐྱེར་མ་བཏུབ་བསགས་སྦྱངས་ལ་འབད་པ་དང༌། ཞེས་པ་ནས་ཤོག་གྲངས་ ༢༤༩ གཏན་དུ་ཕན་ཐོགས་ངེས་པའི་དྲིན་གཟོ་ཞིག་བྱ་དགོས་སྙམ་དུ་བསམ་མོ། །ཞེས་པའི་བར་མགོན་པོ་གང་ཉིད་ཀྱི་གཟིགས་དཔེའི་པར་མའི་ནང་ཆད་པས་དེ་རིང་འདིར་བཀའ་ཁྲིད་གནང༌། དེ་ལས་འཕྲོས་ཏེ་མངལ་དུ་བྱིས་པས་དབུགས་མི་གཏོང་བ་དང༌། བཙས་མ་ཐག་ནས་དབུགས་གཏོང་འགོ་ཚུགས་པ་སོགས་ཀྱི་སྐོར་གསུངས།
11. ཕྱག་ཚོད་ ༩ དང་སྐར་མ་ ༤༦ ཐོག་ཁ་སང་གི་བཀའ་ཆོས་སྩལ་འཕྲོའི་ཞྭ་དམར་ལམ་རིམ་དེ་ཉིད་ཀྱི་ཤོག་གྲངས་ ༢༧༢ གསུམ་པ་སེམས་བསྐྱེད་ནས་སྤྱོད་པ་ལ་སློབ་པའི་ཚུལ་ནི། སྦྱོར་བའི་གསོལ་འདེབས་ཡན་སེམས་བསྐྱེད་ཀྱི་སྐབས་དང་འགྲེ། ཞེས་པ་ནས་བཀའ་ཁྲིད་སྩལ་ཞིང༌། གཞན་ཕན་གྱི་ཐོག་ནས་ཁ་ཕན་ཚིག་ཕན་སོགས་བྱེད་དགོས་པ་དང༌། སྐམ་གཤེར་ལ་གནས་པའི་སྲོག་ཆགས་རྣམས་ལ་སྲོག་སྐྱོབ་སོགས་ཀྱི་ཕན་གྲོགས་བྱེད་དགོས་ཚུལ། ལམ་རིམ་ཆེན་མོ་ནི་བཅའ་ཡིག་གི་སྐུ་ཚབ་ལྟ་བུ་ཡིན་པས་རྒྱུན་དུ་ཉེ་འཁྲིས་སུ་བདག་ཉར་གྱིས་ལྟ་ཀློག་བྱེད་གལ་ཆེ་ཚུལ། རྗེ་བདག་ཉིད་ཆེན་པོའི་གསུང་གི་ཡིག་འབྲུ་རེ་རེ་བཞིན་བྱིན་རླབས་ཅན་ཡིན་ཚུལ། བཀའ་གདམས་གོང་མའི་གསུང་སྒྲོས་ལ་ལམ་རིམ་གྱི་གཞུང་ནི་གང་ཟག་གཅིག་འཚང་རྒྱ་བའི་ལམ་གྱི་རིམ་པར་བསྒྲིགས་ནས་བསྟན་ཡོད་ཅེས་གསུངས་ཚུལ་སྐོར་བཀའ་སྩལ་ཞིང༌། ལམ་རིམ་ལས་སྦྱིན་པ་དང༌། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན་བཅས་ཕར་ཕྱིན་སྔ་མ་ལྔའི་སྐོར་བཀའ་ཁྲིད་ཀྱིས་ཤོག་གྲངས་ ༢༩༢ བསམ་གཏན་གོང་མ་རྣམས་ཀྱང་སྨོན་པའི་ཡུལ་དུ་བྱ། ཕར་ཕྱིན་དྲུག་ལྡན་དུ་སྒྲུབ་པའི་ཚེ་གཞན་བསམ་གཏན་ལ་འགོད་པ་ནི་བསམ་གཏན་གྱི་སྦྱིན་པ་ཡིན་ལ་ལྷག་མ་སྔར་དང་འདྲ། ཞེས་པའི་བར་བཀའ་ཁྲིད་མཛད།
12. ཕྱག་ཚོད་ ༡༠ དང་སྐར་མ་ ༣༥ ཐོག་ལམ་རིམ་རྣམ་གྲོལ་ལག་བཅངས་ཀྱི་ཤོག་གྲངས་ ༤༦༤ ཐོག་གི་དེས་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་སེམས་བསྐྱེད་པ་སོང་ནས། ད་ནི་རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་ལུགས་ཀྱི་བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱང་བ་འཆད་པ་ལ། ཞེས་པ་ནས་བཀའ་ཁྲིད་མཛད། དེ་ལས་འཕྲོས་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྣམ་དཔྱོད་ལྡན་པའི་རང་དོན་སྒྲུབ་ཚུལ་དང༌། རང་གཅེས་སྤངས་ནས་གཞན་གཅེས་འཛིན་བྱེད་དགོས་པ། བསམ་གཏན་གྱི་གལ་གནད། ལམ་གཙོ་དང༌། བློ་སྦྱོང་ཚིག་བརྒྱད་མ། རྟེན་འབྲེལ་བསྟོད་པ་བློ་འཛིན་གྱི་ནམ་རྒྱུན་བསམ་བློ་གཏོང་གལ་ཆེ་ཚུལ་སོགས་ཀྱི་སྐོར་བཀའ་སྩལ།
13. ཕྱག་ཚོད་ ༡༡ དང་སྐར་མ་ ༡༥ ཐོག་ཤོག་གྲངས་ ༤༧༦ ལས་འཕྲོས་ཏེ་ས་བཅུ་ལམ་ལྔ་རིམ་བགྲོད་ཚུལ་དང༌། སྤང་བྱ་སྤོང་ཚུལ་སྐོར་རྒྱས་པར་གསུངས་ཤིང་ཤོག་གྲངས་ ༤༧༦ དེ་གཉིས་རླུང་ལ་བསྐྱོན་པར་བྱ། ཞེས་པའི་བར་བཀའ་ཁྲིད་སྩལ་ཏེ་སྔ་དྲོའི་ཆོས་ཐུན་ལེགས་པར་གྲུབ་པའོ།།

 

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢༣ ཉིན་བྱེས་ཀྱི་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་བཀའ་ཆོས་བཀའ་དྲིན་ཆེ་བའི་ནང་དོན་སྙིང་བསྡུས་ཀྱི་དཀར་ཆག་གཤམ་གསལ།།

ཉིན་བཞི་པའི་སྔ་དྲོའི་བཀའ་ཆོས་ཀྱི་ནང་དོན་སྙིང་བསྡུས།

1. སྔ་དྲོའི་ཕྱག་ཚོད་ ༩ དང་སྐར་མ་ ༢ ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བཞུགས་ཁྲིར་ྋཞབས་སོར་བདེ་འཁོད་གྲུབ་མ་ཐག་རྒྱུན་ཆགས་གསུམ་པ་དང༌། ཤེས་རབ་སྙིང་པོ་དང༌། ལམ་རིམ་གསོལ་འདེབས་ལམ་མཆོག་སྒོ་འབྱེད། མཎྜལ་བཅས་ཀྱི་སྔོན་འགྲོའི་ཞལ་འདོན་གྱི་རིམ་པ་རྣམས་གསུང་འདོན་གནང༌།
2. ཕྱག་ཚོད་ ༩ དང་སྐར་མ་ ༣༠ ཐོག་སྔོན་འགྲོའི་བཀའ་ཆོས་དབུ་འཛུགས་ཀྱིས། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་ལས། བདག་ཉིད་དང་ནི་འཇིག་རྟེན་འདིའི། །བླ་མེད་བྱང་ཆུབ་ཐོབ་འདོད་ན། །ཞེས་སོགས་ཚིགས་སུ་བཅད་པ་ལས་བརྩམས་ཏེ་དལ་འབྱོར་དོན་ལྡན་བྱེད་དགོས་པ་དང༌། སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་ཐོབ་བྱེད་ཀྱི་རྒྱུ་ལ་བསླབ་དགོས་པ། པཎ་གྲུབ་རྣམས་ཀྱི་གཞུང་ལ་ངེས་པར་བསླབ་དགོས་པ་དང༌། ལྷག་པར་མ་ཤེས་པའི་དཀའ་གནད་ཀྱི་རིགས་ལ་དེ་བས་ཨུ་ཚུགས་ཀྱིས་འབད་དེ་ཞག་བསྐྱེད་དང་ཟླ་བསྐྱེད་མ་ཐོན་ནའང་ལོ་བསྐྱེད་ཐོན་པ་ཞིག་བྱེད་དགོས་པ། རྗེ་བདག་ཉིད་ཆེན་པོ་མགོན་པོ་ཀླུ་སྒྲུབ་གཉིས་པ་ལྟ་བུ་ཡིན་ཚུལ། ཐོས་བསམ་སྒོམ་གསུམ་གྱི་རིམ་པ་ཇི་ལྟར་བགྲོད་དགོས་ལུགས། མ་མཐོང་ན་བུ་ལ་དྲིས། མ་ཤེས་ན་རྗེ་ལ་དྲིས་ཞེས་བརྗོད་ཚུལ་བཅས་ཀྱི་སྐོར་རྒྱས་པར་བཀའ་སྩལ།
3. ཕྱག་ཚོད་ ༩ དང་སྐར་མ་ ༥༤ ཐོག་ཞྭ་དམར་ལམ་རིམ་ཤོག་གྲངས་ ༢༢༥ གསུམ་པ་འཆི་འཕོ་བ་དང་ཉིང་མཚམས་སྦྱོར་ཚུལ་ལ་གསུམ། འཆི་བ་ཇི་ལྟར་འབྱུང་ཚུལ་དང༌། ཤི་ནས་བར་དོ་འགྲུབ་ལུགས་དང༌། དེ་ནས་སྐྱེ་སྲིད་དུ་སྐྱེ་བ་ལེན་ཚུལ་ལོ། །ཞེས་ཁ་སང་གི་གསུང་འཕྲོ་ནས་རིམ་བཞིན་བཀའ་ཁྲིད་མཛད་དེ་ཤོག་གྲངས་ ༢༣༩ གཞི་རྩ་བརྟན་པོར་ཚུགས་པ་ཞིག་ཅིས་ཀྱང་བྱའོ། །ཞེས་པའི་བཀའ་ཁྲིད་གནང༌།
4. ཕྱག་ཚོད་ ༡༠ དང་སྐར་མ་ ༣༥ སྟེང༌། ལམ་རིམ་རྣམ་གྲོལ་ལག་བཅངས་ཀྱི་ཤོག་གྲངས་ ༤༡༡ གསུམ་པ་འཆི་འཕོ་བ་དང་ཉིང་མཚམས་སྦྱོར་བའི་ཚུལ་ལ་གསུམ་ལས། དང་པོ་འཆི་བ་ཇི་ལྟར་འབྱུང་ཚུལ་ནི། འཆི་བའི་རྐྱེན་ཚེ་ཟད་པ། བསོད་ནམས་ཟད་པ། ཡ་ང་བ་མ་སྤངས་པར་འཆི་བའི་རྐྱེན་མདོ་ནས་གསུངས་པའི་འཆི་རྐྱེན་དགུ་སོགས་ཀྱིས་བྱེད། ཅེས་ནས་བཀའ་ཁྲིད་སྩལ་ཞིང༌། དེ་ལས་འཕྲོས་ཏེ་རྒྱུ་འབྲས་རྟེན་འབྱུང་གི་ཐོག་ནས་མངོན་མཐོ་སྒྲུབ་པ་དང༌། བརྟེན་ནས་བཏགས་པའི་རྟེན་འབྱུང་གི་ཐོག་ནས་ངེས་ལེགས་སྒྲུབ་པ་བཅས་མདོར་ན་སྟོན་པའི་དམ་ཆོས་འདི་ཉིད་སྐྱེ་འགྲོར་ཕན་པ་འབའ་ཞིག་གི་སླད་དུ་གསུངས་པའི་སྐོར་ཚད་ཆེན་གྱི་འགྲེལ་པ་སློབ་དཔོན་པདྨ་ངང་ཚུལ་གྱིས་མཛད་པའི་ནང་གསལ་བར་གསུངས་པའི་སྐོར་གསུངས་ཏེ་ལམ་རིམ་ཤོག་གྲངས་ ༤༢༩ ཡེངས་ནའང་ངོས་ཟིན་པའི་གནད་ཡོད་ཚུལ་སོགས་གསུངས། ཞེས་པའི་བར་བཀའ་ཁྲིད་མཛད།
5. ཕྱག་ཚོད་ ༡༡ དང་སྐར་མ་ ༡༠ ཐོག །གསུམ་པ་སྐྱེས་བུ་ཆེན་པོའི་རིམ་པ་ལ་བློ་སྦྱང་བ་ལ་གསུམ། ཐེག་ཆེན་གྱི་འཇུག་སྒོ་སེམས་བསྐྱེད་ཁོ་ནར་བསྟན་པ་དང༌། སེམས་དེ་ཇི་ལྟར་བསྐྱེད་པའི་ཚུལ་དང༌། སེམས་བསྐྱེད་ནས་སྤྱོད་པ་ལ་སློབ་པའི་ཚུལ་ལོ། །ཞེས་པ་ནས་བཀའ་ཁྲིད་མཛད།
6. ཕྱག་ཚོད་ ༡༡ དང་སྐར་མ་ ༢༣ དེ་ལས་འཕྲོས་ཏེ་རབ་འབྱམས་རྒྱ་མཚོའི་ཞིང་ཁམས་དང༌། འཛམ་གླིང་བྱེ་བ་ཕྲག་བརྒྱ། གངྒཱའི་ཀླུང་གི་བྱེ་མ་སྙེད། རྡུལ་སྙེད་འཇིག་རྟེན་སོགས་ནང་ཆོས་ནས་གསུངས་པ་ལྟར་ཡོད་ཚུལ་དང༌། ལྷག་པར་ཉི་ཟླ་སྐར་གསུམ་གྱི་གནས་སྟངས་སྟོང་གནས་འཇིག་གསུམ་གསུངས་པ་དོན་ལ་གནས་ཚུལ། དེ་དག་ཀྱང་འབྱུང་བ་ལྔ་ལས་གྲུབ་ཚུལ་སོགས་ཆེ་ས་ནས་གསུངས་པ་ཡོངས་སུ་འགྲིགས་ཡོད་ལ། ཆུང་ས་ནས་རི་རབ་སོགས་ཚན་རིག་དང་མི་མཐུན་པའི་ཚུལ་རྣམས་གསུངས། ཤོག་གྲངས་ ༢༤༤ བར་བཀའ་ཁྲིད་སྩལ་ཏེ་སྔ་དྲོའི་ཆོས་ཐུན་ལེགས་པར་གྲུབ་བོ།།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢༣ ཉིན་བྱེས་ཀྱི་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་བཀའ་ཆོས་བཀའ་དྲིན་ཆེ་བའི་ནང་དོན་སྙིང་བསྡུས་ཀྱི་དཀར་ཆག་གཤམ་གསལ།།

ཉིན་བཞི་པའི་ཕྱི་དྲོའི་བཀའ་ཆོས་ཀྱི་ནང་དོན་སྙིང་བསྡུས།

1. ཕྱི་དྲོའི་ཕྱག་ཚོད་ ༡༢ དང་སྐར་མ་ ༤༢ ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་གནང་སྟེ། ཐད་ཀར་ཞྭ་དམར་ལམ་རིམ་གྱི་ཤོག་གྲངས་ ༢༤༤ སྟེང་གི་དེ་ལྟར་བདག་གི་སྐྱེ་བ་ལ་ཐོག་མ་མེད་པས་སྐྱེ་བ་གཅིག་ནས་ཞེས་པ་ནས་བཟུང་སྟེ་བཀའ་ཁྲིད་མཛད།
2. ཕྱག་ཚོད་ ༡ དང་སྐར་མ་ ༢༣ ཐོག་གཉིས་པ་སེམས་བསྐྱེད་ཆོ་གས་བཟུང་བའི་ཚུལ་ལ་གཉིས། མ་ཐོབ་པ་ཐོབ་པར་བྱེད་པ་དང༌། ཐོབ་པ་མི་ཉམས་པར་བསྲུང་ཚུལ་ལོ། །ཞེས་པ་ནས་བཀའ་ཁྲིད་མཛད་ཅིང༌། དེ་ལས་འཕྲོས་ནས་ཡོངས་འཛིན་སྟག་བྲག་རིན་པོ་ཆེའི་ཐུགས་རྒྱུད་ལ་བྱང་ཆུབ་ཀྱི་སེམས་འཁྲུངས་ཡོད་ཚུལ་གྱི་ཞལ་བཞེས་མཛད་ཚུལ་དང༌། ཕྱི་ལོ་ ༡༩༦༧ ནས་མགོན་པོ་གང་ཉིད་ནས་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་གྱི་དྲུང་ནས་སྤྱོད་འཇུག་གསན་བཞེས་པ་ནས་བཟུང་སྟེ་རྒྱ་ཆེའི་ཆོས་ཞུ་བར་སྤྱོད་འཇུག་གི་བཀའ་ཁྲིད་མཛད་པ་དང༌། མགོན་པོ་གང་ཉིད་ནས་ཀྱང་ཉམས་བཞེས་མཛད་དེ་བྱང་ཆུབ་ཀྱི་སེམས་ཉམས་འོག་ཏུ་ཆུད་པའི་སྐོར་བཀའ་སྩལ་ཞིང༌། ཞྭ་དམར་ལམ་རིམ་ཤོག་གྲངས་ ༢༧༢ རང་གི་ནུས་པ་དང་བསྟུན་ནས་སྨོན་འཇུག་རིམ་ཅན་དུ་བླངས་ན་ལེགས་པར་མངོན་ནོ། །ཞེས་པའི་བར་བཀའ་ཁྲིད་མཛད།
3. ཕྱག་ཚོད་ ༡ དང་སྐར་མ་ ༣༠ ནས་ལམ་རིམ་རྣམ་གྲོལ་ལག་བཅངས་ཀྱི་ཤོག་གྲངས་ ༤༢༩ ཐོག །སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པར་བློ་སྦྱང་བ་ལ་གསུམ། ཐེག་ཆེན་གྱི་འཇུག་སྒོ་སེམས་བསྐྱེད་ཁོ་ནར་བསྟན་པ་ཕན་ཡོན་དང་བཅས་པ། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཚུལ། སེམས་བསྐྱེད་ནས་སྤྱོད་པ་ལ་སློབ་ཚུལ་ལོ། །ཞེས་པ་ནས་བཀའ་ཁྲིད་མཛད།
4. ཕྱག་ཚོད་ ༢ དང་སྐར་མ་ ༢༤ ལ་ཤོག་གྲངས་ ༤༥༥ གསུམ་པ་དྲིན་གཟོ་བ་ནི། ཞེས་པ་ལས་འཕྲོས་ཏེ་ཆུང་ངུའི་དུས་སུ་མ་ཡིས་གསོ་སྐྱོང་གི་ཕན་ནུས་ཆེ་ཚུལ་ཚན་རིག་ལས་བཤད་ཚུལ་དང༌། བྱིས་པ་འཚར་ལོང་ལ་དགོས་མཁོའི་རྫས་རིག་མ་ཡི་ལུས་ལས་མི་འདྲ་བ་རེ་འབྱུང་ཚུལ། ལྷག་པར་ང་ཚོར་གཞན་ལ་བརྩེ་བའི་སེམས་པ་ཡོང་བའི་རྒྱུ་རྐྱེན་གཙོ་བོ་ནི་མ་ཡིས་རང་ཉིད་ལ་ཤིན་ཏུ་བརྩེ་བའི་བསམ་པ་དེའི་དབང་གིས་བྱུང་ཚུལ་སོགས་གསུངས།
5. ལམ་རིམ་རྣམ་གྲོལ་ལག་བཅངས་ཀྱི་ཤོག་གྲངས་ ༤༦༤ ཐོག་གི་གཞན་ཡང་སེམས་བསྐྱེད་ཉེར་གཉིས་སོགས་ཀྱིས་རྣམ་གཞག་ཀྱང་ཤེས་པ་གལ་ཆེ་གསུངས། ཞེས་པའི་བར་བཀའ་ཁྲིད་མཛད་དེ་ཕྱི་དྲོའི་ཆོས་ཐུན་ལེགས་པར་གྲུབ་པ་བཅས་སོ།།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢༢ ཉིན་བྱེས་ཀྱི་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་བཀའ་ཆོས་བཀའ་དྲིན་ཆེ་བའི་ནང་དོན་སྙིང་བསྡུས་ཀྱི་དཀར་ཆག་གཤམ་གསལ།།

ཉིན་གསུམ་པའི་སྔ་དྲོའི་བཀའ་ཆོས་ཀྱི་ནང་དོན།

1. སྔ་དྲོའི་ཕྱག་ཚོད་ ༩ དང་སྐར་མ་ ༥ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་ཁྲིར་༸ཞབས་སོར་བདེ་འཁོད་གྲུབ་མ་ ཐག་རྒྱུན་ཆགས་གསུམ་པ་དང་། ཤེས་རབ་སྙིང་པོ་དང་། ལམ་རིམ་གསོལ་འདེབས་ལམ་མཆོག་སྒོ་འབྱེད། མཎྜལ་བཅས་ཀྱི་སྔོན་འགྲོའི་ཞལ་འདོན་གྱི་རིམ་པ་རྣམས་གསུང་འདོན་གནང་།
2. ཕྱག་ཚོད་ ༩ དང་སྐར་མ་ ༣༢ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ལམ་རིམ་གྱི་བཀའ་ཁྲིད་ཀྱི་བཀའ་ཆོས་ དབུ་འཛུགས་མཛད། དེ་ཡང་། ཉོན་མོངས་པ་ཡི་ནད་ཀུན་སེལ་བ་ཡིན་པས་དེ་བསྟན་ཡང་དག་གསན་པར་རིགས། །ཞེས་སོགས་གསུངས་པ་ལས་བརྩམས་ཏེ་ཕྱི་རོལ་པ་རྣམས་སྦྱངས་པའི་ཡོན་ཏན་ལ་གནས་པས་ རྨད་དུ་བྱུང་བའི་གནས་ཡིན་ཀྱང་། ཉོན་མོངས་ཀྱི་བློ་རྣམས་དོན་མཐུན་ལ་ལྟ་བཞིན་པ་དང་། སངས་རྒྱས་པའི་ཆོས་ཀྱི་ངོ་མ་དེ་སྐྱེས་བུ་འབྲིང་ནས་ཐུན་མོང་མ་ཡིན་པའི་ཟབ་ཁྱད་ ཐོན་ལུགས། དེ་ཡང་བདེན་བཞི་ལས་བརྩམས་པའི་ཆོས་ནི་ཐུན་མོང་མ་ཡིན་པ་ཞིག་ཚུལ་སོགས་སྔོན་ འགྲོའི་ནང་ཆོས་ཀྱི་ངོ་སྤྲོད་ལེགས་པར་གྲུབ།
3. ཕྱག་ཚོད་ ༩ དང་སྐར་མ་ ༤༣ ཐོག་ལམ་རིམ་རྣམ་གྲོལ་ལག་བཅངས་ཁ་སང་གི་སྩལ་འཕྲོའི་ཤོག་གྲངས་ ༣༦༥ ལས། གསུམ་པ་ལས་འབྲས་བསམས་ནས་འཇུག་ལྡོག་བྱ་ཚུལ་ལ་གཉིས། སྤྱིར་བསྟན་པ་དང་། ཁྱད་པར་དུ་སྟོབས་བཞིས་སྦྱོང་བའི་ཚུལ་ལོ། །ཞེས་པ་ནས་བཀའ་ཁྲིད་གནང་སྟེ་ཤོག་གྲངས་ ༣༦༩ འདུལ་བ་ལུང་སྡེ་བཞི་སོགས་ལ་ཡང་ནས་ཡང་དུ་མཇལ་དགོས་པ་སྔར་གོང་དུ་ཡང་མདོ་ཙམ་ ཞུས་པ་ལྟར་ཡིན་གསུངས། ཞེས་པའི་བར་བཀའ་ཁྲིད་སྩལ།
4. ཕྱག་ཚོད་ ༩ དང་སྐར་མ་ ༥༢ ནས་ཞྭ་དམར་ལམ་རིམ་གྱི་ཤོག་གྲངས་ ༡༨༨ ཐོག གཉིས་པ་སྐྱེས་བུ་འབྲིང་དང་ཐུན་མོང་བའི་གྱི་རིམ་པ་ལ་བློ་སྦྱོང་བ་ལ་གཉིས། ཐར་པ་དོན་གཉེར་གྱི་བློ་བསྐྱེད་པ་དང་། ཐར་པར་བགྲོད་པའི་ལམ་གྱི་རང་བཞིན་གཏན་ལ་དབབ་པའོ། །ཞེས་པ་ནས་བཀའ་ཁྲིད་དབུ་འཛུགས་མཛད་ཅིང་། འདུ་བྱེད་ཀྱི་སྡུག་བསྔལ་ངོས་འཛིན་ལུགས་དང་། དེ་ཡང་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་ལུང་འདྲེན་གྱིས་བཀའ་སྩལ།
5. ཕྱག་ཚོད་ ༡༠ དང་སྐར་མ་ ༢༠ ཐོག་མང་ཚོགས་དང་། ལྷག་པར་གདན་ས་གྲྭ་ཚང་ཁག་ནས་ཉེ་འཁྲིས་དང་། ལམ་འགྲམ་དུ་ཡོད་པའི་སྤྲང་པོ་ཉམ་ཐག་དང་། ནད་གཅོང་། དབང་པོ་དང་ཡན་ལག་སྐྱོན་ཅན་རྣམས་ལ་ལྟ་རྟོག་དང་སྤྱིན་གཏོང་གི་རོགས་ཕན་གང་ཐུབ་ བྱེད་དགོས་པའི་སྐོར་དང་། མགོན་པོ་གང་ཉིད་ནས་ཞི་བདེའི་གཟེངས་ཀྱི་ཕྱག་དངུལ་རྣམས་ནད་གཅོང་བདག་མེད་ཀྱི་ རིགས་ལ་ལྟ་རྟོག་རོགས་ཕན་གནང་མཁན་གྱི་ཚོགས་པར་ཞལ་འདེབས་སུ་འབུལ་ལམ་ཞུས་པའི་ སྐོར། མགོན་པོ་གང་ཉིད་ཀྱི་གཟིམ་ཆུང་ཉམས་གསོའི་ཨར་ལས་དམངས་རྒྱུག་རྣམས་ལ་བྱམས་ བརྩེས་སྐྱོང་ལུགས། འགོས་ནད་རིམས་ནད་ཀྱིས་ཟིན་པ་རྣམས་ལ་གཟེངས་སུ་བསྟོད་དགོས་ཚུལ་སོགས་གསུངས།
6. ཕྱག་ཚོད་ ༡༠ དང་སྐར་མ་ ༤༧ ཐོག །ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ཞེས་གསུངས་པ་ལྟར། མུ་སྟེགས་པའི་གཞུང་དུའང་། ཚངས་པས་འཇིག་རྟེན་སྣ་ཚོགས་བྱས། །ཞེས་གཅིག་མཚུངས་སུ་ཡོད་པས། རྒྱ་གར་གྱི་ཡུལ་ཆོས་དང་ལྟ་གྲུབ་དང་བསྟུན་ནས་འཇིག་རྟེན་གྱི་ཆགས་རབས་གསུངས་པ་ དང་། ཉི་ཟླ་གཟའ་འཛིན་སོགས་ང་ཚོའི་གཞུང་ནས་གསུངས་པ་ལྟར་ཡིན་མིན་དཔྱད་དགོས་པ། ཟླ་བར་རང་འོད་མེད་པ་དངོས་བདེན་ཡིན་ལུགས་མགོན་པོ་གང་ཉིད་ནས་བརྟག་ཞིབ་མཛད་ ཚུལ། ལྷག་པར་བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་འདིར་བདེན་བཞི་གསུངས་པར་བྱོན་པ་ལས། འཇིག་རྟེན་གྱི་ཚད་འཇལ་ཞིང་། ས་བཀྲ་བཀོད་པར་ཕེབས་མེད་ཚུལ་སོགས་ཀྱི་སྐོར་གསུངས། དེ་རྗེས་ཞྭ་དམར་ལམ་རིམ་གྱི་བཀའ་ཆོས་མུ་མཐུད་སྩལ་ཏེ་ཤོག་གྲངས་ ༢༡༥ མདོ་སྔགས་གང་གིས་བགྲོད་པར་འདོད་ཀྱང་བསམ་པ་འདི་ཉིད་ལམ་གྱི་གཞི་རྟེན་མེད་མི་ རུང་དུ་ཤེས་ནས་ཉམས་ལེན་གྱི་མཐིལ་དུ་བྱེད་པ་གལ་ཆེའོ། །ཞེས་པའི་བཀའ་ཁྲིད་མཛད་ཅིང་། ནང་པ་དང་ཆོས་བྱེད་ཚད་ལྡན་ཞིག་བྱས་ན་སྐྱེས་བུ་འབྲིང་ནས་གསུངས་པ་རྣམས་ལ་ལེགས་ པར་ལྟ་ཀློག་བྱ་གལ་ཆེ་སྐོར་བཀའ་སྩལ།
7. ཕྱག་ཚོད་ ༡༡ དང་སྐར་མ་ ༡༣ ཐོག་ལམ་རིམ་རྣམ་གྲོལ་ལག་བཅངས་ཀྱི་ཤོག་གྲངས་ ༣༦༩ ཐོག་གི་ཉིན་བཅུ་བཞི་པར། ཆོས་ཀྱི་རྒྱལ་པོ་ཙོང་ཁ་ཆེན་པོའི་གསུང་། ལུས་སྲོག་གཡོ་བ་ཆུ་ཡི་ཆུ་བུར་བཞིན། །ཞེས་སོགས་ཤླཽ་ཀ་གཉིས་འདྲེན་པར་མཛད་ནས་སྔོན་འགྲོ་ཀུན་སློང་བཅོས་ཚུལ་མདོར་ བསྡུས་དང་། སྔོན་དུ་ཇི་ལྟར་སོང་བའི་ས་བཅད་རྣམས་གསུངས་ཏེ། འཇིག་རྟེན་ཕྱི་མར་བདེ་བའི་ཐབས་དངོས་ལས་འབྲས་ཀྱི་སྐོར་ལ་བསྐྱར་བཤད་མཛད། ཅེས་པ་ནས་བཀའ་ཁྲིད་མཛད་དེ་དཔེ་ཆ་ལྟ་རྒྱུ་དང་། བསམ་བློ་གཏོང་རྒྱུར་ཆོག་ཤེས་སྤངས་ཏེ་གང་ཐུབ་བྱེད་གལ་ཆེ་ཚུལ་སྐོར་གསུངས།
8. ཕྱག་ཚོད་ ༡༡ དང་སྐར་མ་ ༣༠ ལ་ཤོག་གྲངས་ ༣༧༥ ཐོག་གི་དེ་ལྟར་དང་པོར་རྒྱལ་པོར་སྐྱེས། དེ་ནས་ཆུ་སྲིན་དུ་གྱུར། ཡང་མིར་གྱུར་པ་སྟེ་ངེས་པ་མེད་ལུགས་དེ་ལྟར་ཡིན་ཞེས་པའི་བར་སྩལ་ཏེ་སྔ་དྲོའི་ ཆོས་ཐུན་ལེགས་པར་གྲུབ་པ་བཅས་སོ།།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢༢ ཉིན་བྱེས་ཀྱི་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་བཀའ་ཆོས་བཀའ་དྲིན་ཆེ་བའི་ནང་དོན་སྙིང་བསྡུས་ཀྱི་དཀར་ཆག་གཤམ་གསལ།།

ཉིན་གསུམ་པའི་ཕྱི་དྲོའི་བཀའ་ཆོས་ཀྱི་ནང་དོན།

1. ཕྱག་ཚོད་ ༡༢ དང་སྐར་མ་ ༥༥ ཐོག་ཆིབས་སྒྱུར་གནང་སྟེ། མཎྜལ་ཚིགས་སུ་བཅད་པ་གཅིག་གསུངས་རྗེས་སྔ་དྲོའི་ཆོས་ཐུན་གྱི་གསུང་འཕྲོས་ལམ་རིམ་རྣམ་གྲོལ་ལག་བཅངས་ཀྱི་ཤོག་གྲངས་ ༣༧༦ གྱི་གསུམ་པ་ཡང་ནས་ཡང་དུ་འདོར་བའི་ཉེས་པ་ནི། ལུས་ཇི་ལྟར་བླངས་ཀྱང་ཡིད་བརྟན་མེད་དེ། ཞེས་པ་ནས་ཐད་ཀར་བཀའ་ཁྲིད་མཛད་དེ་ཤོག་གྲངས་ ༣༩༩ ཐོག་གི་ཐོག་མར་ངེས་འབྱུང་དང༌། བྱང་སེམས། ཡང་དག་པའི་ལྟ་བ་གསུམ་ལ་ཅི་ནུས་སུ་འབད་པ་གལ་ཆེ་ཞེས་པའི་བར་བཀའ་ཁྲིད་མཛད།
2. ཕྱག་ཚོད་ ༡ དང་སྐར་མ་ ༣༦ ཐོག་ཞྭ་དམར་ལམ་རིམ་གྱི་ཤོག་གྲངས་ ༢༡༥ སྟེང་གི །གཉིས་པ་ཐར་པར་བགྲོད་པའི་ལམ་གྱི་རང་བཞིན་གཏན་ལ་དབབ་པ་ལ་གཉིས། འཁོར་བའི་རྩ་བ་གཅོད་ཚུལ་ཤེས་པའི་ཕྱིར་ཀུན་འབྱུང་གི་འཇུག་རིམ་བསམ་པ་དང༌། ཐར་ལམ་གྱི་རང་བཞིན་གཏན་ལ་དབབ་པ་དངོས་སོ། །ཞེས་པ་ནས་བཀའ་ཁྲིད་ཀྱིས་སེམས་ཕྲ་རགས་ཀྱི་རྣམ་གཞག་ལེགས་པར་ཤེས་དགོས་པ་དང༌། དད་པ་དང་ཞེན་ཆགས་མ་ནོར་བྱ་གལ་ཆེ་ཚུལ་སྐོར་བཀའ་སློབ་ཕེབས་ཤིང༌། དེ་རྗེས་བཀའ་ཆོས་མུ་མཐུད་སྩལ།
3. ཕྱག་ཚོད་ ༢ དང་སྐར་མ་ ༢ ཐོག་ཤོག་གྲངས་ ༢༢༢ བཞི་པ་ཉེས་དམིགས་ནི། ཉོན་མོངས་པས་རང་དང་གཞན་ལ་གནོད་པ་དང༌། འདི་དང་ཕྱི་མར་སྡུག་བསྔལ་བསྐྱེད་པ་ལ་སོགས་པའི་ཉེས་དམིགས་མདོ་སྡེ་རྒྱན་ལས་གསུངས་པ་དང༌། ཞེས་པ་ལས་འཕྲོས་ཏེ་འཛམ་གླིང་འདིའི་སྟེང་གི་དཀའ་རྙོག་ཚང་མ་ཉོན་མོངས་དང༌། ཆགས་སྡང་སོགས་ཀྱི་དབང་ལས་བྱུང་ཚུལ། དེང་གི་ཤེས་ཡོན་ལམ་སྲོལ་ནི་ཕྱི་ཡི་དངོས་ཁམས་རིག་པ་གཙོ་བོར་བྱས་པ་ཡིན་ཚུལ། ནང་གི་སེམས་ཁམས་རིག་པའི་རྣམ་གཞག་བཀའ་བསྟན་ལས་ཟུར་དུ་ཕྱུང་སྟེ་རིག་ཚན་གཞན་ལྟར་ཤེས་ཡོན་གྱི་སྡེ་ཚན་ཞིག་ཏུ་ངོས་འཛིན་ནས་སློབ་སྦྱོང་བྱེད་དགོས་པ་དང༌། ནང་གི་སེམས་ཁམས་རིག་པའམ་བློ་ཡི་རྣམ་གཞག་རྣམས་ཤེས་ན་གཉེན་པོ་བསྟེན་ཚུལ་ལེགས་པར་ཤེས་ཤིང༌། དེ་ལ་བརྟེན་ནས་འཛམ་གླིང་གི་དཀའ་རྙོག་ཉུང་དུ་གཏོང་བ་དང༌། ཤེས་ཡོན་གྱི་ཐོག་ནས་ཉོན་མོངས་ཉུང་དུ་གཏོང་ཐུབ་ན་མ་འོངས་པར་ཞི་བདེ་དང་ལྡན་པའི་འཛམ་གླིང་དང༌། བཟང་སྤྱོད་དང་ལྡན་པའི་སྤྱི་ཚོགས་ཤིག་འཛུགས་སྐྲུན་བྱེད་ཐུབ་པའི་རེ་བ་ཡོད་ཚུལ། སློབ་གྲྭ་ཁག་གི་སློབ་སྦྱོང་གི་སློབ་ཚན་ཐོག་བྱམས་དང་སྙིང་རྗེ་དང༌། བཟོད་སྲན་སོགས་ཀྱི་སློབ་ཚན་གསར་འཇུག་གིས་བྱེད་དགོས་པ། དེ་ལྟར་མེད་པའི་དེང་གི་འཛམ་གླིང་ཐོག་གི་དཀའ་རྙོག་ཇི་བྱུང་སྐོར་བཀའ་སློབ་སྩལ། དེ་ནས་མུ་མཐུད་བཀའ་ཁྲིད་མཛད་དེ་ཤོག་གྲངས་ ༢༢༥ ངེས་འབྱུང་བཅོས་མིན་གྱི་ཟིན་པའི་དགེ་བ་གནད་སྨིན་རེ་བསྒྲུབ་པ་ལ་ཡིད་སྨོན་ཚུན་ཆད་ཀྱིས་བག་ཆགས་ཅི་ཐེབས་བྱའོ། །ཞེས་པའི་བར་བཀའ་སྩལ།
4. ཕྱག་ཚོད་ ༢ དང་སྐར་མ་ ༡༢ ཐོག་ལམ་རིམ་རྣམ་གྲོལ་ལག་བཅངས་ཀྱི་ཤོག་གྲངས་ ༣༩༩ པ། གཉིས་པ་ཐར་པར་བགྲོད་པའི་ལམ་གྱི་རང་བཞིན་གཏན་ལ་དབབ་ལ་གཉིས། ཀུན་འབྱུང་འཁོར་བའི་འཇུག་རིམ་བསམ་པ་དང༌། ཐར་པར་བགྲོད་པའི་ལམ་གྱི་རང་བཞིན་གཏན་ལ་དབབ་པ་དངོས་སོ། །ཞེས་པ་ནས་བཀའ་ཁྲིད་མཛད་དེ་ང་རྒྱལ་གྱི་སྒང་བུ་ལ་ཡོན་ཏན་གྱི་ཆུ་མི་འབྲུབ། ཅེས་པ་ལས་འཕྲོས་ཏེ་ང་རྒྱལ་དང་སྤོབས་པ་གཉིས་རྣམ་དབྱེ་འབྱེད་དགོས་པ་དང༌། ང་རྒྱལ་སྤོང་དགོས་པ་དང༌། སྤོབས་པ་བྱེད་དགོས་པར་གསུངས་ཏེ་ཤོག་གྲངས་ ༤༡༠ དགྲའི་དྭངས་མར་བལྟས་ཏེ་འཕྲལ་དུ་གཉེན་པོ་བསྟེན་དགོས་ཞེས་པའི་བཀའ་ཁྲིད་མཛད་དེ་ཕྱི་དྲོའི་ཆོས་ཐུན་ལེགས་པར་གྲུབ་པ་ལགས་སོ།།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢༡ ཉིན་བྱེས་ཀྱི་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་བཀའ་ཆོས་བཀའ་དྲིན་ཆེ་བའི་ནང་དོན་སྙིང་བསྡུས་ཀྱི་དཀར་ཆག་གཤམ་གསལ།།

ཉིན་གཉིས་པའི་ཕྱི་དྲོའི་བཀའ་ཆོས་ཀྱི་ནང་དོན།

1. ཕྱག་ཚོད་ ༡༢ དང་སྐར་མ་ ༥༠ ཐོག་ཆིབས་སྒྱུར་གྱིས་མཎྜལ་ཚིགས་སུ་བཅད་པ་གཅིག་གསུང་འདོན་གྲུབ་མཚམས་ལམ་རིམ་རྣམ་གྲོལ་ལག་བཅངས་ཀྱི་ཤོག་གྲངས་ ༣༢༢ ཀྱི་གཉིས་པ་ཐུན་མོང་གི་བསླབ་བྱ་ལ་དྲུག་ལས། ཡོན་ཏན་དྲན་པའི་སྒོ་ནས་ཡང་དང་ཡང་དུ་སྐྱབས་སུ་འགྲོ་བ་ནི། ཞེས་པ་ནས་བཀའ་ཁྲིད་ཐད་ཀར་སྩལ།
2. ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་ཆོས་སོ་སོར་བཟུང་བར་བགྱི། །ཞེས་གསུངས་པ་དེར་འགྲེལ་ལུགས་གཉིས་ཡོད་པ་ལྟར། ཆོས་ལུགས་ནང་ཕན་ཚུན་མཐུན་ལམ་དམ་ཟབ་བྱ་རྒྱུ་གལ་གནད་ཆེ་ཚུལ།
3. ཕྱག་ཚོད་ ༡ དང་སྐར་མ་ ༣༠ ཐོག་རྣམ་གྲོལ་ལག་བཅངས་ཀྱི་ཤོག་གྲངས་ ༣༤༥ སྤང་བྱ་མི་དགེ་བ་བཅུའི་རྣམ་གཞག་གི་སྐོར་རྣམས་རྣམས་བཀའ་ཁྲིད་གནང་སྟེ་ཤོག་གྲངས་ ༣༦༠ པའི་བསམ་པ་ཡུལ་དངོས་པོ་སྟེ་སྟོབས་ཆེ་བ་བཞི་ཚང་ཞེས་པའི་བཀའ་ཁྲིད་མཛད་ཅིང༌། མཚམས་འདིར་གསོལ་ཇ་འདེགས་འབུལ་ཞུས།
4. ཕྱག་ཚོད་ ༢ དང་སྐར་མ་ ༢ ལ་ཤོག་གྲངས་ ༣༦༠ གཞན་ཡང༌། ལས་ལ་འཕེན་རྫོགས་ཀྱི་ཁྱད་པར་ནི། འཕེན་བྱེད་ལ་དགེ་བས་བདེ་འགྲོ་དང༌། མི་དགེ་བས་ངན་འགྲོར་འཕེན། རྫོགས་བྱེད་ལ་ངེས་པ་མེད་དེ། ཞེས་པ་ནས་བཀའ་ཁྲིད་མུ་མཐུད་མཛད་ཅིང༌། ཕོ་མཆོག་མོ་དམན་གྱི་ལྟ་བ་བྱུང་ཚུལ་དང༌། ཤེས་ཡོན་ཡར་རྒྱས་ཕྱིན་ན་ཕོ་མཆོག་མོ་དམན་གྱི་ལྟ་བར་འགྱུར་བ་འགྲོ་ཚུལ། ལྷག་པར་བྱམས་བརྩེ་ཡར་རྒྱས་གཏོང་ཐབས་བྱེད་དགོས་པ། ལུས་ཀྱི་གྲུབ་ཆའི་ཆ་ནས་བྱམས་བརྩེ་ཆེ་བ་ཡོད་ལུགས། མ་འོངས་པར་ཏཱ་ལའི་བླ་མ་ཡང་སྲིད་བུད་མེད་ལ་ཡོང་སྲིད་སྐོར། དགེ་སློང་ཕ་མ་སྟོན་པས་གཅིག་མཚུངས་གནང་བའི་སྐོར། རྒྱ་གཞུང་གི་ཏཱ་ལའི་བླ་མའི་ཡང་སྲིད་ལ་ཐེ་གཏོགས་བྱེད་པ་ལ། ཐོག་མར་སྐྱེ་བ་སྔ་ཕྱིའི་ལྟ་གྲུབ་ཁས་ལེན་དགོས་པ་དང༌། དེ་རྗེས་མའོ་དང་ཏིང་གི་ཡང་སྲིད་ངོས་འཛིན་བྱས་ནས་དེ་རྗེས་ཏཱ་ལའི་བླ་མའི་ཡང་སྲིད་ལ་ཐེ་གཏོགས་བྱས་ན་འོས་ཚུལ་སོགས་ཀྱི་སྐོར་བཀའ་སློབ་སྩལ་ལ། ལམ་རིམ་རྣམ་གྲོལ་ལག་བཅངས་ཀྱི་ཤོག་གྲངས་ ༣༦༥ བར་བཀའ་ཁྲིད་མཛད།
5. ཕྱག་ཚོད་ ༢ དང་སྐར་མ་ ༡༧ ཐོག་ཞྭ་དམར་ལམ་རིམ་གྱི་ཤོག་གྲངས་ ༡༧༨ གཉིས་པ་དཀར་པོའི་ལས་འབྲས་བསམ་པ་ལ་གཉིས་ལས། དང་པོ་དཀར་པོའི་ལས་ནི། ཞེས་པ་ནས་དབུ་འཛུགས་ཀྱིས་བཀའ་ཁྲིད་མཛད་དེ། ཤོག་གྲངས་ ༡༨༨ ཐོག་དེ་ལྟར་བྱེད་ནུས་པར་བླ་མ་ལྷག་པའི་ལྷས་བྱིན་གྱིས་བརླབ་ཏུ་གསོལ་ཞེས་ཐུགས་རྗེ་བསྐུལ་བཞིན་བསྒོམ་མོ། །ཞེས་པའི་བར་བཀའ་ཁྲིད་ཀྱིས་ཕྱག་ཚོད་ ༢ དང་སྐར་མ་ ༣༦ ཐོག་ལེགས་པར་གྲུབ་པ་ལགས་སོ།།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢༡ ཉིན་བྱེས་ཀྱི་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་བཀའ་ཆོས་བཀའ་དྲིན་ཆེ་བའི་ནང་དོན་སྙིང་བསྡུས་ཀྱི་དཀར་ཆག་གཤམ་གསལ།།

ཉིན་གཉིས་པའི་སྔ་དྲོའི་བཀའ་ཆོས་ཀྱི་ནང་དོན།

1. སྔ་དྲོའི་ཕྱག་ཚོད་ ༩ པར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བཞུགས་ཁྲིར་ྋཞབས་སོར་བདེ་འཁོད་གྲུབ་མ་ཐག་ཤེས་རབ་སྙིང་པོ་དང༌། ལམ་རིམ་གསོལ་འདེབས་ལམ་མཆོག་སྒོ་འབྱེད་བཅས་གསུང་འདོན་གནང༌།
2. ཕྱག་ཚོད་ ༩ དང་སྐར་མ་ ༣༢ ཐོག་བཀའ་ཁྲིད་དབུ་འཛུགས་ཀྱིས་འགྲོ་བ་རྣམས་སྡུག་བསྔལ་མི་འདོད་ཅིང༌། བདེ་བ་འདོད་པ་རྒྱུ་མཚན་བཀོད་མི་དགོས་པར་མཐོང་གསལ་ལྟར་ཡིན་ལ། དུད་འགྲོ་རྣམས་སྒོ་ལྔའི་ཤེས་པ་དང༌། ལུས་ཤེས་དང་འབྲེལ་བའི་ཐོག་ནས་བདེ་བ་དོན་དུ་གཉེར་ཞིང༌། སྡུག་བསྔལ་མི་འདོད་པ་མཐོང་ཆོས་སུ་ཡོད་པ་དང༌། མི་ལ་བསམ་བློ་གཏོང་རྒྱུའི་ནུས་པ་ཆེ་ཞིང་ཁྱད་དུ་འཕགས་པ་ཞིག་ཡོད་པ་དེ་ཡང་ལོ་ངོ་འབུམ་ཕྲག་དང་ས་ཡ་རིམ་བརྒྱུད་ཀྱིས་ཡར་རྒྱས་ཕྱིན་ཚུལ། ཕྱི་དངོས་པོའི་ཡར་རྒྱས་རྣམས་ཀྱིས་སྒོ་ལྔའི་ཤེས་པ་དང༌། ཡིད་ལ་བདེ་ཉམས་ཡོང་བ་ཞིག་ཆགས་རབས། ཕྱི་དངོས་པོའི་ཡར་རྒྱས་ཀྱི་ཐོག་ནས་ཚན་རིག་དང༌། དེ་ལ་བརྟེན་ནས་འཕྲུལ་ཆས་ཀྱི་རིགས་རིམ་བཞིན་དར་འཕེལ་བྱུང་ཚུལ་དང༌། ཆོས་དད་ཅེས་པ་ནི་ལོ་ངོ་སྟོང་ཕྲག་མང་པོའི་གོང་རོལ་ནས་བྱུང་ཚུལ། དེང་གི་ཤེས་ཡོན་སློབ་སྦྱོང་རྣམས་ཕྱི་དངོས་པོའི་ཡར་རྒྱས་དང་འབྲེལ་བ་འབའ་ཞིག་ལས། ནང་སེམས་ཀྱི་བདེ་སྐྱིད་དང་འབྲེལ་བའི་ཤེས་ཡོན་མེད་པས། སེམས་ཀྱི་བདེ་སྐྱིད་དང་འབྲེལ་བའི་ཤེས་ཡོན་ལ་དོ་སྣང་བྱེད་དགོས་ན་ཆོས་ཕྱོགས་དང་འབྲེལ་ནས་ཐོག་མར་བྱུང་ཚུལ། ཀུན་ལ་ཁྱབ་པའི་ཤེས་ཡོན་ཞིག་དགོས་ན་ཆོས་ཕྱོགས་དང་མ་འབྲེལ་བ་ཞིག་དགོས་པ་དང༌། ཆོས་ཕྱོགས་དང་འབྲེལ་ན་ཀུན་ལ་ཁྱབ་མི་ཐུབ་ཚུལ། ཁོར་ཡུག་གི་ཐོག་ནས་དཀའ་སྡུག་འཕྲད་ཚུལ། སྟོན་པ་ད་ལྟའི་དུས་འདིར་བྱོན་པའི་དབང་དུ་བཏང་ན། འཛམ་གླིང་གི་གནས་སྟངས་དང་བསྟུན་ནས་ཆོས་ལུགས་དང་མ་འབྲེལ་བའི་འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང་སྐོར་གསུང་ངེས་ཡིན་ཚུལ། ཆོས་ལུགས་ཐམས་ཅད་སྡུག་བསྔལ་སེལ་རྒྱུ་དང༌། བདེ་བ་སྒྲུབ་ཐབས་གཅིག་གྱུར་ཡིན་ཚུལ། ལོག་ལྟ་ལས་དེ་མིན་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཆོས་ལུགས་ཚང་མར་གཅིག་མཚུངས་སུ་ཡོད་ཚུལ་སོགས་སྔོན་འགྲོའི་བཀའ་ཆོས་རྒྱས་པར་སྩལ།
3. ཕྱག་ཚོད་ ༡༠ ཐོག་ལམ་རིམ་གྱི་བཀའ་ཆོས་དངོས་གཞི་དབུ་འཛུགས་ཀྱིས། ཞྭ་དམར་ལམ་ལམ་རིམ་གྱི་ཤོག་གྲངས་ ༡༧༣ གསུམ་པ་དེ་དག་གི་འབྲས་བུ་ལ་གསུམ་ལས། རྣམ་སྨིན་གྱི་འབྲས་བུ་ནི། ཞེས་པ་ནས་བཟུང་སྟེ་བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་བཅས་གསུངས་ཏེ་ཤོག་གྲངས་ ༡༧༧ ཐོག་ཅེས་གསུངས་པ་ཤིན་ཏུ་མད་པར་སྣང༌། ཞེས་པའི་བར་བཀའ་ཁྲིད་མཛད།
4. ཕྱག་ཚོད་ ༡༠ དང་སྐར་མ་ ༡༧ ཐོག་ལམ་རིམ་རྣམ་གྲོལ་ལག་བཅངས་ཀྱི་ཤོག་གྲངས་ ༣༠༢ ཐོག་གི་ཉིན་བཅུ་གཉིས་པར། ཞེས་པ་བཀའ་ཁྲིད་མཛད་ཅིང༌། ལམ་རིམ་འདི་ཉིད་སྐུ་ཚབ་ལམ་རིམ་ཞེས་པ་ལྟ་བུ་ཡིན་ཚུལ་གསུངས་ཤིང༌། དུས་རབས་ཉེར་གཅིག་པར་ལམ་དང་ལུགས་སྲོལ་ལྟ་བུའི་ཆོས་བྱེད་ལུགས་ཀྱིས་མི་འདང་བར་བོད་རིགས་མང་ཚོགས་རྣམས་ནས་ནང་དོན་རིག་པར་སློབ་སྦྱོང་ངེས་པར་དུ་བྱེད་དགོས་པའི་ལམ་སྟོན་གཟབ་ནན་མཛད།
5. ཕྱག་ཚོད་ ༡༠ དང་སྐར་མ་ ༥༠ ཐོག་བར་སྐབས་ཐེག་ཆེན་པ་དང༌། ཐེག་དམན་པ་ཞེས་པའི་སྐད་ཆ་བྱུང་ཚུལ་དང༌། ཕལ་ཆེར་སྡེ་པའི་ཕྱག་ལེན་བོད་དུ་གསར་འཛུགས་མ་མཛད་པའི་ཇོ་འབྲོམ་གྱི་ལོ་རྒྱུས་སྐོར་གསུངས། གང་དུ་གཞི་གསུམ་གྱི་ཆོ་ག་ཡོད་སར་བཅོམ་ལྡན་འདས་རང་ཉིད་ཀྱང་ཐུགས་ལས་ཆུང་ངུར་བཞུགས་པའི་ཚུལ། ཐེག་པ་ཆེ་ཆུང་སོ་སོའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སོགས་ཀྱི་སྐོར་བཀའ་སློབ་སྩལ།
6. ཕྱག་ཚོད་ ༡༡ དང་སྐར་མ་ ༥ ཐོག་བོན་ཆོས་འདི་ཉིད་བོད་ཀྱི་གདོད་པའི་ཆོས་ལུགས་ཡིན་པ་དང༌། ལྷ་ཀླུ་གསོལ་མཆོད་བྱེད་སྲོལ་ཡོད་ཚུལ། དེ་རྗེས་སྲོང་བཙན་སྐབས་ནང་ཆོས་བོད་ལ་དར་འཕེལ་བྱུང་ཚུལ། དེང་སྐབས་ཐུའུ་བཀྭན་རིན་པོ་ཆེས་གསུངས་པ་ལྟར། བོན་ལ་ཆོས་འདྲེས། ཆོས་ལ་བོན་འདྲེས་ནས་ཕན་ཚུན་ལེགས་བྱ་ལེན་རེས་བྱས་པའི་སྐོར་གསུངས།
7. ཕྱག་ཚོད་ ༡༡ དང་སྐར་མ་ ཐོག་
8. མདོར་ན་སྔ་དྲོའི་ཆོས་ཐུན་ཐོག་ལམ་རིམ་རྣམ་གྲོལ་ལག་བཅངས་ལས། འཇིག་རྟེན་ཕྱི་མར་བདེ་བའི་ཐབས་བསྟན་པ་ལ་བསྟན་པ་ལ་འཇུག་པའི་སྒོ་དམ་པ་སྐྱབས་འགྲོ་བྱ་བ་གཉིས་ལས། དེ་ལ་དང་པོ་སྐྱབས་སུ་འགྲོ་བ་ལ། རྒྱུ་གང་ལ་བརྟེན་ནས་སྐྱབས་སུ་འགྲོ་བ་དང༌། ཡུལ་གང་ལ་སྐྱབས་སུ་འགྲོ་བ། ཇི་ཙམ་གྱིས་སྐྱབས་སུ་སོང་བའི་ཚད། སྐྱབས་སུ་སོང་བའི་ཕན་ཡོན། སྐྱབས་སུ་སོང་བའི་བསླབ་བྱ་བཅས་ལྔ་ལས། ཤོག་གྲངས་ ༣༢ ཀྱི་གཉིས་པ་ཐུན་མོང་གི་བསླབ་བྱ་ལ་དྲུག་ཅེས་པའི་བཀའ་ཁྲིད་སྩལ་ཏེ་སྔ་དྲོའི་ཆོས་ཐུན་ལེགས་པར་གྲུབ་པའོ།།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢༠ ཉིན་ཕྱི་དྲོ་བྱེས་ཀྱི་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་བཀའ་ཆོས་བཀའ་དྲིན་ཆེ་བའི་ནང་དོན་སྙིང་བསྡུས་ཀྱི་དཀར་ཆག་གཤམ་གསལ།།

ཕྱི་དྲོའི་བཀའ་ཆོས་ཀྱི་ནང་དོན།
13. ཕྱག་ཚོད་ ༡ པོར་ཆིབས་སྒྱུར་བཀའ་དྲིན་ཆེ་གནང་གིས། ཐད་ཀར་སྔ་དྲོའི་བཀའ་ཆོས་ཀྱི་གསུང་འཕྲོས་ལམ་རིམ་རྣམ་གྲོལ་ལག་བཅངས་ཀྱི་ཤོག་གྲངས་ ༢༩༧ གསུམ་པ། དུད་འགྲོའི་སྡུག་བསྔལ་བསམ་པ་ལ་གཉིས། ཞེས་པ་ནས་བཀའ་ཆོས་དབུ་འཛུགས་མཛད་དེ། དུད་འགྲོའི་སྡུག་བསྔལ་ང་ཚོས་མཐོང་ཆོས་ཀྱི་གནས་ཚུལ་འདི་ལྟར་ཡིན་ཚུལ་དང༌། ཡི་དྭགས་ནི་མི་ལ་ལས་གཟུགས་བརྙན་མཐོང་རྒྱུ་ཡོད་རབས་ཀྱི་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་སྐུ་ཞབས་ཤིག་དང༌། དེ་བཞིན་སྔར་ཆ་ཕྲེང་གཟིམ་འགག་གིས་ཞུས་པ་ལྟར་ཆ་ཕྲེང་ཁུལ་དུ་བླ་མ་ཞིག་གིས་ཡི་དྭགས་ཀྱི་གཟུགས་བརྙན་མཐོང་བ། ལྷ་ཡང་བབ་རྒྱུ་ཡོད་པ་སོགས་ཀྱི་ལོ་རྒྱུས་དང་བཅས་བཀའ་ཕེབས།
14. ཕྱག་ཚོད་ ༡ དང་སྐར་མ་ ༡༠ ནས་ཡི་དྭགས་ཀྱི་རྣམ་གྲངས་དང༌། སྡུག་བསྔལ་གྱི་སྐོར་ལམ་རིམ་ལས་གསུངས་པ་ལས་འཕྲོས་ཏེ་ཆོས་དང་ཆོས་སྨྲ་བ་པོར་མ་གུས་པ་བྱས་ན་ཉེས་པ་ལྕི་ཞིང༌། རང་ངོས་ནས་སྒོ་གསུམ་གྱི་སྤྱོད་ལམ་ལའང་གཟབ་དགོས་པའི་ལམ་སྟོན་བཀའ་སློབ་མཛད་དེ་རྣམ་གྲོལ་ལག་བཅངས་ཀྱི་ཤོག་གྲངས་ ༣༠༢ ཀྱི་དེ་ནས་འབྲིང་དུ་སྤྲོས་ཏེ་བཤད་པ་དང༌། སྐྱོང་ཚུལ་མདོར་བསྡུས་ཏེ་བསྟན་པ་བཅས་སྩལ། ཞེས་པའི་བཀའ་ཁྲིད་མཛད།
15. ཕྱག་ཚོད་ ༡ དང་སྐར་མ་ ༣༥ ལ་ཞྭ་དམར་ལམ་རིམ་ལས་སྔ་ལོའི་འཕྲོས་ཤོག་གྲངས་ ༡༤༩ ཐོག་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་རིམ་ལ་བློ་སྦྱང་བ་ལས། བདེ་ལེགས་ཐམས་ཅད་ཀྱི་རྩ་བ་ཡིད་ཆེས་ཀྱི་དད་པ་བསྐྱེད་པ་ནས་བཀའ་ཆོས་དབུ་འཛུགས་གནང༌།
16. ཕྱག་ཚོད་ ༡ དང་སྐར་མ་ ༥༠ ཐོག་ལྷ་ཀླུས་གནོད་ཚུལ་སྐོར་བརྗོད་རྒྱུ་མང་དྲགས་པའི་སྐོར་དང༌། མགོན་པོ་གང་ཉིད་ཀྱི་མནལ་ལམ་དུ་སྦྲུལ་དང༌། རླུང་འཚུབ་ལྟ་བུ་ཡོང་སྐབས་དྲག་སྔགས་བགྲངས་ན་ཕན་ཐོགས་ཚུལ་དང༌། དེ་མིན་བཞུགས་སྒར་དུ་མནལ་ལམ་དྲག་པོ་ཞིག་བྱུང་སྐབས་དྲག་སྔགས་ཀྱིས་ཕན་མ་ཐོགས་པར་སྙིང་རྗེ་བསྒོམས་པས་ཕན་ཐོགས་ཚུལ། བཞུགས་སྒར་དྷ་ཤོད་བོད་ཁྱིམ་གྱི་འཚུབ་ཆ་ཆེ་བ་སྙིང་རྗེ་བསྒོམས་པས་ཞི་ཚུལ། དེ་བཞིན་ཀོ་རི་ཡར་ཕེབས་སྐབས་འཚུབ་ཆ་ཆེ་བའི་བཞུགས་ཁང་དུ་བཞུགས་བཞག་མཛད་པས་འཚུབ་ཆ་ཞི་བའི་སྐོར་དང༌། མགོན་པོ་གང་ཉིད་ཀྱི་སྟོང་ཉིད་དང་བྱང་ཆུབ་སེམས་ཀྱི་ཉམས་བཞེས་བཅས་ཐུན་མིན་གསང་རྣམ་སྐོར་བཀའ་སློབ་ཕེབས།
17. ཕྱག་ཚོད་ ༢ དང་སྐར་མ་ ༢ ཤོག་གྲངས་ ༡༥༦ ལས། ནག་པོའི་ལས་ལམ་དངོས་དང༌། ལྕི་ཡང་གི་ཁྱད་པར་དང༌། དེ་དག་གི་འབྲས་བུ་བསྟན་པ་ལས་འཕྲོས་ཏེ་དཀར་ཟས་བསྟེན་གལ་ཆེ་ཞིང༌། མགོན་པོ་གང་ཉིད་ནས་དཀར་ཟས་བསྟེན་པའི་སྐོར་དང༌། དགོན་སྡེ་དང་སློབ་གྲྭ་ཆེ་ཁག ཕྱི་རྒྱལ་གྱི་ཆོས་ཚོགས་ཆེ་ཁག་ཏུ་དཀར་ཟས་བསྟེན་དགོས་པའི་ལམ་སྟོན་མཛད་ཚུལ། སྦེལ་ཀོབ་ཏུ་སྔར་བྱ་གསོ་ར་བ་མེད་པར་བཟོ་ཚུལ། དེ་བཞིན་བྱ་གསོ་དང་ཕག་གསོ་ཁང་བཅས་བཙན་བྱོལ་དུ་གཞིས་ཆགས་གསར་འཛུགས་སྐབས་ཐོག་མས་དང་ལེན་མ་གནང་བའི་སྐོར། ཆུང་དུས་ནས་དཀར་ཟས་ལ་གོམས་འདྲིས་བསྟེན་གལ་ཆེ་ཚུལ་སྐོར་ཞིབ་གསལ་བཀའ་སློབ་སྩལ་ཏེ་ལམ་རིམ་མུ་མཐུད་བཀའ་ཁྲིད་གནང༌།
18. ཕྱག་ཚོད་ ༢ དང་སྐར་མ་ ༡༥ ཐོག་རྫུན་གྱི་གཞི་ལས་འཕྲོས་ཏེ་བླ་མ་རྣམས་ནས་མི་ཆོས་བླ་མའི་རྫུན་ལ་གཟབ་དགོས་ཚུལ་ལས་བརྩམས་ཏེ་མགོན་པོ་གང་ཉིད་འཛམ་གླིང་འདིའི་ཐོག་གི་མི་འབོར་དུང་ཕྱུར་བདུན་ཅུ་ཐམ་པ་ཡོད་པའི་ཁྲོད་ནས་མི་གཅིག་ཡིན་པའི་དགོངས་བཞེས་དང་ཕྱག་ལེན་ཇི་ལྟར་བསྟར་ཚུལ་དང་བཅས་པའི་སྐོར་བཀའ་སློབ་སྩལ་ཏེ་ལམ་རིམ་བཀའ་ཁྲིད་མུ་མཐུད་སྩལ།
19. ཕྱག་ཚོད་ ༢ དང་སྐར་མ་ ༤༢ ལ་ཞྭ་དམར་ལམ་རིམ་ཤོག་གྲངས་ ༡༧༣ དམ་པའི་ཆོས་ཉམས་བཞེས་ཀྱི་མཐིལ་དུ་དུས་གསུམ་སངས་རྒྱས་ཀྱི་གཞུང་ལམ་འདི་ལ་ལྡོག་ཏུ་མེད་པའི་ཡིད་ཆེས་བརྟན་པོ་འབྱུང་ངོ་ཞེས་པའི་བར་བཀའ་ཆོས་ལེགས་པར་གྲུབ་པ་བཅས་སོ།།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢༠ ཉིན་སྔ་དྲོ་བྱེས་ཀྱི་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་བཀའ་ཆོས་བཀའ་དྲིན་ཆེ་བའི་ནང་དོན་སྙིང་བསྡུས་ཀྱི་དཀར་ཆག་གཤམ་གསལ།།

སྔ་དྲོའི་བཀའ་ཆོས་ཀྱི་ནང་དོན།

1. སྔ་དྲོའི་ཕྱག་ཚོད་ ༩ པར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བཀྲས་ལྷུན་གཙུག་ལག་ཁང་གསར་པའི་སྒོ་འཕྱོར་ཆེན་མོའི་བཞུགས་ཁྲི་རིན་པོ་ཆེར་ྋཞབས་སོར་བདེ་འཁོད་གྲུབ་མཚམས་དཀོན་མཆོག་རྗེས་དྲན་གྱི་མདོ་དང༌། རྒྱུན་ཆགས་གསུམ་པ། ཤེས་རབ་སྙིང་པོ་བཅས་གསུང་འདོན་གནང་ཞིང༌། དེ་རྗེས་ཇ་མཆོད་འབུལ།
2. ཕྱག་ཚོད་ ༩ དང་སྐར་མ་ ༡༥ ལམ་རིམ་གསོལ་འདེབས་ལམ་མཆོག་སྒོ་འབྱེད་རྟ་དབྱངས་དང་བཅས་པའི་ཐོག་གསུང་འདོན་གྲུབ་མཚམས་མཎྜལ་འབུལ་ལམ་ཞུས།
3. ཕྱག་ཚོད་ ༩ དང་སྐར་མ་ ༢༨ ཐོག་སྐྱབས་སེམས་ངོ་སྤྲོད་སྙིང་བསྡུས་དང་བཅས་སངས་རྒྱས་ཆོས་ཚོགས་མ་ལན་གསུམ་གསུངས། དེ་རྗེས་ལམ་རིམ་བཀའ་ཆོས་ཀྱི་སྔོན་འགྲོར་ད་ལྟའི་སྐབས་འདིར་སྟོན་པ་ཤཱཀྱ་ཐུབ་པ་འཚེ་མེད་ཀྱི་སྟོན་པ་ཞིག་ལ་ངོས་འཛིན་དང༌། དེས་གསུངས་པའི་ཆོས་ཚུལ་ལ་དེང་སྐབས་དོ་སྣང་གསར་པ་ཞིག་བྱེད་བཞིན་ཡོད་ཚུལ། ནང་ཆོས་འདི་ཉིད་བོད་མིའི་ཕ་མེས་ཀྱི་ཆོས་ལུགས་ཡིན་ཚུལ། ཕྱོགས་ལྷུང་སྤངས་ནས་བློ་གཟུ་བོར་གནས་པའི་ཆོས་དད་བྱེད་དགོས་པ་དང༌། བྱམས་བརྩེ་དང༌། བཟོད་པ་སོགས་འཛམ་གླིང་གི་ཆོས་ལུགས་ཚང་མས་གསུངས་ཡོད་པས་གལ་གནད་ཆེ་ལ། བྱམས་བརྩེའི་ཉམས་ལེན་དགོས་གལ་ཆེ་ཚུལ། དད་པ་ནི་དེ་དག་གི་སྒྲུབ་ཐབས་ཡིན་ཚུལ་དང༌། འཇིག་རྟེན་བཀོད་པ་པོ་འདོད་མིན་གྱི་རྣམ་གཞག་རྒྱས་པར་གསུངས་ལ། མ་རིག་པའི་རྩ་བ་བདག་ཏུ་འཛིན་པས་བྱེད་ཚུལ། བདེན་བཞིའི་རྣམ་གཞག་གི་སྐོར་རྒྱས་པར་བཀའ་སྩལ།
4. ཕྱག་ཚོད་ ༩ དང་སྐར་མ་ ༥༤ ལ་ཤེས་རབ་སྙིང་པོ་གསུང་ཡུལ་གྱི་བྱ་རྒོད་ཕུང་རི་དང་འབྲེལ་ནས་རས་ཆུང་པ་དང་རྗེ་བཙུན་མི་ལ་བླ་སློབ་རྣམ་གཉིས་ཀྱི་རྣམ་ཐར་སྐོར་གསུངས་ལ། ཤེས་རབ་སྙིང་པོ་ནི་ཤཱ་རིའི་བུ་དང༌། འཕགས་པ་སྤྱན་རས་གཟིགས་རྣམ་གཉིས་དྲི་བ་དྲིས་ལམ་ནས་གསུངས་པ་དང༌། དེ་བཞིན་ཤེར་ཕྱིན་གྱི་གཞུང་ལུགས་བྱུང་ཚུལ་དང༌། ཐེག་ཆེན་བཀའ་སྒྲུབ་ཀྱི་སྐོར། འཁོར་ལོ་གསུམ་གྱི་རྣམ་གཞག་རྒྱས་པར་བཀའ་སྩལ།
5. ཕྱག་ཚོད་ ༡༠ དང་སྐར་མ་ ༥ ནས་མཁན་སློབ་ཆོས་གསུམ་གྱི་སྐབས་སུ་ནང་ཆོས་བོད་དུ་ཐོག་མར་དར་འཕེལ་དང༌། བར་དུ་ཉམས་ཆག ད་བར་འཛིན་སྐྱོང་སྤེལ་གསུམ་གནང་ཚུལ། དགག་བཞག་སྤོང་གསུམ་དང་བཅས་པའི་གཞུང་ལུགས་རྣམས་ཀྱིས་ཚིག་འགྲེལ་ལྟ་བུ་མིན་པར་དམིགས་བསལ་མཐའ་དཔྱོད་ཀྱི་ཐོག་ནས་སེམས་ལ་ཕན་ཐོགས་དགེ་མཚན་ཆེ་ལུགས་བཅས་གསུངས།
6. ཕྱག་ཚོད་ ༡༠ དང་སྐར་མ་ ༡༥ ཐོག་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བོད་དུ་གདན་ཞུ་གནང་ཚུལ་དང༌། སྐབས་དེར་བོད་སིལ་བུར་ཐོར་ནས་ཉམས་དམས་སུ་སོང་ཚུལ་སོགས་ཀྱི་རྣམ་ཐར་དང༌། བྱང་ཆུབ་ལམ་སྒྲོན་ལྗགས་རྩོམ་གྱི་གསོལ་འདེབས་ཞུས་ཚུལ་དང་བཅས་རྒྱས་པར་བཀའ་སློབ་སྩལ།
7. ཕྱག་ཚོད་ ༡༠ དང་སྐར་མ་ ༢༥ ཐོག་ཁྱོད་ཀྱི་ཇི་སྙེད་བཀའ་སྩལ་པ། རྟེན་འབྲེལ་ཉིད་ལས་བརྩམས་ཏེ་འཇུག། ཞེས་གསུངས་པ་ལྟར། དེང་སྐབས་ལམ་རིམ་འཆད་ཉན་དང༌། སངས་རྒྱས་ཀྱི་ཆོས་ངོ་སྤྲོད་བྱེད་པ་ལ་ཐོག་མར་ལྷག་མཐོང་ཆེན་མོ་བཤད་ནས་བདེན་གཉིས་ཀྱི་རྣམ་གཞག་དང༌། དེ་རྗེས་བདེན་བཞི། དེ་རྗེས་སྐྱབས་གསུམ་གྱི་རྣམ་གཞག་བཅས་འཆད་ཉན་བྱེད་དགོས་པའི་གལ་གནད་སྐོར་ལུང་རིགས་ཀྱིས་བརྒྱན་ཏེ་གསལ་བར་གསུངས།
8. ཕྱག་ཚོད་ ༡༠ དང་སྐར་མ་ ༣༠ ཐོག་དཔེ་ཆ་བལྟས་པའི་ལག་རྗེས་ལ་གོ་རྟོགས་ཡོད་པ་ཞིག་དགོས་པ་ལས། དཔེ་ཆ་བལྟས་རྗེས་ཐར་པ་དོན་གཉེར་གྱི་ཚབ་ཏུ་ཨ་སྒོར་དོན་དུ་གཉེར་བ་སོགས་བྱས་ན་མི་འགྲིགས་པར། བླ་མ་ཚད་ལྡན་དགོས་གལ་ཆེ་ཚུལ། སྔར་ལམ་དེབ་གསལ་ལྟར་མིན་པར་རྗེས་ལུས་ནས་ཡར་ཐོན་གྱི་ཕྱོགས་སུ་གོམ་གང་མདུན་སྤོས་བྱེད་དགོས་ཚུལ། བླང་དོར་གྱི་ལམ་སྟོན་གཟབ་རྒྱས་མཛད།
9. ཕྱག་ཚོད་ ༡༡ དང་སྐར་མ་ ༣༢ ཐོག་ལམ་རིམ་ཁྲིད་ཆེན་བརྒྱད་དང༌། དེའི་ཐོག་མགོན་པོ་གང་ཉིད་ནས་ལམ་རིམ་མང་པོའི་གསན་བཞེས་མཛད་པའི་ཁྲིད་ཆེན་བཅོ་བརྒྱད་ཀྱི་བཤད་ལུང་གསན་བཞེས་མཛད་པའི་བཀའ་ཆོས་གནང་རྒྱུ་ཡིན་ཞེས་བཀའ་སྩལ་ཏེ། ལམ་རིམ་རྣམ་གྲོལ་ལག་བཅངས་ཀྱི་ཤོག་གྲངས་ ༢༧༥ ཉིན་བཅུ་གཅིག་པར། ཇི་སྐད་དུ་མདོ་སྡེ་རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །ཞེས་སོགས་ནས་དབུ་བརྩམས་ཏེ་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་རིམ་ལ་བློ་སྦྱོང་བ་ལས། འཇིག་རྟེན་འདིར་རིང་དུ་མི་གནས་པར་འཆི་བ་རྗེས་སུ་དྲན་པའི་སྐབས་ནས་བཀའ་ཆོས་སྩལ།
10. ཕྱག་ཚོད་ ༡༠ དང་སྐར་མ་ ༤༠ ཐོག་སྐྱེ་བ་སྔ་ཕྱི་དང༌། ཉེར་ལེན་གྱི་རྒྱུ་གྱི་འགྲོ་ལུགས། ལྷག་པར་རི་རབ་ཡོད་མེད་དང༌། དེས་ན་ལྷ་གནས་སུམ་ཅུ་རྩ་གསུམ་ལ་བསམ་གཞིག་བྱེད་དགོས་པ། སྣང་རུང་མ་དམིགས་པའི་རྟགས་ཀྱི་འགྲོ་ལུགས། དེ་བཞིན་བསྟན་འབར་མ་ལས། འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུང་དང༌། །ཞེས་སོགས་གསུངས་པ་ལྟར་ཚེ་ལོ་བརྒྱད་ཁྲི་དང༌། དྲུག་ཁྲི། ཚེ་ལོ་བཞི་ཁྲི་བཅས་ཀྱི་འགྲེལ་ཚུལ་ལའང་བསམ་བློ་གཏོང་གལ་ཆེ་སྐོར་སོགས་འཕྲོས་ཏེ་རྒྱས་པར་བཀའ་སྩལ།
11. ཕྱག་ཚོད་ ༡༠ དང་སྐར་མ་ ༥༠ ཐོག་རྣམ་གྲོལ་ལག་བཅངས་ནས་གསུངས་ཏེ་ཤོག་གྲངས་ ༢༩༧ བར་གསུངས་ཏེ་སྔ་དྲོའི་ཆོས་ཐུན་ལེགས་པར་གྲུབ་པའོ།།

ཟིན་བྲིས་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་ལོ།།


  
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -