ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

18.11.2015 01:50:30
གངས་དཀར་སེམས།

images/stories/45/women.jpgཨ་རིའི་གྲོས་ཚོགས་ནང་གི་བུད་མེད་ཀྱི་དཔུང་ཁག
ཝ་ཤིང་ཊོན། སོ་སོའི་ལས་རོགས་ཚོས་ཁོ་ཚོའི་རྒྱལ་ཚོགས་སྐབས་དང་པོ་འཚོགས་ལ་ཉེ་སྐབས་སུ་ཐོག་མའི་འོས་འདེམས་སྔོན་གྱི་ཆུ་ཚོད་ཅིག་གི་སྔོན་དུ། གྲོས་ཚོགས་གོང་མའི་སྤྱི་འཐུས་ཁཱེ་ལི་ཨ་ཡེ་ཊི་ Kelly Ayotte ལྷིང་འཇགས་སེར་གནས་པའི་གྲོས་ཚོགས་ཚོགས་ཁང་ཆེན་མོར་འཛུལ་ནས་སོ་སོ་མ་འོངས་པར་ཁྲིམས་བཟོའི་ཁོར་ཡུག་ཏུ་བཞུགས་ལ་ཉེ་བའི་ལ་རྒྱའི་ཚོར་ཤུགས་ལ་མྱོང་ཚོར་ཙམ་བྱས།


ཁཱེ་ལི་ཨ་ཡེ་ཊི་ནི་ཧཱན་པུ་ཨར་གྲོང་གི་སྤྱི་འཐུས་ཚོགས་པའི་སྤྱི་འཐུས་གསར་པ་ཞིག་རེད། སྐབས་འདིར་མོ་རང་གྲོང་ཁྱེར་འདིའི་སྤྱི་འཐུས་རྣམས་ཀྱིས་ལོ་རབས་དུ་མར་འོས་ཤོག་འཕང་སའི་ཤིང་གི་ཅོག་ཙེའི་མདུན་དུ་མར་སྡོད་དུས་སྒོ་སྲུང་དམིགས་ཡུལ་གསལ་པོའི་སྒོ་ནས་མོའི་ཕྱོགས་སུ་ཚུར་སླེབས་ཡོད་པ་རེད།

སྒོ་སྲུང་གིས་མོ་ལ་ནན་ཏན་ཆེན་པོས་འདི་དག་ནི་གྲོས་ཚོགས་གོང་མའི་སྤྱི་འཐུས་རྣམས་ཀྱིས་བེད་སྤྱོད་དགོས་པའི་མདུན་ཅོག་ཡིན་ལུགས་བཤད། ཨ་ཡེ་ཊི་ནི་༢༠༡༡ ཟླ་༡ པོའི་ཉིན་ག་གེ་མོར་ཨ་རིའི་ཆབ་སྲིད་གོ་རིམ་དུ་གྲོས་ཚོགས་གོང་མར་ཧ་ཅང་དཀོན་པའི་བུད་མེད་སྤྱི་འཐུས་ཤིག་ཆགས་པའི་དུས་རེད། མོས་སྒོ་སྲུང་ལ་ང་ལ་མཚོན་ན་མདུན་ཅོག་འདིའི་དོན་ནི་ངོ་མ་བརྗེད་ཐབས་མེད་པ་ཞིག་ཡིན། ང་ཚོའི་མི་གྲངས་དངོས་གནས་ཧ་ཅང་ཉུང་ཉུང་རེད། ཅེས་བཤད།

ལོ་དགུ་བཅུའི་སྔོན་དུ་ཅཱོ་ཊི་ཡ་གྲོང་ཁྱེར་གྱི་རཱེ་པི་ཁ་ཧྥེལ་ཊོན་ Rebecca Felton ནི་ཨ་རིའི་གྲོས་ཚོགས་གོང་མའི་བུད་མེད་སྤྱི་འཐུས་ཐོག་མ་ཆགས་ནས་བཟུང༌། ༼ མོས་ཆུ་ཚོད་ ༢༤ ཁོ་ནར་བེད་སྤྱོད་ཡོད། ༽ སྤྱི་འཐུས་གྲོས་ཚོགས་གོང་མའི་ནང་བུད་མེད་ཅིག་སླེབས་པ་དེ་ནི་ད་དུང་ཡང་སྤྱི་བཏང་གི་གནས་ཚུལ་ཞིག་མིན། ཡིན་ཡང་དེང་བུད་མེད་སྤྱི་འཐུས་ཀྱི་གྲངས་ཀ་ནི་ ༢༠ རེད། འདིའང་ལོ་རྒྱུས་ཐོག་ཆེས་མང་ཤོས་ཡིན། བུད་མེད་འདི་དག་དུས་རབས་སྔོན་གྱི་དུས་ཚོད་མང་ཆེའི་ནང་ཡ་མཚན་གྱི་གནས་སྟངས་ཕྱོགས་ནས་གལ་ཆེའི་འཐུས་མི་དང་ཁྲིམས་བཟོའི་གོ་རིམ་ནང་གི་གསར་སྐྱེས་ཀྱི་ནུས་ཤུགས་ཤིག་ལ་འགྱུར་བཞིན་པ་རེད།

ད་ལྟའི་ཆར་བུད་མེད་དགུ་ཡིས་གྲོས་ཚོགས་གོང་མའི་ཚོགས་པ་མང་པོའི་ཚོགས་གཙོའི་གོ་གནས་བཟུང་བ་འདི་ནི་དེ་སྔོན་བྱུང་མ་མྱོང་བ་ཞིག་རེད། དེའི་ནང་ཆེས་ནུས་ཤུགས་དང་ལྡན་པའི་ཚོགས་པ་དེ་འདྲའང་ཡོད་པ་རེད། གྲོས་ཚོགས་དངུལ་གཏོང་ལེན་ལས་ཁུངས་ Senate Appropriations Committee སུ་ལོ་རྒྱུས་ཐོག་གི་བུད་མེད་དབུ་འཁྲིད་ཐོག་མ་མཱ་རི་ལན་ཊོའི་དམངས་གཙོ་ཚོགས་པའི་སྤྱི་འཐུས་པཱ་པ་ར་ཨེ་མཱི་ཁུ་ལེས་ཀི་ Barbara A. Mikulski འདི་བྱུང་བ་རེད། ལྷན་ཁང་འདིས་ལོ་རེ་བཞིན་སྲིད་གཞུང་གི་དངུལ་སྒོར་དག་སྡེ་ཚན་ཁག་ཏུ་ཆ་བགོས་བྱེད་ཅིང༌། ལོ་མང་རིང་སྡེ་ཚན་འདིའི་ནང་སྐྱེས་པས་བཟུང་ནས་ཡོད་པ་རེད། ཝ་ཤིང་ཊོན་དམངས་གཙོ་ཚོགས་པའི་སྤྱི་འཐུས་པཱ་ཊི་མོ་རིས་ Patty Murray ནི་སྔོན་རྩིས་འཆར་འགོད་ལྷན་ཚོགས་ཀྱི་བུད་མེད་འགོ་འཁྲིད་ཐོག་མ་དེ་ཡིན། མོས་དཔལ་འབྱོར་གྱི་གཡུལ་འཐབ་ཏུ་དམངས་གཙོ་ཚོགས་པའི་འཐབ་ཇུས་བཀོད་འདོམ་ Budget Committee བྱེད་རྒྱུ་དང༌། དཔལ་འབྱོར་ནི་ཨ་རིའི་རྒྱལ་ཚོགས་ཀྱི་ཆེས་གལ་ཆེའི་བརྗོད་གཞི་གཙོ་བོ་ཞིག་རེད།

གྲོས་ཚོགས་གོང་མས་ན་ནིང་ལོར་གྲོས་ཆོད་གཙོ་བོ་གཅིག་ནི་ཞིང་ལས་སྐོར་གྱི་ཁྲིམས་འཆར་ཞིག་རེད། ཁྲིམས་འཆར་དེ་ནི་ཞིང་ལས་ལྷན་ཁང་གི་གཙོ་འཛིན་ནམ། མཱི་ཞེ་ཀིན་གྲོང་དམངས་གཙོ་ཚོགས་པའི་སྤྱི་འཐུས་ཏེ་པི་སི་ཊ་པེ་ནོས་ Debbie Stabenow སྣེ་ཤེན་གྱིས་གཞུང་ལམ་སྐོར་གྱི་ལས་འཆར་ཞིག་ལ་བསྐུལ་འདེད་བཏང་བ་ཞིག་ཆགས་ཡོད།
ཁོར་ཡུག་དང་སྤྱི་ཁྱབ་ལས་དོན་ལྷན་ཁང་གི་གཙོ་འཛིན་ནམ། ཅཱ་ལི་ཧྥུ་ཉི་ཡ་གྲོང་གི་དམངས་གཙོ་ཚོགས་པའི་ Environment and Public Works Committee སྤྱི་འཐུས་པཱར་ར་པོ་ཟིས་ Barbara Boxer སྣེ་ཤེན་གྱིས་གཞུང་ལམ་སྐོར་གྱི་ཁྲིམས་འཆར་ཞིག་ལ་བསྐུལ་འདེད་བཏང་ཡོད་པ་རེད།

མཱིན་ཉི་སུ་ཏ་གྲོང་གི་དམངས་གཙོ་ཚོགས་པའི་སྤྱི་འཐུས་ཨཱེ་མི་ཁོ་པུ་ཆེས་ Amy Klobuchar ང་ཚོའི་གྲངས་ཀ་ཉིན་རེ་བཞིན་མང་དུ་འགྲོ་བཞིན་ཡོད། འོན་ཀྱང་དེ་བས་གལ་ཆེ་བ་ཞིག་ནི་ང་ཚོའི་ནུས་ཤུགས་ཀྱང་མཐོར་འདེགས་འགྲོ་བཞིན་ཡོད། ལོ་ངོ་དྲུག་ཁོ་ནའི་ནང་ང་རང་ཐོག་མར་གདམ་ཐོབ་བྱུང་དུས་བུད་མེད་ཅིག་གིས་ཁྲིམས་འཆར་ཞིག་ལ་བསྐུལ་འདེད་གཏོང་བ་ནི་སྤྱི་བཏང་བའི་གནས་སྟངས་ཤིག་རྩ་བ་ནས་ཆགས་མེད། ཅེས་བཤད།


གཅིག་མཚུངས་ཀྱི་གལ་ཆེ་བ་ནི་བུད་མེད་ལ་གྲོས་ཚོགས་ཀྱི་རྩ་བའི་གནས་སྟངས་ལ་བསྒྱུར་བཅོས་གཏོང་རྒྱུ་དང༌། ཆབ་སྲིད་ཚོགས་པའི་དབར་གལ་ཟླ་ཧ་ཅང་ཆེ་བའི་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཚོགས་ནས་ཕྱི་འཐེན་ཡོང་བའི་གསང་བའི་ནུས་ཤུགས་ཤིག་ལྡན་ཡོད། སྐྱེས་པའི་སྤྱི་འཐུས་ཀྱིས་ཀྱང་གནས་སྟངས་དེ་འདྲ་ཡིན་པར་བཤད་ཀྱི་ཡོད་པ་རེད།

ཨཱི་ཧེ་ཨི་ཀྲོང་གྲོང་གི་སྤྱི་འཐུན་ཚོགས་པའི་སྤྱི་འཐུས་རཱོ་པུ་པོ་ཐེ་མན་ Rob Portman གྱིས་ངས་ཚང་མ་གཅིག་མཚུངས་ལྟར་བཤད་འདོད་མེད། གང་ཡིན་ཟེར་ན་བུད་མེད་དེ་དག་ཚང་མ་དེ་འདྲ་མིན། འོན་ཀྱང་ཁོ་ཚོས་རྒྱུན་དུ་གཅིག་གྱུར་གྱི་ཕྱོགས་དང་འདོད་ཕྱོགས་འཚོལ་ཐུབ་ཀྱི་ཡོད་པ་རེད། དེར་བརྟེན་ངས་དེ་ནས་གྲོས་ཚོགས་སུ་ཧུར་བརྩོན་གྱི་ཤུགས་རྐྱེན་ལེགས་པོ་ཞིག་སྤྲོད་ཐུབ་པར་ངོས་འཛིན་བྱེད་ཀྱི་ཡོད།

ཆབ་སྲིད་ཚོགས་པའི་དབར་གྱི་གལ་ཟླ་ནི་དེང་སང་རྒྱལ་ཚོགས་ཀྱི་ལྟེ་བའི་ཁྱད་ཆོས་ཤིག་ཡིན། འོན་ཀྱང་བུད་མེད་རྣམས་ཀྱིས་གནས་སྟངས་སྡུག་ཆགས་དེ་གཏོར་རྒོལ་གཏོང་རྒྱུ་འགོ་བརྩམས་ཟིན། གང་ཡིན་ཟེར་ན་ཁོ་ཚོ་ནི་ཆབ་སྲིད་ཚོགས་པ་ཕྱོགས་གཉིས་ཀྱི་འགོ་འཁྲིད་ཀྱིས་ཧང་སང་དགོས་པའི་མཉམ་འབྲེལ་གྱི་ནུས་ཤུགས་ཤིག་ཆགས་སྲིད་པས་རེད། ༢༠༡༠ ལོར་ཉུག་ཡོག་གྲོང་གི་དམངས་གཙོ་ཚོགས་པའི་སྤྱི་འཐུས་ཀཱར་སི་ཊན་ Kirsten E. Gillibrand དང་མཱན་ཡིན་གྲོང་སྤྱི་མཐུན་ཚོགས་པའི་སྤྱི་འཐུས་ཟུའུ་སན་ཁོ་ལིན་སི་ Susan Collins གཉིས་ཀྱིས་མཉམ་དུ་འགོ་འཁྲིད་དེ་མ་དྲིས་ན་ལན་མི་འདེབས་ཅེས་པའི་སྲིད་ཇུས་སྐོར་ཧུར་བརྩོན་བྱས་ཏེ་མཚན་མཐུན་དགའ་རོགས་ཚོ་དམག་ནང་ཞུགས་པའི་རིང་སོ་སོའི་དགའ་ཕྱོགས་ལ་གསང་རྒྱ་མི་དགོས་པར་བཟོས།

ལོ་འདིར་སྤྱི་མཐུན་ཚོགས་པའི་བུད་མེད་སྤྱི་འཐུས་བཞི་ཡོད་པ་ཚང་མས་སོ་སོའི་ཆབ་སྲིད་ཀྱི་ལྟ་ཕྱོགས་བློས་གཏོང་གིས་དམངས་གཙོ་ཚོགས་པའི་སྤྱི་འཐུས་དང་མཉམ་དུ་སྐབས་གོང་མའི་གྲོས་ཚོགས་དུས་ནུས་མེད་དུ་གྱུར་བའི་བུད་མེད་ལ་དྲག་ཤུགས་འགོག་པའི་ཁྲིམས། Violence Against Women Act ཅེས་པ་དེ་སླར་ཡང་ནུས་པ་ཐོན་པ་ཞིག་བཟོས་པ་རེད།

ཡིན་ཡང་ཕྱི་ཚུལ་དུ་གོང་འོག་གང་དུའང་ཆབ་སྲིད་ནི་མུ་མཐུད་གནས་ཡོད། ཉེ་དུས་ཀ་ཁ་ག་ང་ABCཞེས་པའི་ལེའུ་ཚན་ནང་ཊེ་སོ་ཡེས་ Diane Sawyer གཙོ་སྐྱོང་བྱས་པའི་བུད་མེད་སྤྱི་འཐུས་ཀྱི་གྲོས་ར་གོར་མོའི་བགྲོ་གླེང་ཐོག བུད་མེད་དང་འབྲེལ་བའི་སོ་སོའི་ཕྲུ་གུ་སྐྱེ་འཕེལ་གྱི་དབང་ཆའི་ཐོག་ཧུར་བརྩོན་དགོས་པའི་ཕྱོགས་སུ་མཱ་ཟེ་ཁྱུ་སི་གྲོང་དམངས་གཙོ་ཚོགས་པའི་སྤྱི་འཐུས་ཨཱེ་ལི་ཙ་པེ་ཊི་ཝ་རན་ Elizabeth Warren དང་ཁཱེ་རི་སི་ Corinth གཉིས་དབར་བསམ་འཆར་ལ་གལ་ཟླ་ཤུགས་ཆེན་པོ་ཤོར་ཡོད་པ་རེད། ཁཱེ་རི་སིས་སྐྱེ་འཕེལ་སྐོར་གྱི་ཁྲིམས་ལུགས་འཐུས་ཚང་ཡོད་པ་དང༌། དེ་བཞིན་མོས་ངས་ད་དུང་ང་ཚོས་གནས་དོན་འདི་དག་གླེང་དགོས་དོན་གང་ཡིན་མིན་ཤེས་མ་སོང༌། ཞེས་ཀྱང་བཤད། ཨཱོ་ལུན་གྱིས་དེར་ངས་བསམ་པར་གནས་དོན་འདིའི་ཕྱོགས་ང་ཚོས་ད་དུང་ཡང་ཡོངས་རྫོགས་ཐག་བཅད་ཅིག་ཐུབ་མེད་པ་རེད། ཅེས་ངོ་རྒོལ་གྱི་གཏམ་བཤད་བྱས། ད་དུང་ཨཱོ་ལུན་གྱིས་ང་ཚོས་སྐད་གསང་མཐོན་པོས་བུད་མེད་ཀྱི་སྐྱེ་འཕེལ་རང་དབང་ལ་རྡོག་རོལ་གཏོང་བའི་དམིགས་ཡུལ་ངན་པ་བཀག་འགོག་བྱེད་དགོས་ཅེས་འབོད་བསྐུལ་ཞུ་དགོས། དཔེར་ན་སྨན་བཅོས་འགན་སྲུང་གིས་འཆར་ལྡན་བུ་བཙའི་ཁྱབ་རྒྱ་ལ་ཚོད་འཛིན་བྱེད་པ་ལྟ་བུ་རེད། ཅེས་ཀྱང་བཤད།

མཱན་ཡིན་གྲོང་སྤྱི་མཐུན་ཚོགས་པའི་སྤྱི་འཐུས་ཨཱོ་ལིང་པི་ཡས། Olympia J. Snowe ཧ་ཅང་གསལ་པོ་རེད་ལ། ལོ་ཤས་རིང་ཆབ་སྲིད་ཚོགས་པའི་དབར་གྱི་འཐབ་རྩོད་རྣོ་ངར་ཆེ་རུ་འགྲོ་བཞིན་པ་འདིས་ཕྱོགས་མང་པོར་ཤུགས་རྐྱེན་ཐེབས་ཡོད། ཅེས་བཤད། གུ་ཡངས་རིང་ལུགས་པའི་སྤྱི་འཐུས་འདི་ན་ནིང་ལོར་གྲོས་ཚོགས་དང་ཁ་བྲལ། གང་ཡིན་ཟེར་ན་ཨ་རིའི་གྲོས་ཚོགས་ཀྱི་ཆབ་སྲིད་འགལ་ཟླས་མོ་རང་ཡིད་མུག་དགོས་པ་བྱུང༌། མོས་མོ་རང་ཆབ་སྲིད་ཚོགས་པ་གཉིས་དབར་གྱི་འགག་སྒོ་དེ་བརྒལ་ཐབས་མེད་པའི་གནས་སྟངས་དེ་གསལ་དུ་འགྲོ་བཞིན་ཡོད་སྐོར་བཤད་ཡོད། འོན་ཀྱང་མོས་བུད་མེད་སྤྱི་འཐུས་གྲངས་ ༢༠ ཟིན་པ་ནི་གཡོ་འགུལ་ཐེབས་ཐུབ་པའི་གྲངས་ཀ་ཟེར་བ་ཞིག་ཡིན་སྐོར་དང༌། མོས་བུད་མེད་དེ་དག་གིས་གོ་རིམ་ངེས་ཅན་ནང་ལག་གདང་སྦྲིལ་ནས་བཅོས་སྒྱུར་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།

བུད་མེད་སྤྱི་འཐུས་ཀྱི་དཔུང་ཁག་ཇེ་རྒྱས་འགྲོ་བཞིན་པ་དེས་དངོས་ཡོད་ཀྱི་གནས་ཚུལ་ཞིག་ཀྱང་འབྱུང་བཞིན་པ་དེ་ནི་བུད་མེད་ཀྱི་གསང་སྤྱོད་མི་མདང་བ་དེ་རེད། མིག་སྔར་གྲོས་ཚོགས་ཚོགས་ཁང་ཆེན་པོའི་ཉེ་འཁྲིས་སུ་བུད་མེད་ཀྱི་གསང་སྤྱོད་གཉིས་ཡོད། དེས་བུད་མེད་སྤྱི་འཐུས་རྣམས་རྒྱུན་དུ་དེར་བང་སྒྲིག་དགོས་པའི་གནས་སྟངས་གསལ་པོ་ཆགས། འོན་ཀྱང་བུད་མེད་དེ་དག་གིས་གནས་ཚུལ་སྡུག་ཆགས་ཤིག་ལེགས་ཆར་བསྒྱུར་བའི་ཐབས་ཇུས་སྦྱོང་ནས་ཤེས། ཧྲཱི་ཐ་པི་ནོས་ཉེ་དུས་མོ་དང་བྱང་ཊ་ཁི་ཏ་གྲོང་དམངས་གཙོ་ཆབ་སྲིད་ཚོགས་པའི་སྤྱི་འཐུས་ཧཱེ་ཊི་ཧེ་ཁམ་པ་ Heidi Heitkamp མཉམ་དུ་གསང་སྤྱོད་ལ་བང་སྒྲིག་ནས་སྒུག་པ་དུས་མཚུངས་ཞིང་ལས་གསར་པའི་ཁྲིམས་འཆར་གྲོས་ཚོགས་ནས་གཏན་འབེབས་ཡོང་ཐབས་སྐོར་མུ་མཐུད་ལས་དོན་ག་རེ་སྤེལ་དགོས་མིན་སྐོར་འཆར་གཞི་བསྒྲིག་གི་ཡོད་པ་རེད།

ཧྲི་ཏ་པེ་ནོས་གནས་ཚུལ་འདི་བྱུང་བ་ནི་བྱ་བ་བཟང་པོ་ཞིག་རེད། ད་ལྟའི་ཆར་ང་ཚོའི་མི་གྲངས་ཅུང་མང་བས་གསང་སྤྱོད་དུ་བགྲོ་གླེང་འཚོགས་བཞིན་པ་རེད། ཅེས་བཤད།

སྤྱི་དོན་ཕུད་བུད་མེད་སྤྱི་འཐུས་རྣམས་ད་དུང་མཱི་ཁུ་ཨར་གྱིས་འགོ་བརྩམས་ཤིང་ཟླ་རེར་ཐེངས་རེ་ཡོད་པའི་ཆབ་སྲིད་ཚོགས་པ་ལས་བརྒལ་བའི་དགོང་ཟས་མཉམ་འདུས་ཀྱི་རྒྱུན་སྲོལ་ནང་བཞུགས་ཀྱི་ཡོད། མོ་དེ་ཚོས་བྱ་འགུལ་འདི་འདྲ་བརྒྱུད་མི་སྒེར་དབར་འབྲེལ་བ་བཙུགས་ཐུབ་ཅིང༌། དེ་ནས་མོ་རང་ཚོས་སྲིད་ཇུས་གཏན་འབེབས་སྐོར་མཉམ་འབྲེལ་ལ་རོགས་ཕན་བྱེད་ཀྱི་ཡོད། ཉེ་དུས་ཀྱི་དགུང་ཚོགས་ཤིག་ཐོག་ལུའུ་ཡི་ཟི་ཨན་ན་གྲོང་གི་དམངས་གཙོ་ཚོགས་པའི་སྤྱི་འཐུས་མཱ་རིས་ལན་ཊོས Mary L. Landrieu) རྒྱལ་ཚོགས་ཀྱི་ཉེ་འཁོར་དུ་ཁྱིམ་ཚང་ཞིག་ཏུ་འཚོགས། བུད་མེད་སྤྱི་འཐུས་ཚོས་དགུང་ཟས་མངར་མོ་ཟ་བཞིན་སོ་སོའི་ཕྲུ་གུའི་སྐོར་བཤད་ནས་བསྡད། དེ་བཞིན་༼ ལཱན་ཏི་ལི་ཨོའི་སྐད་ཆ་ལྟར་ན། ༽སོ་སོའི་གཅེན་གཅུང་ཕོ་མོ་ཚོས་ང་ཚོར་སོ་སོའི་གནས་སྟངས་ཀྱི་ལྕི་ཡང་ཇི་ལྟར་ཡིན་མིན་ཐད་བསམ་བློ་འཁོར་བཅུག་ཡོད་པ་རེད། ཅེས་དང༌། ཡང་མོས་ལྷོད་དུ་གཏོང་ཞིང་གཞན་ལ་ཉེན་ཟོན་དེ་བློས་གཏོང་བ་དེ་ནི་ཧ་ཅང་བཟང་བའི་བྱ་བ་ཞིག་རེད། ཅེས་ཀྱང་བཤད་པ་རེད།

ལུའུ་ཐན་ནས་ཨཱ་ལ་སི་ཅ་གྲོང་གི་སྤྱི་མཐུན་ཚོགས་པའི་སྤྱི་འཐུས་ལཱི་ཟ་མོ་ཁོ་སི་ཀིས་ Lisa Murkowski མོ་རང་ལ་རོགས་པ་བྱས་ཏེ་གྲོས་འཆར་བཏོན་པའི་སྐོར་བཤད། གྲོས་འཆར་དེ་ནི་༢༠༠༡ ལོར་ཟླ་ ༩ ཚེས་ ༡༡ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཁང་ཆེན་གཏོར་རྒོལ་ཐེབས་པའི་ས་གནས་སུ་མྱུར་སྐྱོར་མི་སྣ་དགོས་མཁོ་དང་སྨན་བཅོས་ཛ་དྲག་དགོས་མཁོ་ཡོད་པའི་སྐོར་རེད། མོས་དགུང་ཚོགས་དེ་ནི་ང་རང་རྒྱལ་ཁ་ཐོབ་ཐུབ་པའི་རྒྱུ་རྐྱེན་ཉག་ཅིག་དེ་ཡིན། ཞེས་ཀྱང་བཤད་ཡོད། ལུའུ་ཐན་ནས་གྲོས་ཚོགས་སུ་ཁྱོད་རང་ཆབ་སྲིད་ཚོགས་པ་གཉིས་ཀྱི་མི་སྣས་གྲུབ་པའི་ལྟེ་བའི་ཚོགས་ཆུང་ཞིག་ནས་འགོ་བརྩམས་དགོས། དེ་འདྲ་བྱུང་ན་གཞི་ནས་ལས་དོན་གྲུབ་ཐུབ། དེ་བས་བུད་མེད་སྤྱི་འཐུས་རྣམས་འདྀའི་སྐོར་ལྟེ་བའི་ཚོགས་པ་འདི་འདྲ་ཞིག་གྲུབ་ཐུབ་ཀྱི་ཡོད་པ་རེད། ཅེས་སོ།

ཞིབ་འཇུག་གི་གྲུབ་དོན་མང་པོས་ལྟ་སྟངས་འདི་འདྲར་རྒྱབ་སྐྱོར་བྱས་ཡོད། དེའང་སྐྱེས་པ་དང་བསྡུར་ན་བུད་མེད་རྣམས་ཆབ་སྲིད་ཚོགས་པའི་ས་མཚམས་ནས་བརྒལ་འདོད་ཆེ་བས་ཁྲིམས་འཆར་བཟོ་བར་གཅིག་གྱུར་གྱི་བསམ་འཆར་ཞིག་གྲུབ་ཐུབ་པས་ཡིན། དཔེར་ན་ཨ་རིའི་ཆབ་སྲིད་མཚན་རིག་དུས་དེབ། American Journal of Political Science ཀྱིས་ཉེ་དུས་བུད་མེད་སྤྱི་འཐུས་རྣམས་ག་དུས་སྤྱི་འཐུས་ཕོ་ལས་གྲུབ་དོན་ལེགས་པ་ཡོད་དམ། When Are Women More Effective Lawmakers Than Men? ཞེས་པའི་བརྗོད་གཞིའི་རྩོམ་ཡིག་ཏུ། རྩོམ་པ་པོས་གནས་སྟངས་འདི་ཆབ་སྲིད་ཚོགས་པ་ཉུང་ཤོས་ཀྱི་བུད་མེད་སྤྱི་འཐུས་རྣམས་ལ་ཁེ་ཕན་ཡོད་པ་ཞིག་ཡིན་པར་མཐོང་ཐུབ་ཡོད་པ་རེད། སྤྱི་བཏང་གིས་བཤད་ན་ཞིབ་འཇུག་དེས་སྤྱི་འཐུས་ཕོ་ཡིས་ཀྱང་བཀག་འགོག་དང་དུས་ཚོད་ཕྱི་འགྱང་བྱེད་སྲིད་པའི་སྐབས་དེར་བུད་མེད་སྤྱི་འཐུས་ཀྱིས་མུ་མཐུད་ཧུར་བརྩོན་ངང་མཉམ་འབྲེལ་གྱི་རྩ་འཛུགས་ཤིག་བཙུགས་ཐབས་ལ་འབད་དེ་སྲིད་ཇུས་གསར་པ་ཞིག་གཏན་འབེབས་ཡོང་ཐབས་བྱ་སྲིད་པའི་སྐོར་གསལ་ཡོད།

ཞིབ་འཇུག་གི་གྲུབ་དོན་དེས་ལོ་ ༣༠ རིང་སྤྱི་འཐུས་ཕོ་དང་བསྡུར་ན་གྲོས་ཚོགས་ནང་གི་ཆབ་སྲིད་ཚོགས་པ་ཉུང་ཤོས་ཀྱི་བུད་མེད་སྤྱི་འཐུས་རྣམས་ཀྱིས་སྔར་བས་སོ་སོའི་གྲོས་འཆར་བཞག་པ་དེ་དག་ཁྲིམས་སྒྲིག་དངོས་སུ་ལག་བསྟར་ཐུབ་པའི་མཐའ་མཇུག་གི་གོ་རིམ་དུ་བསྐུལ་འདེད་གཏོང་ཐུབ་ཀྱི་ཡོད་པ་དང༌། དེ་འདྲ་ཆགས་པའི་རྒྱུ་མཚན་ནི་མོ་འདི་ཚོས་བསམ་བློ་གཅིག་སྒྲིལ་གྱིས་ཁྲིམས་འཆར་གྱི་སྲིད་ཇུས་དམིགས་ཡུལ་ཐོག་བཞག་པ་ལས་ཁྲིམས་གཏན་འབེབས་སྐབས་ཀྱི་ལས་འགུལ་ཐོག་འཇོག་གི་མིན་པ་ཡིན་འདུག

སྤྱི་འཐུས་བུད་མེད་ཀྱིས་ད་དུང་རིག་པ་ཡོངས་སྤྱི་འཐུས་ཕོ་ཚོས་སེམས་འཁུར་མི་བྱེད་པའི་ཁྲིམས་འཆར་ཐོག་འཇོག་པ་དང༌། དཔེར་ན་བུད་མེད་ཀྱི་དཔལ་འབྱོར་སྲིད་ཇུས་ཀྱི་བདེ་འཇགས་སྐོར་ལྟ་བུའི་གནས་དོན་སྐོར་རེད། འདི་དེ་སྔོན་ཏཱ་ཁེ་ཟ་སི་གྲོང་སྤྱི་མཐུན་ཚོགས་པའི་སྤྱི་འཐུས་ཀྭ་བུ་ལེ་ཧ་ཆི་སུན་ Kay Bailey Hutchison གྱིས་དར་སྤེལ་དང་དོ་སྣང་བྱས་པའི་གནས་ཚུལ་ཞིག་ཆགས་ཡོད། ཧཱ་ཆི་སུན་གྱི་ཟླ་བ་གཅིག་གི་སྔོན་དུ་རྒས་ཡོལ་ཞུས་པ་ཞིག་ཡིན། དེང་གྲོས་ཚོགས་སུ་དམག་དོན་ལྷན་ཁང་ Senate Armed Services Committee གི་ཚོགས་མི་ཡིན་པའི་སྤྱི་འཐུས་བུད་མེད་བདུན་གྱིས་མོ་ཚོའི་ཐོག་མའི་དུས་ནས་བསམ་གཞིག་བྱེད་པའི་གནས་ཚུལ་ཐག་གཅོད་དང་དེར་བསྐུལ་འདེད་གཏོང་བའི་སྐོར་འགོ་བརྩམས་ཟིན། དེའི་ནང་དམག་དཔུང་དུ་བཙན་གཡེམ་གྱི་གྱོད་དོན་སྔོན་འགོག་དང་ཁྲིམས་གཤེར་དགོས་པའི་སྐོར། ད་དུང་བུད་མེད་དམག་མི་རྣམས་ལ་གཡུལ་འཐབ་ཀྱི་ས་མིག་སྒེ་དབྱེ་བྱེད་རྒྱུ་བཅས་ཀྱི་སྐོར་རེད།

སྤྱི་འཐུས་བུད་མེད་ཀྱིས་རྒྱུན་དུ་བྱིས་པའི་བདེ་ཐང་དང་ཁྱིམ་ཚང་གི་འཕྲོད་བསྟེན་བཅས་གནས་དོན་ཕྱོགས་ཀྱི་ཁྲིམས་འཆར་ཐོག་གཅིག་གྱུར་གྱི་བསམ་འཆར་ཡོང་ཐུབ། ན་ནིང་ལོར་དམག་མའི་འགྲོ་གྲོན་བསྐྱར་བཅོས་བྱེད་སྐབས་ལུའུ་ཐན་ནས་གྲོས་ཚོགས་སུ་གྲོས་ཆོད་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཞིག་འཁྱེར་ཏེ་དམག་མིའི་འཕྲོད་བསྟེན་འགན་སྲུང་གི་ཁྱབ་རྒྱ་དེ་དམིགས་བསལ་དབང་པོ་སྐྱོན་ཅན་བཅས་ཀྱི་མི་ཚོགས་སུ་ཁྱབ་ཐུབ་དགོས་སྐོར་གླེང་ཡོད། མི་ཚོགས་དེ་དག་ནི་དབང་པོ་སྐྱོན་ཅན་དང་རིག་པའི་ན་ཚ་སོགས་སྣ་ཚོགས་ཡོད་པའི་མི་སྣ་ཚོའི་བུ་རྒྱུད་ཚོ་རེད། དེའི་ཁྱབ་ཚད་ལ་ཨ་སྒོར་ཁྲི་ ༤༥༠༠ ཙམ་༼ རྒྱ་སྒོར་དུང་ཕྱུར་ ༢ དང་འབུམ་༨ ཙམ་ཡིན། ༽གྱི་སྔོན་རྩིས་གཏན་འབེབས་དགོས། མིག་སྔར་གྱི་དམག་དོན་སྔོན་རྩིས་ནས་གཏོང་དགོས་པ་དང༌། ལོ་གཅིག་ཏུ་ཆ་ཚང་གཏོང་ཚར་དགོས་པ་ཞིག་རེད།

ཡཱ་ལོ་ཟང་ན་གྲོང་གི་སྤྱི་མཐུན་ཚོགས་པའི་སྤྱི་འཐུས་ཀྱཱོན་མཱེ་ཁན་ John McCain དང་ཨི་ཁི་ལ་ཧི་མ་གྲོང་གི་སྤྱི་མཐུན་ཚོགས་པའི་སྤྱི་འཐུས་ཁྲཱོམ་ཀོ་བྷོམ་ Tom Coburn གཉིས་ཀྱིས་གྲོས་ཚོགས་སུ་འགྲོ་སོང་འདིའི་སྐོར་རྩོད་གླེང་ཤུགས་ཆེན་པོར་ཤོར་ཡོད། འོན་ཀྱང་གྲོས་ཆོད་འདིར་སྤྱི་མོས་སམ་མང་མོས་ཀྱིས་གྲུབ་ཅིང༌། དེའང་བུད་མེད་སྤྱི་འཐུས་ཚང་མས་གྲོས་ཆོད་འདི་ལ་རྒྱབ་སྐྱོར་བྱས་པ་རེད། ཨཱ་ཡེ་ཐིས་ངས་བསྐྱར་བཅོས་གྲོས་ཆོད་འདི་ལ་མོས་མཐུན་བྱས་པ་ཡིན། ཞེས་བཤད། ཨཱ་ཡེ་ཐི་ནི་གྲོས་ཚོགས་ནང་ཆེས་གུ་དོག་པའི་སྤྱི་འཐུས་གྲལ་ཞིག་ཡིན། ཆབ་སྲིད་ཐོག་ལའང་མོ་རང་ནི་ལུའུ་ཐན་ན་དང་གཅིག་གྱུར་གྱི་ལྟ་བ་གང་ཡང་མེད་མཁན་ཞིག་ཀྱང་རེད།

རྒྱ་སྒྱུར་ལོ་ཙ་བ། ཧཱོང་ཀྲིང༌། ཞུའུ་ཞིང༌།

འབྲེལ་ཐག འདིར་བསྣུན།


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -