ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

19.11.2015 02:51:04
མེ་ལྗང་།

འོས་སྦྱོར་སྙན་ངག
___སྦྲ་སྲས་གངས་བུ་འཛུམ་གྲོལ

གངས་རི་ཁ་བའི་འོད་ཀྱི་གུར་ཁྱིམ།།
སྦྲ་ནག་གྲུ་བཞིའི་རྒྱུ་སྐར་ཕྲེང་བ།།
སྦྲང་དཀར་རྩམ་པའི་དྲི་ཞིམ་སྣུམ་པོ།།
མ་ཡུམ་དྲིན་ཆེན་བརྩེ་བ་འཁྱིལ་ཡོད།།

བྱམས་དང་སྙིང་རྗེ་ཉི་ཟླའི་གུར་ཁང༌།།
ལྷག་བསམ་གཤིས་བཟང་གསེར་གྱི་ཐུགས་པ།།
འཇིག་རྟེན་འཁོར་བའི་བདེ་སྡུག་འཚོ་བ།།
ཚེ་སྲོག་དམར་པོའི་ལང་ཚོས་འགྱུར་ཁུག།

དུས་ཚོད་སྐར་མའི་འཚོ་བའི་སྣང་བ།།
ལོ་དང་ཟླ་བའི་སྡུག་བསྔལ་མིག་ཆུ།།
མཚན་མོ་དབེན་པའི་སྒེའུ་ཁུང་གསང་བ།།
མེ་ལོང་ནག་པོའི་ཁ་དོག་རི་མོ།།

དཀའ་སྡུག་རྔུལ་ཆུའི་འཚོ་བའི་ཀློང་གི།
མཛེས་སྡུག་བརྩེ་བའི་དྲོད་ཁོལ་འཇམ་པོ།།
དུས་བཞིའི་ལྕི་འདམ་ཁྲོད་ཀྱི་ལོ་ཟླ།།
ཨ་མའི་བརྩེ་བའི་ཕྱག་ཟུང་དྲོན་མོ།།

ལང་ཚོའི་བརྩེ་བ་སེམས་ཀྱི་རྨུ་ཐག།
དྲང་བདེན་གནས་ལུགས་བདུད་རྩིའི་འོད་སྣང༌།།
གཞན་ཕན་ལྷག་བསམ་དཀར་བོའི་འཛུམ་ཞལ།།
མ་ཡུམ་དྲིན་ཆེན་བྱམས་བརྩེའི་འཛུམ་ཆུང༌།།

དམར་ཆུང་སེམས་པའི་སྙིང་ཁམས་འདི་ནས།།
ལོ་ཟླའི་ཞེ་སྡུག་ན་ཟུག་མེ་ལྕེ།།
བསམ་བློའི་གོ་རྟོགས་མེད་པའི་བུ་ལོས།།
དྲིན་ཆེན་ཨ་མའི་གཉོར་སྐྱོར་མ་ཚོར།།

ཚིག་ལ་དོན་གྱི་རི་མོའི་ཁ་དོག།
ཚིག་གི་དགོད་སྒྲ་སྙན་མོའི་འཛུམ་ཞལ།།
སྙུག་གིས་སྟོབས་ཀྱི་འཁྱུལ་རྩལ།།
མ་ཡུམ་དྲིན་ཆེན་དྲིན་ལན་མཇལ་མེད།།


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -