ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

19.11.2015 02:53:28
མེ་ལྗང་།

འོས་སྦྱོར་སྙན་ངག།
༼ཞལ་བཀོད་གཉིས༽
___སྦྲ་སྲས་གངས་བུ་འཛུམ་གྲོལ།

ཁེར་རྐྱང་བུ་ལོའི་མི་ཚེའི་རྒྱང་བཞུད།།
དུས་ཚོད་སྐར་མའི་ཐག་སྒྲ་ཟད་རུང༌།།
ཟླ་འོད་གསལ་བའི་མཚན་མོའི་གསང་འཕྲིན།།
ཁྱེད་དང་ང་ཡི་ཚོར་བའི་སྙིང་གཏམ།།

ཆར་བ་བབས་ནས་འཇའ་མཚོན་ཤར་རུང༌།།
གློག་མར་འཁྱུག་ནས་འབྲུག་སྒྲ་ཡོད་རུང༌།།
ང་དང་ཁྱེད་ཀྱི་འགྱུར་མེད་བརྩེ་དུང༌།།
དམ་ཚིག་རྡོ་རྗེས་མདུད་པའི་ཨ་ལོང༌།།

དགོང་གི་སྐར་ཆེན་ཟླ་བའི་འཛུམ་དཀར།།
སྐར་ཚོགས་ཕྲེང་བའི་གཡོས་རུ་གཡོན་རུ།།
ཆུ་འཛིན་དཀར་པོའི་སེམས་ཀྱི་དུང་སྣང༌།།
དགོད་འཛུམ་དུང་ཟླའི་གཟི་བྱིན་འོད་མདངས།།

འབའ་ཡུལ་གསེར་གཞུང་རིང་མོའི་བཞུད་རྒྱུན།།
གཡུ་འབྲུག་སྔོན་མོའི་ལང་ཚོའི་འགྱུར་ཁུག།།
ཁྱེད་དང་ང་ཡི་དུང་སེམས་འོ་མ།།
ལྷག་བསམ་དཀར་པོའི་བདུད་རྩི་མངར་མོ།།

ཉ་གང་ཟླ་བའི་འོད་དཀར་ཟླུམ་པོ།།
བསིལ་ཟེར་དགའ་བའི་སྟོང་གི་འཛུམ་ཞལ།།
རེ་བའི་ཕུགས་མདུན་ཨ་ལོང་རི་མོ།།
བརྩེ་བའི་ལག་ཟུང་ཚིག་གི་མཆོད་པ།།


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -