ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

20.11.2015 05:05:27
གངས་དཀར་སེམས།

images/stories/45/arge 1.jpgརྒྱ་གར་གྱི་བྱིས་པ་དུང་ཕྱུར་ལྷག་ལ་བཅུད་ཀྱིས་མི་མདང་བ་ག་རེ་ཡིན་ནམ།
རྒྱ་གར་ལཱག་ནོ་ Lucknow ལ་ངས་སློབ་གྲྭ་ཆེན་མོ་ཞིག་འཁྲིད་དེ་ལོ་འདིའི་ཁུའུ་སི་ཊི་ཧྥི་ Kristof དང་མཉམ་དུ་འགྲོ ཅེས་པའི་ཡུལ་སྐོར་གྱི་འཆར་གཞིའི་ལས་འགུལ་དེའི་ལམ་དུ་ཆས།


ཐེངས་འདིར་ངས་འཁྲིད་པའི་བསོད་བདེ་ཅན་གྱི་སློབ་མ་སཱི་ཊན་ཧྥུ་སློབ་ཆེན་ Stanford University གྱི་ཨཱོ་སི་ཊིང་མེར་ Austin Meyer ངེད་གཉིས་རྒྱ་གར་གྱི་གྲོང་གསེབ་ཅིག་ཏུ་བརྒྱུད་བཞིན་འཛམ་གླིང་ཐོག་གི་དྲི་བ་ཆེ་ཤོས་ཤིག་སྟེ། རྒྱ་གར་གྱི་བྱིས་པ་དུང་ཕྱུར་ལྷག་གི་ལུས་སེམས་གཉིས་འཚལ་ལོང་དལ་བའི་རྒྱུ་མཚན་ཅི་ཡིན་མིན་གྱི་གསང་བ་འདི་གཏོར་ཆེད་དུ་ཡིན།

རྒྱ་གར་ནི་གསོན་ཤུགས་རྒྱས་པའི་དམངས་གཙོ་རྒྱལ་ཁབ་ཅིག་རེད་ལ། བར་དབྱིངས་གཟའ་སྐར་མིག་དམར་ཐོག་འཕུར་མདའ་ཞིག་ཀྱང་བཏང་ཚར། ཡིན་ཡང་རྒྱལ་ཁབ་འདིའི་བྱིས་པ་ཚོ་རྒྱ་གར་ལས་ཧ་ཅང་དབུལ་ཞིང་ཕོངས་པའི་ལྷོ་ཨ་ཧྥི་རི་ཁའི་བྱིས་པ་ལས་འཁྱག་ལྟོག་གི་དཀའ་སྡུག་མྱོང་ཆེ་བ་ཡིན། འདི་ནི་དམངས་གཙོ་རྒྱལ་ཁབ་ཀྱི་ཕམ་ཁ་ཆེན་པོ་ཞིག་རེད། རྒྱ་གར་ནི་གོ་ལའི་ས་ཡོམ་གྱི་ས་ཚིགས་ལྟེ་བར་གནས་ཤིང༌། སྲིད་གཞུང་ནས་སྤེལ་བའི་གྲངས་ཀ་ལྟར་ན། ༼ གཞན་གྱིས་ཚོད་དཔག་བྱས་པའི་གྲངས་ཀ་འདི་ལས་མཐོ་བ་ཡོད། ༽ བརྒྱ་ཆ་ ༣༩ ཡི་རྒྱ་གར་བྱིས་པ་ནི་བཅུད་ཀྱི་མི་མདང་བས་འཚལ་ལོང་དལ་བ་ཡོད། རྒྱ་གར་གྱི་བྱིས་པར་བཅུད་ཀྱིས་མི་མདང་བའི་གནས་སྟངས་འདི་པུའུ་ཀི་ན་ཧྥ་སོ་ Burkina Faso དང༌། ཧཱེ་ཏིས། Haiti བཱང་ལ་ཌེ་ཤིས་ Bangladesh དང་ཀཱོ་རི་ཡ་ Korea བཅས་ཀྱི་གནས་སྟངས་ལས་ཆེས་སྡུག་པ་ཡོད།

རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེར་མཚོན་ན། རྒྱ་གར་བྱང་ཕྱོགས་སུ་དུང་ཕྱུར་ ༢ ཙམ་ཡོད་པའི་རུ་ཚོགས་ཆེན་པོ་ཞིག་ཡོད་པ་དེར་ཟས་བཅུད་ཀྱིས་མི་མདང་བའི་གནས་སྟངས་ནི་མི་རྣམས་ཧ་ལས་དགོས་པ་ཞིག་ཡིན། སྲིད་གཞུང་རང་ནས་ཚོད་དཔག་བྱས་པ་ལྟར་ན། མངའ་སྡེ་འདིའི་རང་ལོ་ ༥ འོག་གི་བྱིས་པ་མང་ཆེར་ནི་བཅུད་ཀྱིས་མི་མདང་བ་ཤ་སྟག་ཡིན། ༢༠༡༥ ལོའི་འཛམ་གླིང་ཡོངས་ཀྱི་བཅུད་ཀྱི་སྐོར་གྱི་སྙན་ཐོའི་གྲངས་ཀར་གཞིགས་ན་མངའ་སྡེ་འདིའི་གནས་སྟངས་ནི་པཱོ་རང་ཏི་ Burundi ས་ཁུལ་ཕུད་ཨཱ་ཧྥི་རི་ཁའི་རྒྱལ་ཁབ་ལས་ཀྱང་ཐབས་སྡུག་པ་གསལ། འཚར་ལོང་ཞེན་པའི་གྱོང་རྒུད་ཚབ་ཆེ་ཤོས་ཕོག་པ་དེ་ནི་བྱིས་པའི་གཟུགས་ཚད་མིན་པ་དེ་ནི་བྱིས་པའི་རིག་པ་ཡིན། ཞིབ་འཇུག་ཐེངས་མང་བྱས་པའི་གྲུབ་དོན་དུ་གསལ་བ་ལྟར་ན། ཐོག་མའི་དུས་སུ་བཅུད་མི་མདང་བས་རིག་པའི་འཕེལ་ཁར་གནོད་ཅིང་དེ་ཡང་རིག་པ་སླར་གསོ་བྱེད་ཐབས་མེད་པ་དེ་རེད། བཅུད་ཀྱི་མི་མདང་བའི་བྱིས་པའི་ཀླད་པའི་སྐྱེ་འཕེལ་ལུགས་མཐུན་མིན་པར་ཆགས་ཀྱི་ཡོད། གློག་གིས་ཀླད་པར་རྟག་དཔྱད་སྐབས་དེའི་དབར་གྱི་ཧེ་བག་མཐོང་ཐུབ། དེའང་བཅུད་ཀྱིས་མི་མདང་བའི་བྱིས་པ་ཚོ་སློབ་གྲྭ་ནས་འཐེན་མཁན་མང་བའི་རྒྱུ་མཚན་ཡིན་སྲིད།

པཱིལ་དང་གྷེ་ཚི་ཐེབས་རྩ་ཚོགས་པའི་ Bill and Melinda Gates Foundation ཟས་བཅུད་སྐོར་གྱི་མཁས་དབང་ཞཱོན་བ་ཁིར་ Shawn Baker ཁོང་ང་དང་མཉམ་དུ་ཞིང་པའི་ས་ཁུལ་དུ་ལྟ་བསྐོར་བྱེད་ཅིང༌། ཁོང་གིས་ང་ཚོས་སྐྱེ་འཕེལ་དལ་བའི་སྐོར་དོ་སྣང་བྱེད་ཀྱི་ཡོད། གང་ཡིན་ཟེར་ན་དེ་ནི་འཕེལ་རྒྱས་འགྲོ་མིན་གྱི་མངོན་ཚུལ་ཞིག་ཡིན་ལ། དེ་ནི་ཕྲུ་གུ་ཚོར་ཤི་རྐྱེན་ཡོང་བའི་ཉེན་ཁ་འཕྲད་བཞིན་ཡོད། ཅེས་བཤད།

ཁུའུ་སི་ཊི་ཧྥི་དང་མཉམ་དུ་འགྲོ ཅེས་པའི་འགྲུལ་བཞུད་ནི་མི་རྣམས་ལ་དམིགས་བསལ་དེ་ཙམ་མིན་ཡང་ཧ་ཅང་གལ་ཆེ་བའི་གནས་དོན་ཐོག་དོ་སྣང་ཡོང་ཐབས་ཀྱི་གོ་སྐབས་ཤིག་རེད། དུང་ཕྱུར་མ་ལྷག་གི་བྱིས་པ་ཚོ་དགོས་པ་དང་རྒྱུ་མཚན་གང་ཡང་མེད་པའི་སྒོ་ནས་ཟས་བཅུད་མི་མདང་བའི་དཀའ་སྡུག་གི་ཁོར་ཡུག་ཏུ་མི་ཚེའི་ནང་འཕེལ་རྒྱས་འགྲོ་བར་འགོག་རྡོ་འཕྲད་སྐབས་འདི་ནི་འཛམ་གླིང་ཡོངས་ཀྱིས་རང་བཞིན་གྱིས་ཐོག་མར་ཐག་གཅོད་དགོས་པའི་གནད་དོན་ཞིག་ཡིན་དགོས་པ་རེད།

ད་ལྟའི་ཆར་བློ་སྟོབས་ཆེ་བའི་རིག་པའི་གཞུང་ལུགས་གསར་པ་འགས་གཅིག་རྗེས་གཉིས་མཐུད་ཀྱིས་རྒྱ་གར་གྱི་བྱིས་པ་ཚོར་ཟས་བཅུད་མི་མདང་བའི་ཕྱོགས་བྱེད་སྟངས་འདི་འདྲ་ཐབས་སྡུག་ཡིན་པའི་སྐོར་འགྲེལ་བརྗོད་བྱེད་བཞིན་ཡོད།
ཐོག་མར་རྒྱ་གར་གྱི་བུད་མེད་ཀྱི་གོ་བབ་ཀྱིས་སྦྲུམ་མའི་ཟས་བཅུད་སྐོར་ལའང་སྔར་བས་སྡུག་ཆགས་ཀྱི་གནས་སུ་བསྐྱེལ་ཡོད། རྒྱ་གར་གྱི་ཁྱིམ་ཚང་དུ་བུད་མེད་ཀྱིས་སྤྱི་བཏང་ཆ་ནས་མཐའ་མཇུག་ཏུ་ཟས་ཟ་ཡི་ཡོད་པ་རེད། ཧྥུ་ལིན་སི་ཊོན་སློབ་ཆེན་གྱི་དཔལ་འབྱོར་མཁས་པ་ཊེ་ཨན་ན་ཀོ་ཧྥིས་ Diana • Coffey རྒྱ་གར་གྱི་བུད་མེད་བརྒྱ་ཆ་ ༤༢ ཙམ་སྦུམ་མ་མ་ཆགས་སྔོན་དུ་གཟུགས་པོའི་ལྗིད་ཚད་མ་མདང་བ་དང༌། དེ་རྗེས་ཕྲུ་གུ་སྦྲུམ་པའི་དུས་སུའང་རྒྱ་གར་བུད་མེད་དེ་དག་ཕྱེད་ཙམ་ལ་གཟུགས་པོའི་ལྕི་ཚད་མཐོར་འདེགས་ཀྱི་བསམ་འཆར་མཁོ་སྟོན་ཐུབ་ཀྱི་ཡོད། ཊེ་ཨན་ན་ཀོ་ཧྥིས་ཨ་རིའི་རྒྱལ་ཁབ་ཚན་རིག་ཁང་གི་དུས་དེབ། Proceedings of National Academy of Sciences ཐོག་རྒྱ་གར་གྱི་བུད་མེད་རྣམས་སྦྲུམ་པའི་སྐབས་ཀྱི་གཟུགས་པོའི་ལྕི་ཚད་དེ་སཱ་ཧ་ར་ལྷོ་ཕྱོགས་ཀྱི་ཨ་ཧྥི་རི་ཁའི་ས་ཁུལ་གྱི་སྤྱི་བཏང་གི་བུད་མེད་དཀྱུས་མ་རྣམས་སྦྲུམ་པའི་སྐབས་ཀྱི་གཟུགས་པོའི་ལྗིད་ཚད་ལས་དམའ་བ་ཡོད། ཅེས་བྲིས། དེའི་མཇུག་འབྲས་ནི་བྱིས་པ་མང་པོ་ཨ་མའི་མངལ་དུ་ཡོད་དུས་ནས་བཅུད་ཀྱི་མི་མདང་བས་རྐྱེན་གྱིས་བདེ་ཐང་བསྐྱར་གསོ་ཐུབ་ཐབས་བྲལ་བ་དེ་ཡིན།

རིག་པའི་གཞུང་ལུགས་གཉིས་པ་དེ་ནི་འཕྲོད་བསྟེན་གྱི་ཁོར་ཡུག་ཞེན་པའི་རྐྱེན་གྱིས་ཡིན། དམིགས་བསལ་དུ་ཐང་ལ་ཆབ་ཆེན་བཙོག་པ་གཏོང་བ་དེས་ཁོར་ཡུག་ལ་གནོད། ཕལ་ཆེར་རྒྱ་གར་བ་ཕྱེད་ལྷག་གིས་ཐང་དུ་གཅིག་སྐྱག་གཏོང་བ་ལས་གསང་སྤྱོད་དུ་འགྲོ་ཡི་མེད། དེའི་མཇུག་འབྲས་ནི་ཕྲུ་གུ་ཚོར་རྒྱུ་མས་བཅུད་ལེན་གྱི་ནུས་པ་ཞེན་པའི་ན་ཚའི་འབུ་ཕྲ་དང་གཉེན་ཚད་ཕོག་སྲིད་པས་ཡིན། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཁང་གི་སྙན་ཐོ་ལྟར་ན་ལོ་རེར་རྒྱ་གར་བྱིས་པ་ཁྲི་ ༡༡་༧ གྲོད་ཁོག་བཤལ་བའི་ན་ཚས་རྐྱེན་ལམ་དུ་འགྲོ་བཞིན་ཡོད་པ་རེད།

དེ་ནི་ཕལ་ཆེར་ཡ་མཚན་གྱི་གནས་སྟངས་ཤིག་ལ་འགྲེལ་ཆོག་སྟེ། རྒྱ་གར་ཁ་ཆེའི་ཆོས་ལུགས་ཀྱི་བྱིས་པ་རྣམས་རྒྱ་གར་ཆོས་ལུགས་པ་ལས་ཤི་རྐྱེན་ཉུང་བ་ཡོད། དེ་བས་ཁ་ཆེ་ཚོ་རྒྱ་གར་ཆོས་ལུགས་པ་ལས་ཧ་ཅང་དབུལ་ཕོངས་ཡིན་ཡང༌། དེའི་རྒྱུ་རྐྱེན་གཅིག་ནི་ཁ་ཆེ་བའི་གྲོང་གསེབ་ཀྱི་མི་རྣམས་ཀྱིས་གསང་སྤྱོད་བེད་སྤྱོད་གཏོང་གི་ཡོད་པས་ཡིན་སྲིད་པ་དེ་རེད།

འདི་ནི་ཤི་གསོན་དང་འབྲེལ་བའི་གནས་དོན་ཞིག་ཡིན། སྲིད་གཞུང་གིས་མཚོན་ཆ་ཊན་ཁེ་དང་གཡུལ་འཐབ་ཀྱི་འཕྲུལ་ཆས་བཟོ་བར་དཔལ་འབྱོར་འགྲོ་གྲོན་གཏོང་ནས་སོ་སོའི་མི་དམངས་རྣམས་ལ་སྲུང་སྐྱོར་བྱེད། འོན་ཀྱང་ཁོ་ཚོའི་མི་དམངས་རྣམས་ནི་སོ་སོའི་གཅིག་སྐྱག་ལས་བྱུང་བའི་ཉེན་ཁ་དེ་ཚབ་ཆེ་བ་ཡོད་པ་རེད།

དེ་ལྟར་ཡང་མི་ཉུང་ཤོས་ཀྱིས་ཉེན་ཁ་འདི་འདྲ་ཞིག་ངོས་འཛིན་མི་ཐུབ་པ་ལུས་ཡོད། འཛམ་གླིང་གི་ཁོར་ཡུག་ཏུ་ལག་འཁྱེར་ཁ་པར་བེད་སྤྱོད་གཏོང་ཐུབ་པའི་མི་འབོར་དེ་ནི་གསང་སྤྱོད་དུ་འགྲོ་ཆོག་པའི་མི་ཚོགས་ལས་མང་བའི་ཚོད་དུ་ཡོད། འདི་ནི་ཁ་པར་ནི་གལ་ཆེ་བའི་ཡོ་བྱེད་ཅིག་ལ་ངོས་འཛིན་པས་ཡིན། ཨཱོ་སི་ཊེང་མེར་ང་དང་མཉམ་དུ་ཞུགས་པའི་གྲོང་ཚོར་གྲོང་པའི་མི་སེར་རྣམས་མང་ཆེར་ལག་ཁྱེར་ཁ་པར་ཡོད། འོན་ཀྱང་ཉལ་སའི་ཁང་པའི་ཕྱི་ལོག་ཏུ་གསང་སྤྱོད་ཡོད་མཁན་ཉུང་ཉུང་རེད་འདུག གསང་སྤྱོད་བེད་སྤྱོད་གཏོང་མཁན་ནི་དེ་བས་ཉུང་ཉུང་རེད། རོགས་སྐྱོར་ཚོགས་པས་གསང་སྤྱོད་བསྐྲུན་པ་ཡིན་ན་ལས་སྟབས་བདེ་རེད། འོན་ཀྱང་མི་རྣམས་ཀྱིས་གསང་སྤྱོད་བེད་སྤྱོད་དེ་ནི་དེ་བས་དཀའ་ལས་ཁག་པ་ཞིག་རེད།

ང་ཚོར་སཱ་ལི་ཧ་པ་ནོ་ Sahliha Bano ཟེར་བའི་བུད་མེད་ཅིག་འཕྲད་བྱུང༌། མོ་རང་ལ་ཟླ་བ་ ༡༡ ཙམ་ཟིན་པའི་ཆེ་མིང་ལ་མཱོ་ཉི་ Munni ཟེར་བའི་བུ་མོ་ཞིག་ཀྱང་འདུག བུ་མོ་ཆུང་ཆུང་དེ་ནི་བཅུད་མི་མདང་བ་ཤུགས་ཆེན་པོ་རེད་འདུག ཁྱིམ་ཚང་འདི་ལ་གསང་སྤྱོད་མེད། ༼ གྲོང་ཚོ་དའི་ནང་གསང་སྤྱོད་ཡོད་མཁན་ཧ་ཅང་ཉུང་ཉུང་རེད་འདུག ༽

སཱ་ལི་ཧ་པ་ནོར་སོ་སོའི་གཟུགས་པོར་བཅུད་ཀྱི་མི་མདང་བ་དང་དེ་འབྲེལ་གྱི་རྒྱུ་རྐྱེན་ཡང་ཡོད་པར་མངོན། མོ་རང་ཡིག་རྨོངས་རེད། ཕལ་ཆེར་རང་ལོ་ ༡༤ ཙམ་ལ་ཆང་ས་བརྒྱབས། འོན་ཀྱང་བུ་མོ་མཱོ་ཉི་ནི་མོའི་ཕྲུ་གུ་ཨང་དྲུག་པ་དེ་རེད། སཱ་ལི་ཧ་པ་ནོར་གྱིས་ཕྲུ་གུའི་སྐྱེ་འཕེལ་བཀག་པར་མོས་མཐུན་མེད་པ་རེད། གང་ཡིན་ཟེར་ན་མོས་དེ་ནི་ལྷ་དཀོན་མཆོག་གི་ཐུགས་འདུན་དང་འགལ་བར་ངོས་འཛིན་བྱེད་པས་ཡིན།

འདི་དག་ནི་ཧ་ཅང་རྙོག་འཛིང་ཆེ་བའི་གནས་ཚུལ་ཞིག་རེད། འོན་ཀྱང་གལ་ཏེ་ཨཱ་ཧྥུ་གྷན་ནི་སི་ཋན་Afghanistanདང་པཱང་ལ་ཊེ་ཤི་ Bangladesh ཡར་རྒྱས་ཤུགས་ཆེན་པོར་སོང་བ་ཡིན་ན། ༼ ད་དུང་རྒྱ་གར་གྱི་མངའ་སྡེ་འགའ་དཔེར་ན་ཁཱེ་རི་ལ་ལྟ་བུ། ༽དེ་ནས་རྒྱ་གར་གྱིས་ཀྱང་བྱེད་ཐུབ་པའི་བྱ་བ་ཞིག་རེད། རྒྱ་གར་གྱི་སྲིད་བློན་ཟུར་པ་མཱན་མོ་ཧན་ཤིང་གྷིས་བྱིས་པ་ཚོར་བཅུད་ཀྱིས་མི་མདང་བ་དེ་ནི་རྒྱལ་ཁབ་ཅིག་གི་ངོ་ཚ་རེད། ཅེས་གསུངས། འོན་ཀྱང་རྒྱལ་ཁབ་འདི་ལ་ད་དུང་ཡང་གནད་དོན་འདི་ཐག་གཅོད་བྱ་བའི་འདུན་མ་དེ་མེད་པ་རེད།

དེ་ལས་ལྡོག་སྟེ་སྒོ་ང་བཅུད་ཀྱིས་གསོ་སྐྱོང་བྱས་པའི་སྒོ་ང་ཟ་བར་ངོ་རྒོལ་བྱེད་པའི་ཆོས་ལུགས་ཀྱི་ཚོགས་པས་རྒྱབ་སྐྱོར་བྱེད་པའི་ལས་འགུལ་ནང་རྒྱ་གར་དབུས་གཞུང་གིས་བྱིས་པ་གསོ་སྐྱོང་གི་ལས་འཆར་དུ་སྒོ་ང་མཁོ་སྤྲོད་བྱ་བའི་བསམ་འཆར་ཞིག་ལ་ངོས་ལེན་བྱས་མེད། དེའི་མཇུག་འབྲས་ནི་བྱིས་པ་དུང་ཕྱུར་བརྒལ་བ་རྣམས་ཀྱི་མི་ཚེའི་ལྷག་མར་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་པའི་མི་ཚོགས་སུ་ཞུགས་དགོས་པ་དེ་རེད། རླབས་ཆེན་གྱི་མི་རིགས་ཤིག་འདི་ལྟར་སོ་སོས་ཉམས་ཆགས་སུ་གཏོང་གི་ཡོད་པ་རེད།

རྒྱ་སྒྱུར་བྱེད་མཁན། ཉུག་ཡོག་དུས་བབ་རྒྱ་ཡིག་ཚན་པ།

འབྲེལ་ཐག

 

 


  གངས་དཀར་སེམས།
 

25.11.2015 05:03:24

ཨ་ཅག་གངས་ལྷ་མཆོག་ནས་འཕྲོད་བསྟེན་སྐོར་ཧ་ཅང་ལེགས་པོ་གསུངས་འདུག་ཀྱང་ངོས་རང་ཉིད་ལ་འཕྲོད་བསྟེན་མེད་དུས་རང་སེམས་སྐྱོ་གདུང་གིས་མནར་རྒྱུ་ལས་མ་འདས།

 
 
26.11.2015 23:57:04

ཚེ་སྲོག་ནི་ཡོངས་རྫོགས་ཀྱི་མ་རྩ་ཡིན་པས་རྒན་གངས་རིན་ཆེན་གྱིས་ཀྱང་གཅེས་སྐྱོང་སྔར་ལྷག་ཡོད་པར་ཞུ།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -