ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

19.11.2015 02:55:41
མེ་ལྗང་།

འོས་སྦྱོར་སྙན་ངག།  བོད་འབྱོར།
___སྦྲ་སྲས་གངས་བུ་འཛུམ་གྲོལ

རླུང་བུ་འཇམ་པོ་ཞིག་གི་སྣང་བ།།
གླུ་སྐད་སྙན་མོ་ཞིག་གི་བསུ་བ།།
ཁེར་རྐྱང་བུ་ལོའི་སེམས་ཀྱི་ཚོར་བ།།
རྣམ་ཤེས་འཁྱམས་པོ་ཞིག་གི་རང་སྒྲ།།

ཨ་ཐང་ཆད་པའི་ལོ་ཟླའི་རང་མདངས།།
ཁེར་རྐྱངའཚོ་བ་མེ་རུ་སྦར་ཀྱིན།།
མཛེས་སྡུག་སྒེག་ལྡན་རང་བྱུང་ཁོར་ཡུག།
ཁེར་རྐྱང་བུ་ལོའི་རྣམ་ཤེས་འཁྲུལ་ས།།

མཚན་མོའི་སྣང་བ་བདུད་རྩི་མངར་མོ།།
དཀར་གསལ་ཟླ་བའི་བརྩེ་བའི་གཏམ་རྒྱུད།།
རྨི་ལམ་དམར་བོའི་སེམས་ཀྱི་ཁ་དོག།
ཁེར་རྐྱང་ལྡོམ་པོའི་རྣམ་ཤེས་གསོན་པོ།།

སེམས་ཀྱི་མཚོ་མོ་གཡོ་བའི་རླབས་ཕྲེང༌།།
མི་རྐྱང་འཁྱམས་པོའི་ཚོར་བའི་སྣང་བ།།
མིག་ཟུང་དམར་བོའི་སྐྱོ་སྡུག་འཚོ་བ།།
རེ་སྐྱིད་རེ་སྡུག་ཚོར་བའི་དྲི་མ་རྣོ་པོ།།

རྨི་ལམ་སྐར་ཚོགས་སྟོང་གི་ཕྲེང་རིམ།།
ཁེར་རྐྱང་མི་སེམས་སྣང་བ་སྐྱ་བོ།།
སྤྲིན་དཀར་ཁ་བའི་འདབ་དྲུག་གཡུ་ལོ།།
བསིལ་ཟེར་འོད་ཀྱི་འཛུམ་ཞལ་རང་མདངས།།

དུངས་ཞེན་སྙིང་གི་མཛུབ་རིས་དམར་པོ།།
གཡུ་ཆུང་འཛུམ་དཀར་དབུ་ཁྱུད་བྲིས་དུས།།
མི་རྐྱང་འཁྱམས་པའི་འཚོ་བའི་རོལ་དབྱངས།།
ཉིན་མཚན་དུས་དྲུག་སྐྱོ་བའི་གླུ་གཞས།།


  དུང་ཞེན།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -