ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

20.12.2015 22:15:53
གངས་དཀར་སེམས།

images/stories/blog_images/Ganglha/12359982_1187354864629826_8152523853600145519_n.jpgབུད་མེད་ཚོས་ལས་ཀ་དང་ཕྲུ་གུ་ལྟ་སྐྱོང་མཉམ་དུ་བྱེད་ཆོག

རྩོམ་པ་མོ། ཟུའུ་སན་ཞི་ལ། Susan sheila ༢༠༡༢ ལོའི་ཟླ་ ༧ ཚེས་ ༡༠ ཉིན།
ལོ་ཤས་རིང་བུད་མེད་ཚོས་ལས་ཀ་བྱེད་ཞོར་ཕྲུ་གུར་ལྟ་སྐྱོང་བྱེད་སྟངས་ཀྱི་སྐོར་རྩོད་གླེང་གི་བསམ་ཚུལ་དེ་དག་ལྡོག་གཉིས་ཕྱོགས་སུ་འགྲོ་བཞིན་ཡོད། དེའང་སྤྲོ་སྣང་རིང་ལུགས་པ་ཚོས་དེ་གཉིས་མཉམ་དུ་བྱེད་ཆོག་པར་འདོད་ཅིང་། ཐེ་ཚོམ་ཟ་མཁན་ཚོས་ཐག་བཅད་དེར་སྐྱོ་སྣང་གི་རྣམ་འགྱུར་ཞིག་མངོན་ནས་ཡོད།


ཨཱན་ཉི་མ་རི་ས་གྷི་ཐི་ Anne-Marie Slaughter ཡིས་རྒྱ་མཚོ་ཆེན་མོ། The Atlantic ཞེས་ པའི་ཟླ་རེའི་ཚགས་པར་ཐོག་འགུལ་ཤུགས་ཆེ་བའི་རྩོམ་ཞིག་སྤེལ་ཡོད་པའི་ནང་ལས་གནས་ ཀྱི་རྩེ་མོར་གནས་པའི་བུད་མེད་རྣམས་ལས་ཡུན་རིང་དུས་མཚུངས་ཨ་མ་བཟང་མོ་ཞིག་ ཡོང་ཐབས་མེད་སྐོར་བཤད་འདུག མིག་སྔར་རྩོམ་འདིས་ང་ཚོར་གློ་བུར་བའི་སེམས་འཚབ་ཅིག་བསླང་ཡོད། རེད་ཡ། མོའི་རྩོམ་དེས་སྤྱི་ཚོགས་ཀྱི་མངོན་མཚན་མི་སྣར་སེམས་འཁུར་བྱས་པ་རེད། འོན་ཀྱང་མོས་དུས་མཚུངས་སུ་སེམས་འཚབ་དགོས་པའི་གནས་དོན་ཁག་ཅིག་གསལ་སྟོན་ཡང་བྱས་ཡོད། དེ་ནི་ཨ་མ་ཡིན་པའི་བུད་མེད་ཅིག་ཨ་རིའི་སྤྱི་ཚོགས་སུ་མུ་མཐུད་མོའི་དབང་ཆའང་བརྒྱུད་འཛིན་ཐུབ་མིན་སྐོར་ཡིན། ལ་ལས་དབང་ཆ་དེ་བེད་སྤྱོད་དེ་ཉམས་ཆུང་གི་ཕྱོགས་སུ་གྱར་ཚར་བའི་བུད་མེད་ཚོའི་གནས་སྟངས་ལེགས་བཅོས་བྱ་སྲིད་པ་རེད། ཅེས་བཤད།

མོའི་རྩོམ་ལ་གཞོན་ནུ་མའི་མོ་མཆོག་རིང་ལུངས་པའི་ཟིན་བྲིས་བདག་པོ་ཁག་གཅིག་གིས་ལན་འདེབས་ཧ་ཅང་རྣོ་ངར་ལྡན་པར་སྤེལ། མོ་དེ་ཚོས་ཕྲུ་གུ་དམར་འབྱར་དང་གཞུང་སྤྱོད་སྣོད་ཁུག་ཅེས་པ་ལྟ་བུའི་རྙིང་སོང་གི་བཅོས་མའི་བཤད་སྟངས་འདིར་ངོ་རྒོལ་གྱི་རྩོམ་སྤེལ་ཡོད། འོན་ཀྱང་དོན་དངོས་ཐོག་བུད་མེད་འདི་དག་གིས་བུད་མེད་ཚོས་ཕྱོགས་གཉིས་ཀ་བྱེད་ཐུབ་བམ། ཞེས་པའི་གནད་དོན་འདིར་ཁ་གཏད་གཅོག་བཞིན་པ་རེད། དྲ་ལམ་འདུས་སྡོད་ཅེས་པའི་དྲ་བདག་རཱེ་པེ་ཁ་ཁྲ་སི་ཐིས་ Rebecca Traister གཉིས་ཀར་ཁ་ཕྱོགས་པ་ཞེས་པའི་བཤད་སྟངས་འདི་བེད་སྤྱོད་བྱེད་རྒྱུ་མེད་ལུགས་བཤད། གང་ཡིན་ཟེར་ན་ཚིག་བརྗོད་དེའི་ནང་དོན་གྱི་ཐད་ཕྱོགས་གཉིས་ཀའི་ཁ་གཏད་ནི་ཡིད་ཚིམ་པའི་ཚོར་བ་ཞིག་རེད་དམ། ཡང་ན་དེ་ནི་བཅིང་འགྲོལ་ཐོབ་རྗེས་ཀྱི་རང་དབང་ཞིག་རེད། ཡང་ བུད་མེད་ལ་དོན་དངོས་དང་མི་འཚམས་པའི་དམིགས་ཚད་ཅིག་བཟོས་པ་དེ་ནི་གལ་ཏེ་ཨ་མ་ རྣམས་ཀྱིས་ལེགས་འགྲུབ་ཡོང་ཐབས་མེད་པའི་དམིགས་ཚད་འདི་མ་གྲུབ་ཚེ་མོ་མཆོག་རིང་ ལུགས་པ་ཚོར་དཀའ་ངལ་འཁྲད་སྲིད་པ་ཞིག་ཡིན། ཅེས་པ་དེ་རེད།

ཁྲ་སི་ཐིའི་སྐད་ཆ་འདི་དག་གི་དམིགས་བྱའི་ཉན་མཁན་རྣམས་ནི་ལོ་ ༢༠ དང་ ༣༠ ཙམ་གྱི་གཞོན་ནུ་མ་དག་རེད། དེ་བཞིན་མོ་དང་ང་འདྲ་བའི་ལོ་ཅུང་ཆེ་བའི་བྱ་བཞག་སྒྲུབ་མཁན་གྱི་བུད་མེད་རིགས་ཀྱང་ཡིན། མོས་ཅོལ་ཆུང་དང་བཅས་ང་ཚོའི་མི་རབས་འདིའི་ངོས་འཛིན་ལྟར་ན། གལ་ ཏེ་ང་ཚོས་སྐྱེས་པ་ལྟར་བྱ་བར་ཧུར་བརྩོན་བྱས་ཤིང་སྐྱེས་པ་ཚོས་བྱ་བཞག་བསྒྲུབ་ པའི་ངོ་བོ་གཏན་འབེབས་དེར་ངོས་ལེན་བྱས་ཚེ་ང་ཚོར་རྒྱལ་ཁ་ཐོབ་སྲིད་པ་རེད། ཅེས་བཤད། དེ་བཞིན་ང་ཚོའི་ནང་མི་མང་པོར་དོན་དངོས་རྒྱལ་ཁའང་ཐོབ་ཡོད་པ་རེད། ཁྲ་སི་ཐིས་ཐེ་ཚོམ་སྐྱེ་བཞིན་པ་དེ་ནི་ང་ཚོས་ནོར་འཁྲུལ་ཤོར་ཡོད་མེད་དང་། སྔར་བའི་མཛེས་སྡུག་གི་དོན་དངོས་ཤིག་ལ་བློ་འཁོར་ཞིང་དར་སྤེལ་མ་གཏོང་བ་ཡིན་མིན་དེ་རེད།

དེ་ནི་ལྟ་བ་བཟང་པོ་ཞིག་རེད། འོན་ཀྱང་ངས་བསམ་པར་ལྟ་བ་དེས་སྐྱོ་དགོས་པའི་དོན་དངོས་ཤིག་ཀྱང་སྦ་གསང་བྱས་འདུག དེའང་མི་ཚེའི་གོ་རིམ་ག་གེ་མོའི་ནང་བྱ་བཞག་ཐོག་རྒྱལ་ཁ་ཐོབ་བསམ་པའམ། ཡང་ན་ལས་ཀའི་ཁ་ཕྱོགས་བརྗེ་བསྒྱུར་བྱ་བསམ་ན་ཁྱོད་ཀྱིས་ངེས་པར་དུ་དཀའ་བསྐྱེད་ངེས་ཅན་ཞིག་བརྒྱུད་དགོས། ཁྱོད་ལས་གཞན་ཧུར་བརྩོན་ཆེ་ཞིང་། གོ་རིམ་འཕར་བ། གོ་གནས་མཐོ་བའི་མི་སྣ་ཡོད་སྲིད་ལ། དེའང་རྒྱུན་གཏན་ལྟར་ན་གང་ཟག་དེ་འདྲ་ཡོད་པ་ཚོ་མང་ཆེར་སྐྱེས་པ་རེད། ཕུན་ སུམ་ཚོགས་པའི་ཁྱིམ་ཚང་གི་འཚོ་བས་ཁྱོད་ལ་བྱ་བཞག་གི་སེམས་ཚོར་ཧ་ཅང་ཤུགས་ཆེན་ པོ་ཡོད་མཁན་གྱིས་དུས་ནམ་ཡང་ཡོངས་རྫོགས་ཤེས་རྟོགས་མི་ཐུབ་པའི་ཁེ་བཟང་ཚད་མེད་ ཅིག་ཡོད་པ་ཤེས་ནའང་། ཁྱོད་ཀྱི་སེམས་ཁམས་ད་དུང་ཡང་འཁོད་སྙོམས་ཤིག་ཡོང་མི་སྲིད།

གནད་དོན་ད་དུང་ཐག་ཆོད་མེད། བློ་གཅིག་སེམས་གཅིག་གིས་ལས་ཀར་འཇུག་མི་དགོས་པར་བྱ་བཞག་གི་རྩེ་མོར་སོན་ཐབས་བྱ་བསམ་པའི་རེ་འདུན་དེ་དོན་དངོས་དང་འཚམ་པོ་ཡོད་དམ། ང་ཚོས་སོ་སོའི་འགན་འཛིན་ནམ་རྒྱལ་ཁབ་ཀྱི་དབུ་འཁྲིད་དེ་གང་ཟག་འདི་འདྲ་ཞིག་ལ་རེ་བཞིན་ཡོད་དམ། ཟཱི་ལོ་ཐིས་སྤྱི་ཚོགས་ཀྱིས་ལམ་ལུགས་ནས་རྒྱབ་སྐྱོར་ཡོང་བའི་འབོད་བསྐུལ་ཞུ་བཞིན་ཡོད། དེ་ནི་དུས་ཚོད་རིང་པོའི་ནང་ཟླ་ཕོགས་ལེན་ཏེ་ཕྲུ་གུ་བཙའ་བའི་དགུང་སེང་ལ་བསྡད་རྒྱུ་དེ་རེད། ལས་ ཀ་གཉིས་བྱེད་པའི་གོ་སྐབས་དང་སྤུས་ཚོད་མཐོན་པོའི་སྒོ་ནས་ཕྲུ་གུར་ལྟ་སྐྱོང་ བྱེད་པ་དེ་ནི་ནུབ་ཡོ་རོབ་ཁུལ་དུ་ཧ་ཅང་ཁྱབ་ཆེ་བའི་གནས་སྟངས་ཤིག་ཡིན། ཡིན་ཡང་ཡོ་རོབ་ལ་ལམ་ལུགས་འདི་འདྲའི་རྒྱབ་སྐྱོར་ཡོད་ཚེ། ཁེ་ལས་དང་ཡང་ན་སྲིད་གཞུང་ལས་ཁུངས་སུ་གོ་གནས་མཐོན་པོར་གནས་པའི་བུད་མེད་ཀྱི་གྲངས་འབོར་ཇེ་མང་སོང་མེད་པའི་རྒྱུ་མཚན་ག་རེ་ཡིན་ནམ།

རྒྱུ་མཚན་གང་ཡིན་མི་ཤེས། ང་ལ་ཟཱི་ལི་ཐི་དང་མི་འདྲ་བའི་མཇུག་འབྲས་ཤིག་རག་བྱུང་། ཚང་མའི་གྲོགས་པ་ཡིན་པ་ཞིག་བརྒྱུད་ངས་ཟི་ལི་ཐིར་ཤེས་རྟོགས་ཉུང་ཙམ་བྱུང་ཞིང་། དེ་བས་ངས་མོ་རང་ལ་ཧ་ཅང་གུས་བརྩི་ཡོད། ང་རང་ཉུག་ཡོག་དུས་བབ་ལ་ཕལ་ཆེར་ལོ་ངོ་ ༨ ཙམ་ཕྱི་རྒྱལ་གསར་འགྱུར་སྡེ་ཚན་གྱི་རྩོམ་སྒྲིག་པ་གཙོ་བོའི་འགན་འཁྱེར་མྱོང་། དེའི་རིང་ནི་དུས་རབས་ནང་ཕྱི་རྒྱལ་གསར་འགྱུར་ཆེས་མང་བའི་དུས་སྐབས་ཤིག་ཡིན། ང་རང་སོ་སོའི་ལས་ཀར་དགའ་ཞེན་ཡོད། ལས་གནས་དེས་ངའི་འཚོ་བའི་ནང་ཆེ་མཐོང་ལྡན་པའི་ཚོར་འདུ་ཞིག་ཁེངས་ནས་ཡོད། དེ་མིན་ད་དུང་ཚོར་ཤུགས་ཆེན་པོའང་ཡོད། དེ་ནི་ངའི་ངོ་བོའི་ནང་གལ་ཆེན་གྱི་ཕྱོགས་ཤིག་ཡིན་ཡང་དེ་ནི་ངའི་ངོ་བའི་ནང་གི་ཆ་ཤས་ཁོ་ན་དེ་མིན། ང་རང་དེ་སྔོན་གཡུལ་འཐབ་ཐེངས་གཉིས་བྱུང་སྐབས་སུ་གསར་འགོད་པའི་དཔུང་ཁག་ཅིག་ལ་དོ་དམ་བྱས་མྱོང་། ངས་ད་དུང་གསར་འགྱུར་རྩོམ་སྒྲིག་ཁང་གི་འགྲོ་སོང་ལས་འཆར་ཧ་ཅང་ཆེན་པོ་ཞིག་གི་ཆ་ཤས་ལའང་འགན་འཁྱེར་དགོས། དེའི་རིང་གི་གསར་འགོད་པར་གཞན་གྱིས་འཛིན་བཟུང་དང་བཙོན་འཇུག་ཕོག་ཅིང། ད་དུང་གསར་འགོད་པ་དམར་བསད་བཏང་བའི་སྐྱོ་གནས་ཀྱང་བྱུང་ཡོད། ང་ཚོས་དུས་བསྟུན་བཀའ་སྒུག་གིས་གཟའ་མཇུག་ངལ་གསོ་དགོས་ཀྱང་། ང་རང་ཁྱོན་ནས་དགུང་སེང་དང་། ཡང་ན་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ངལ་གསོའི་དུས་ཚོད་ལོངས་སུ་སྤྱོད་མ་མྱོང་།

དུས་ཚོད་དེའི་རིང་ངའི་བུ་མོ་མཐོ་འབྲིང་སློབ་གྲྭར་སྐྱོད་རྗེས་སློབ་ཆེན་ཡང་ཐོན། དེ་ནས་མོ་རང་སླར་གསར་འགོད་པའི་ལས་རིགས་སུ་བཞུགས་ཏེ་སོ་སོའི་འཚོ་བ་འགོ་བརྩམས། ངའི་བུ་སློབ་འབྲིང་དུ་སློབ་སྦྱོང་བྱེད་ཀྱི་ཡོད། ད་དུང་ལོ་གཅིག་གི་རྗེས་སུ་སློབ་གྲྭ་ཆེན་མོར་འགྲོ་རན་ཡོད། ཁྱིམ་བདག་གི་ངོས་ནས་བཤད་ན། ལོ་ཟླ་འདི་འདྲིའི་ནང་སེམས་ལ་གནོན་ཤུགས་ཧ་ཅང་ཆེ། དེའང་ལོ་གཞོན་གྱི་ཕྲུ་གུ་ཚོའི་དབར་དོ་ནན་ངང་མཉམ་གནས་དགོས་ཤིང་། སྨྱོ་ལ་ཉེ་བ་ལྟར་གྱི་ཉུག་ཡོག་གྲོང་ཁྱེར་གྱི་ཁོར་ཡུག་འདི་འདྲའི་ནང་སློབ་གྲྭ་ཁག་མི་འདྲ་བའི་སློབ་འཇུག་གི་མོས་འདུན་རག་ཐབས་དགོས། ད་དུང་དེང་རབས་སློབ་ཆེན་དུ་སློབ་འཇུག་གི་གོ་རིམ་ནང་གི་དཀའ་སྡུག་དེ་དག་ལ་བཟོད་དགོས།

ང་རང་གནོན་ཤུགས་ཡོད་པར་ངོས་ལེན་མེད་པ་རྩ་བ་ནས་མིན། ༢༠༠༤ ལོར་ང་ཕྱི་རྒྱལ་གསར་འགོད་སྡེ་ཚན་གྱི་རྩོམ་སྒྲིག་པ་གཙོ་བོ་བྱེད་པའི་ལོ་ཐོག་མར་དབྱི་རག་ཁིའི་ Iraq གནས་སྟངས་ནི་ཧ་ཅང་ཟང་ཟིང་ཡིན། ང་རྒྱུན་དུ་གཞུང་ལས་ཁང་དུ་མཚན་མོ་ཆུ་ཚོད་དགུའམ་བཅུ་ཙམ་བསྡད་དགོས་ཀྱི་རེད། དབྱི་རག་ཁི་དང་ཨ་ཧྥུ་གྷན་ནི་སི་ཐན་ Afghanistan དུ་འགྲོ་བའི་ཆེད་དུ་ང་དང་ཁྱིམ་མིའི་དབར་དཀའ་ཚེགས་ཆེ་བའི་གྲོས་བསྡུར་ཡང་བྱས། དེ་བཞིན་སོ་སོའི་མི་ཆོས་ཀྱི་སེམས་ཁམས་དེའི་དབར་ལའང་འཐབ་རྩོད་བྱས་ཡོད།

༢༠༡༡ ལོར་ཨ་རབ་ཀྱི་དཀྱིད་ཀ ཅེས་པ་དེ་དང་ཉི་ཧོང་གི་ཉེན་ཁ་གཉིས་དུས་མཚུངས་སུ་བྱུང་། ཐོག་མཐའ་བར་གསུམ་དུ་ཧ་ཅང་གུ་ཡངས་ལྡན་པའི་ངའི་ཁྱོ་བོའང་རིམ་གྱིས་བཟོད་བསྲན་མ་ཐུབ་པར་གྱུར། འོན་ཀྱང་མདོར་བསྡུས་ནས་བཤད་ན། ངས་བསམ་ན་ངའི་ནང་མི་ཚོས་བཤད་སྟངས་འདིར་མོས་མཐུན་བྱེད་ཀྱི་རེད་བསམ་ཡོད། ཧུར་བརྩོན་གྱིས་ལས་འགན་སྣ་ཚོགས་ལ་ཁ་གཏད་པ་དུས་མཚུངས། ངས་ནང་མི་ཚོར་འོས་འགན་ཡང་དོར་མ་མྱོང་། གནས་ཚུལ་དེ་གང་འདྲ་སྒྲུབ་ཐུབ་པ་བྱུང་བ་རེད་དམ། དེ་སྔོན་ང་རང་ངེས་པར་དུ་གཞུང་ལས་ཁང་དུ་བསྡད་དགོས། འོན་ཀྱང་ད་ལྟའི་ཆར་རྒྱང་ཐག་རིང་ས་བརྒྱུད་མཚན་མོ་དང་ཡང་གཟའ་མཇུག་སྐབས་ལས་ཀ་བྱེད་ན་འགྲིག དུས་ཚོད་སྔོན་དུ་རྩོམ་སྒྲིག་གི་འོས་འགན་དེ་སྒྲུབ་ན་འགྲིག སྐབས་འགར་གློག་ཀླད་ཙམ་མིན་པར་སྤུས་ཚད་ལྡན་པའི་ལག་འཁྱར་ཁ་པར་སྤྱོད་ཀྱང་ཆོག དོན་དངོས་ཐོག་རྩོམ་སྒྲིག་པའི་འོས་འགན་ནི།༼ འདིར་ཕྱིར་སྐྱོད་དགོས་པའི་གསར་འགོད་པར་མི་གོ༽ ང་རང་ཉིན་ལྟར་མཚན་མོར་ཁྱིམ་དུ་བསྡད་དགོས་པ་མཚོན་གྱི་ཡོད། ཕྱིར་སྐྱོད་པ་དེ་ནི་བཙན་ཤུགས་ཀྱིས་བྱེད་ཀྱི་མེད། ངས་ལས་དོན་དང་འོས་འགན་མང་ཙམ་གཞན་ལ་ཁག་བགོས་སྟངས་སྦྱོང་ཞིང་། དམིགས་བསལ་དུ་མཚན་གཞུང་དང་གཟའ་མཇུག་ལ་དེ་ལྟར་བྱེད་ཀྱི་ཡོད།

ཟི་ལོ་ཐི་དང་མཚུངས་པར་ང་ལའང་བཟའ་ཟླ་མོའི་ལས་དོན་དང་བྱ་བཞག་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཁྱོ་བོ་བཟང་པོ་ཞིག་ཡོད། ཁོ་རང་ནི་རྩོམ་པ་པོ་ཞིག་ཡིན་ལ། གསར་འགོད་རིག་པའི་སློབ་དཔོན་ཞིག་ཀྱང་རེད། ཁྱིམ་ནས་ཁོའི་གཞུང་ལས་ཁང་དབར་སྐར་མ་ ༡༠ ཙམ་ལས་འགོར་གྱི་མེད། ཚང་མས་ངེས་པར་དུ་སོ་སོར་ས་མཚམས་ཤིག་གཏན་འབེབས་དགོས་པ་ལྟར། ངས་སོ་སོ་ལའང་ས་མཚམས་ཤིག་བཟོས་ཡོད། ངས་སོ་སོ་གྲོང་ཁྱེར་གཞན་ཞིག་ལ་གནས་སྤོས་ཀྱིས་ལས་ཀ་བྱ་བསམ་པ་ཁྱོན་ནས་མེད། ཕྲུ་གུ་ཚོ་ད་དུང་ཆུང་ཆུང་ཡིན་དུས་ངས་ཤིན་ཏུ་དོ་དབྱིངས་འགུག་ཐུབ་པའི་འོས་འགན་མང་པོ་ཞིག་ལ་ངོས་ལེན་བྱས་མེད། ལོ་ཁ་ཤས་རིང་ང་རང་མི་གཞན་གྱི་རྗེས་སུ་ལུས་བཞིན་པར་ཚོར་གྱི་འདུག

ཟཱི་ལོ་ཐིའི་རྩོམ་གྱིས་ངས་སོ་སོས་ལོ་ ༡༤ སྔོན་དུ་བྲིས་པའི་ཨ་མ་ཞིག་གི་ལངས་ཕྱོགས། A Mother’s Place ཅེས་པ་དེ་བྲིས་པར་འགྱོད་སེམས་ཏོག་ཙམ་ཡང་བྱུང་། སྐབས་དེར་ངས་དར་སྲོལ་རིག་གནས་ནང་གི་ཆོས་ལུགས་གཡས་ཐལ་རིང་ལུགས་པ་དང་། ད་དུང་བྱིས་པར་ལྟ་སྐྱོང་བྱེད་མཁན་ཆེད་མཁས་ཀྱི་བྱེད་སྟངས་ལ་རྒོལ་གཏམ་སྤེལ་བསམ་པ་ཡིན། ཁོ་ཚོས་ལས་ཀ་ཁོ་ནར་གཞོལ་བ་དེས་ཕྲུ་གུ་འཚར་ལོང་ལ་ཕན་གྱི་མེད་སྐོར་བཤད་འདོད། ཡིན་ཡང་ངས་ཁོ་ཚོའི་ཚོད་ལྟ་དེར་གནོན་སྐྱོན་ཡོང་པར་ངོས་འཛིན་བྱས། ངས་བུད་མེད་ཚོས་སེམས་འགྱོད་ཀྱི་རྐྱེན་པས་ཕྱིར་ཁྱིམ་ཚང་དུ་ལོག་སྲིད་པར་སེམས་འཚབ་ཡོད། ད་དུང་བུད་མེད་ཚོར་དོན་དངོས་དང་མི་འཚམས་པའི་འོས་འགན་ལྡན་པའི་ཨ་མའི་དམིགས་ཚད་ཅིག་འགྲུབ་དགོས་པའི་རེ་བའང་བཏོན་སྲིད། སྐབས་དེར་ང་རང་བུད་མེད་ཚོའི་རྣམ་འགྱུར་ལ་སེམས་འཁུར་ཡོད་པ་ལས་སྤྱི་ཚོགས་ཀྱི་སྒྲོམ་གཞིར་སེམས་འཁུར་བྱེད་ཀྱི་མེད།

འོན་ཀྱང་ཟཱི་ལོ་ཐིས་བཤད་པ་ལྟར། དོན་དངོས་ཤིག་ཡོད་པ་དེར་ངོས་ལེན་ཧ་ཅང་བྱེད་ཁག་པོ་ཡོད། དེ་ནི་ལས་ཀ་བྱེད་བཞིན་པའི་ཨ་མར་རྒྱབ་སྐྱོར་བྱེད་པའི་སྤྱི་ཚོགས་ཕྱོགས་ལ་ང་ཚོའི་འཕེལ་རྒྱས་ནི་ཚོད་འཛིན་ཡོད་པ་ཞིག་རེད། གནས་སྟངས་དེས་ང་ཚོས་རྒྱབ་ལྗོངས་སུ་ཆ་ཤས་ཀྱི་གནས་ཚུལ་ལ་མ་ལྟ་ན་འགྲིག་གི་མེད་པ་རེད། ལས་སྟབས་བདེའི་སྒོ་ནས་བུད་མེད་རྣམས་ཀྱིས་སོ་སོའི་སེམས་ཁམས་བཅོས་བསྒྱུར་བྱེད་པའམ། བྲེལ་ཟིང་ཆེ་བའི་ལས་དོན་གྱི་རེའུ་མིག་དེར་ཚོར་བ་ལེགས་པོ་ཞིག་ཡོང་ཐབས་དགོས་པ་ཙམ་གྱིས་འགྲིག་ཐབས་མེད། ཚོགས་པ་ཁག་ཅིག་གིས་སྔར་བས་སྟབས་བདེའི་ལས་དོན་དང་འཚོ་བའི་སྲིད་ཇུས་གཏན་འབེབས་བྱས་ཡོད། དེའང་ཁོ་ཚོས་སོ་སོའི་ཆེད་དུ་རྩིས་བསྐོར་བཞིན་པ་ཡིན་ཡང་། དམིགས་ ཡུལ་ནི་དུས་ཚོད་མང་ཙམ་གཏོང་སྟེ་སོ་སོའི་ཕྲུ་གུ་མཉམ་དུ་སྡོད་བསམ་པའི་འཇོན་ ཐང་ཅན་གྱི་བུད་མེད་དེ་དག་ཚོགས་པར་མུ་མཐུད་གནས་ཐབས་ཡོང་ཆེད་རེད། འོན་ཀྱང་བུད་མེད་ཁག་ཅིག་གིས་མུ་མཐུད་དེ་འདི་དང་མཚུངས་པའི་སྲིད་ཇུས་ལོངས་སྤྱོད་ཡོང་ཐབས་བྱ་དགོས་བསམ་ན། ད་དུང་ངེས་པར་དུ་མཉམ་འབྲེལ་གྱི་ཁྲིམས་དང་བཀའ་རྒྱ་ནས་རྒྱབ་སྐྱོར་དགོས་པ་རེད། དཔལ་ འབྱོར་གྱོང་རྒུད་དང་སྲིད་གཞུང་ཆུང་ཆུང་ལ་དད་འདུན་བཅང་བཞིན་པའི་དེང་གི་གནས་ སྟངས་ལ་གཞིགས་ན་འདི་ཐོས་པ་ཙམ་གྱིས་ཉིན་མོའི་རྨི་ལམ་ལྟ་བུ་ཡིན།

དེ་ནི་ངས་ང་ཚོས་མཉམ་དུ་ཟཱི་ལོ་ཐིས་དྲིལ་བསྒྲགས་བྱེད་བཞིན་པའི་བཅོས་སྒྱུར་མང་པོར་ཁ་ཕྱོགས་དགོས་ཅེས་བཤད་དགོས་པའི་རྒྱུ་མཚན་ཡིན་ལ། དེ་བཞིན་འདིའི་ཆེད་དུ་ཧུར་བརྩོན་དགོས་པའང་ཡིན། འོན་ཀྱང་ང་ཚོས་དམིགས་ཡུལ་འགྲུབ་ཐབས་ཆེད་དུ་ངེས་པར་དུ་གྲ་བསྒྲིག་ཨར་གསར་བྱ་དགོས་ལ། འགོར་སྲིད་པའི་དུས་ཡུན་རིང་པོའི་རྒྱང་སྤྱོད་ལྟ་བུ་བྱ་དགོས། མཱ་གྷེ་རི་ཐི་མི་ཏེའི་ Margaret Mead བུ་མོ་མཱ་རི་ཁེ་ཟི་ལིན་པོ་ཐེ་སུན་ Mary Catherine Bateson གྱིས་འཚོ་བ་འབྲི་བཀོད་བྱེད་པ། ཞེས་པའི་གལ་ཆེན་གྱི་བརྩམས་དེབ་ཅིག་གྲུབ་ཡོད། དེབ་ནང་ལག་བསྟར་འོས་པའི་ལས་འཆར་ཁག་ཅིག་བསྒྲིགས་ཡོད། མོས་ བུད་མེད་ཀྱི་བྱ་བཞག་གི་ལམ་བུ་དེ་ནི་ལས་སྟབས་བདེའི་ལམ་ཐིག་ཐད་ཀར་ཞིག་མིན་པར་ སྐབས་འགར་ཕྱིར་འཁུམ་འགྲོ་བའམ་མཚམས་རེར་རྒྱ་ཆེར་འགྲོ་བཞིན་པར་ངོས་འཛིན་བྱས་ ཡོད། དེ་ནི་མདུན་ལམ་རྩ་བ་ནས་མེད་པའི་ཨ་མ་ཁོ་ནའི་ལས་བྱེད་པའི་རིགས་ཀྱི་ལམ་བུ་ཞིག་ལ་ངེས་པ་མེད། གནས་སྟངས་མང་པོར་འགྱུར་བ་འགྲོ་བཞིན་ཡོད། དུས་རབས་སྔོན་མའི་ལོ་རབས་ ༩༠ ཡི་ མཇུག་ཏུ་ང་རང་ཕྱི་རྒྱལ་གསར་འགྱུར་སྡེ་ཚན་གྱི་རྩོམ་སྒྲིག་པ་གཞོན་པ་ཡིན་དུས་ སུ་ཚགས་དེབ་ཁང་ལ་ཨ་མས་ཕྲུ་གུ་སྐྱེ་དུས་ངལ་གསོའི་སྐབས་སུ་སྐྱེས་པས་རོགས་པ་ དགོས་པའི་སྔོན་མཚུངས་ཀྱི་དགུང་སེང་ཞུ་མཁན་ཐོག་མ་དེ་བྱུང་། གནས་སྟངས་དེས་རྩོམ་སྒྲིག་པ་གཙོ་བོར་སུན་སྣང་དང་ཐེ་ཚོམ་ཤུགས་ཆེན་པོ་སྐྱེས། དེ་བཞིན་ན་ནིང་ལོ་ལའང་སྐྱེས་པ་གཉིས་ཀྱིས་དུས་རིང་པོར་དགོང་སེང་ཞུས་ཏེ་ཕྱིར་ནང་དུ་ལོག་ནས་ཕྲུ་གུ་ལྟ་དགོས་པ་བྱུང་ཡོད།

དེ་སྔོན་བསམ་ཡུལ་ལས་འདས་པའི་གནས་ཚུལ་ལ་དེང་རིམ་གྱིས་དོན་དངོས་སུ་འགྱུར་བཞིན་ཡོད། དེ་བཞིན་ལས་ཀ་ཚང་མ་གཅིག་མཚུངས་ཀྱིས་འ་ཆད་འུ་ཐུག་གི་གནས་སུ་གྱར་མེད་པ་རེད།

བུད་མེད་དམ། ཡང་ ན་སྐྱེས་པས་ཕྲུ་གུ་ཚོར་རྡོག་འཁྲིས་ཧ་ཅང་ལྕི་བའི་དུས་རིམ་དུ་ཧ་ཅང་དཀའ་ཚེགས་ ཆེ་བའི་ལས་གནས་སུ་འཇུག་དགོས་པའི་རེ་འདུན་དེ་ནི་དོན་དངོས་དང་འཚམ་པོ་མེད་པའང་ སྲིད། འོན་ཀྱང་བྱ་བཞག་གི་མདུན་ལམ་དེ་ནི་གྱ་གྱུར་ལྡན་ཞིང་ཧ་ཅང་ཐག་རིང་པོ་ཞིག་ཀྱང་ཡིན།

ངས་གཞོན་ནུ་བུད་མེད་ཚོར་བསམ་འཆར་བཤད་རྒྱུ་ནི། སེམས་ཤུགས་ཆགས་དགོས་དོན་མེད། ཅེས་པ་འདི་ཡིན། རེད་ཡ། ཨ་རིར་མངོན་མཚན་ཧ་ཅང་ཆེ་བའི་ལས་གནས་མང་པོས་ཨ་མ་རྣམས་ལས་གནས་དེའི་ཕྱི་ལ་ཕུད་བཞིན་ཡོད། འོན་ཀྱང་ད་དུང་ཡང་ལོ་གཞོན་སྐྱེས་པ་མང་པོས་ཁོ་ཚོས་དུས་ཚོད་མང་ཙམ་གཏོང་སྟེ་ཁྱིམ་མི་དང་མཉམ་དུ་བསྡོད་འདོད་ཡོད་སྐོར་བཤད་ཡོད་པ་རེད། གཅིག་བྱས་ན་ཁོ་ཚོའང་གནས་སྟངས་འདི་འགྱུར་ལྡོག་གཏོང་བའི་དཔུང་ཁག་ཏུ་བཞུགས་སྲིད་ཅིང་། ཡང་ན་ཁོ་ཚོས་དོན་དངོས་དང་མི་འཚམ་པའི་ལས་གནས་རིགས་ཀྱི་རེ་འདུན་ཁག་ཅིག་ལ་བཅོས་བསྒྱུར་གཏོང་བར་རོགས་ཕན་ཡང་བྱ་སྲིད་པ་རེད། དེ་བས་བཟོད་སྒོམ་བརྒྱུན་མཐུད་ཀྱིས་མུ་མཐུད་མཐར་ཐུག་པར་རྒྱུན་འཁྱོང་བྱེད་རོགས་ཞུ།

ཟུའུ་སན་ཧི་ལ་ Susan Chira ནི་ཉུག་ཡོག་དུས་བབ་ཏུ་ལག་བསྟར་རྩོམ་སྒྲིག་པ་གཙོ་བོའི་ལས་རོགས་བྱེད་བཞིན་ཡོད།

རྒྱ་སྒྱུར་ལོ་ཙ་བ། ལེའུ་ཁྲིན། 柳沉

མ་རྩོམ་འབྲེལ་ཐག

http://cn.nytimes.com/opinion/20120710/c10women/

 

 


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -