ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

16.11.2015 05:40:41
གངས་དཀར་སེམས།

images/stories/audio/link.jpgམགོ་བོ་མར་སྒུར་ནས་ཁྱོད་ཀྱི་རིན་ཐང་བྲལ་བའི་ལ་རྒྱ་དེ་ཡར་ལོན།

གནའ་སྔ་མོར་ནཱོ་ཝེའི་གཞོན་ནུ་ཞིག་རྒྱ་མཚོ་བརྒལ་ཏེ་ཧྥ་རན་སིར་སླེབས། ཁོ་རང་ཧྥ་རན་སིའི་པཱེ་རི་སི་རོལ་དབྱངས་སློབ་ཆེན་དུ་རྒྱུག་ལེན་མཁན་རེད། ཡིག་རྒྱུག་སྐབས་ཁོས་ནུས་པ་ཡོད་ཚད་ཀྱིས་སོ་སོའི་སྒྱུ་རྩལ་གྱི་སྤུས་ཚད་ལེགས་ཤོས་དེ་བཏོན་ཡོད། འོན་ཀྱང་ཡིག་རྒྱུག་ལེན་མཁན་གྱི་དགེ་རྒན་དེས་ཁོ་རང་སློབ་ཆེན་དུ་བསྡུས་མེད་པ་རེད།


ལུས་པོར་སྒོར་མོ་ཞོ་གང་མེད་པའི་གཞོན་ནུ་འདི་སློབ་ཆེན་ཕྱིའི་ཉེ་འཁྲིས་ཀྱི་ཁྲོམ་གཞུང་ཁྲུག་ཆེ་ས་ཅིག་ལ་སྨད་གོས་ཀྱི་སྐེད་རག་དམ་དུ་བསྡམ་ནས་ལྕང་སྡོང་ཞིག་གི་འོག་ཏུ་རོལ་དབྱངས་པི་ཝང་འཁྲོལ་འགོ་བརྩམས། ཁོས་གཅིག་རྗེས་གཉིས་མཐུད་ཀྱིས་རོལ་དབྱངས་དཀྲོལ་བར་ཉན་མཁན་མང་པོ་འདུས་ཏེ་ཁོའི་རོལ་དབྱངས་ལ་ཉན་མཁན་ཇེ་མང་དུ་སོང༌། གྲོད་ཁོག་ལྟོགས་བཞིན་པའི་གཞོན་ནུས་མཐར་པི་ཝང་བླུགས་ས་སྒམ་དེ་ཡར་བཀྱག་པར་མི་ཚོགས་ཀྱིས་ཁོ་པར་དངུལ་མང་པོ་སྦྱིན།

སྐབས་དེར་ཁྲམ་པ་ཞིག་གིས་ཁོའི་དངུལ་དེ་གཞོན་ནུའི་རྐང་པའི་སར་གཡུག གཞོན་ནུས་ཁྲམ་པར་ལྟ་ཙམ་གྱིས་མགོ་སྒུར་ནས་ས་ལ་གཡུག་པའི་དངུལ་དེ་ཡར་ལེན་རྗེས་ཁྲམ་པར་སྟེར་ནས། སྐུ་ཞབས་ལགས། ཁྱེད་རང་གི་དངུལ་ས་ལ་ཟག་སོང༌། ཞེས་བཤད་པར་ཁྲམ་པས་དངུལ་ཕར་ལེན་ནས་སླར་དེ་གཞོན་ནུའི་རྐང་པའི་སར་གཡུག་རྗེས་ཁེངས་དྲེགས་དང་བཅས། དངུལ་འདི་ད་ཁྱོད་ཀྱི་ཆགས་ཚར་བ་རེད། ཁྱོད་ཀྱིས་ངེས་པར་དུ་དངུལ་འདི་ཕར་ལེན་དགོས། ཅེས་བཤད།

གཞོན་ནུ་དེས་སླར་ཡང་ཁྲམ་པ་ལ་ལྟ་ཙམ་བྱས་རྗེས་ཁོ་ལ་གུས་ལུགས་ཆེན་པོས་མགོ་སྒུར་ནས་སྐུ་ཞབས་ལགས། ཁྱེད་ཀྱིས་གུས་པར་རོགས་སྐྱོར་གནང་བ་ཐུགས་རྗེ་ཆེ། དེ་སྔོན་དུ་ཁྱེད་ཀྱི་དངུལ་སར་ཟག་པ་རེད། ངས་ཁྱེད་ཀྱི་ཆེད་དུ་མགོ་བོ་ས་ལ་སྒུར་ནས་དེ་ཡར་ལེན་རོགས་བྱས་པ་ཡིན། ད་ལྟ་ངའི་དངུལ་དེ་ས་ལ་ཟག་སོང༌། ཁྱེད་ཀྱིས་ངའི་ཆེད་དུ་དེ་ཡར་ལེན་རོགས་གནོངས། དགོངས་དང༌། ཞེས་བཤད།

མཐའ་བཞིར་བསྐོར་བའི་མི་ཚོགས་དབུས་སུ་མིག་གཉིས་ཀྱིས་ཁ་ཁུ་སིམ་མེར་ངང་གཞོན་ནུ་དེ་ལ་དོ་སྣང་བྱེད་དེ་བསྡད། མི་དེ་ནི་སྔོན་ཙམ་ཁོ་རང་ལ་རོལ་དབྱངས་ཀྱི་རྒྱུག་ལེན་མཁན་དགེ་རྒན་དེ་རེད། རྒན་ལགས་ཀྱིས་གཞོན་ནུ་དེ་ཕྱིར་སློབ་ཆེན་དུ་འཁྲིད་དེ་མཐར་གཞོན་ནུ་དེ་སློབ་ཆེན་དུ་བཅུག་ཡོད་པ་རེད། གཞོན་ནུ་དེའི་མིང་ལ་པཱི་ཨར་ས་ཏིང་ཟེར། དེ་རྗེས་ཁོ་རང་ནཱོ་ཝེར་སྐད་གྲགས་ཅུང་ཡོད་པའི་རོལ་དབྱངས་མཁས་པ་ཞིག་གྱུར། ཁོའི་རོལ་དབྱངས་སུ་ཁྱོད་ཀྱིས་མགོ་བོ་ཡར་ལ་སྟེགས་ཤིག ཅེས་པ་དེ་ཁོའི་རོལ་དབྱངས་ཡག་ཤོས་ཅིག་རེད།

ང་ཚོ་འཚོ་གནས་སུ་ཆེས་དཀའ་ངལ་ཆེ་སར་ལྷུང་དུས་སྐབས་འགར་གཞན་གྱིས་གང་ཡིན་འདི་ཡིན་མེད་པའི་ཁྱོད་ལ་མཐོང་ཆུང་དེ་འདྲ་བྱེད་སྲིད། ང་ཚོ་འཚོ་གནས་ཀྱི་ཆེད་དུ་དཀའ་ཚེགས་ཆེན་པོས་སྡུག་རུས་རྒྱག་བཞིན་པའི་གནད་འགག་ཆེ་བའི་དུས་རིམ་དུ་མཚམས་རེར་ཁྱོད་ཀྱི་ལ་རྒྱ་ལ་རྡོག་རོལ་ཚད་མེད་གཏོང་མཁན་ཡང་ཡོང་སྲིད། དེར་ཁ་གཏད་དེ་ངོ་རྒོལ་བྱེད་རྒྱུ་ནི་ང་ཚོའི་ཐོག་མའི་རང་བཞིན་གྱིས་ཡོད་པའི་ནུས་པ་ཞིག་རེད། འོན་ཀྱང་ཀུན་སྤྱོད་བཟང་པོ་དང་བྲལ་བའི་མི་དེ་ཚོས་ཁྱོད་ལ་རྡོག་རོལ་ལྡབ་འགྱུར་གྱིས་གཏོང་ཡང་སྲིད། ང་ཚོས་དེར་བློ་གྲོས་དང་ལྡན་པའི་སྒོ་ནས་ཁ་གཏད་གཅོག་དགོས། གུ་ཡངས་ཀྱི་སེམས་ཁམས་ཤིག་གིས་ང་ཚོའི་ལ་རྒྱ་སྤེལ་ཞིང་དེར་བརྩི་སྲུང་བྱེད་དགོས། དེ་འདྲའི་སྐབས་དེར་ཁྱོད་ཀྱིས་ངན་རུལ་གང་འདྲ་ཞིག་ཡིན་ཡང་དེ་དག་བདེན་པའི་མདུན་དུ་རྐང་པ་ཚུགས་ཐབས་མེད་པ་དེ་རྟོགས་ཐུབ།

མཚམས་རེར་མགོ་བོ་མར་སྒུར་བ་དེ་ཁྱོད་ཀྱི་གཟུགས་པོའི་འགུལ་སྤྱོད་ཙམ་ཡིན་རུང༌། ཡར་ལེན་ཐུབ་པ་བྱུང་བ་དེ་ནི་ཁྱེད་ཀྱི་རིན་ཐང་བྲལ་བའི་ལ་རྒྱ་དེ་རེད།

འབྲེལ་ཐག འདིར་བསྣུན།


  གངས་དཀར་སེམས།
 

25.11.2015 04:40:10

My life is brilliant.

My life is brilliant.
My love is pure.
I saw an angel.
Of that I'm sure.
She smiled at me on the subway.
She was with another man.
But I won't lose no sleep on that,
'Cause I've got a plan.

You're beautiful. You're beautiful.
You're beautiful, it's true.
I saw your face in a crowded place,
And I don't know what to do,
'Cause I'll never be with you.

Yes, she caught my eye,
As we walked on by.
She could see from my face that I was,
Flying high
And I don't think that I'll see her again,
But we shared a moment that will last 'til the end.

You're beautiful. You're beautiful.
You're beautiful, it's true.
I saw your face in a crowded place,
And I don't know what to do,
'Cause I'll never be with you.

You're beautiful. You're beautiful.

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -