ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

13.11.2015 05:54:43
གངས་དཀར་སེམས།

ལེའུ་ཞོ་ཆིང་གིས་དེབ་ནང་མོ་རང་ལོ་ ༡༡ སྔོན་གྱི་བཙོན་ཁང་གི་འཚོ་བ་སྐོར་གསལ་བཤད་བྱས་པ།
ད་ཅཱང་ཙེ་མིན་འགྲིག་གི་མེད་པ་རེད།
ཉེ་དུས་ཅཱང་ཙེ་མིན་གྱི་རྡུང་རྡེག་ཕོག་མྱོང་བའི་རྒྱ་ནག་སྐམ་ས་ཆེན་པོའི་གློག་བརྙན་འཁྲབ་སྟོན་མ་གྲགས་ཅན་ལེའུ་ཞོ་ཆིང་གིས་དེབ་གསར་དཔར་སྐྲུན་བྱས་པ་དང༌། དེའི་ནང་མོ་རང་ལོ་ ༡༡ སྔོན་དུ་ཆཱིང་ཁྲིང་བཙོན་ཁང་དུ་ཉིན་གྲངས་ ༤༢༢ བསྐྱེལ་བའི་སྐོར་འཁོད་ཡོད། ལ་ལས་ལེའུ་ཞོ་ཆིང་དེང་སང་བློ་ཁོག་ཆེན་པོས་དེབ་བཏོན་ནས་བཙོན་ཁང་དུ་ཡོད་སྐབས་ཀྱི་འཚོ་བ་བྲིས་པ་དེ་ནི་ཕྱི་ལ་བརྡ་ཆེན་པོ་ཞིག་བཏང་གི་ཡོད་ལུགས་དང༌། ཅཱང་ཙེ་མིན་ཁོ་འགྲིག་གི་མེད་པར་ངོས་འཛིན་བྱེད་ཀྱི་ཡོད།


ཧཱ་ཤིས་ཏུའུ་ཧྲི་གྲོང་ཁྱེར་ཚགས་པར་གྱིས་ཤེས་གསལ་ལྟར་ན་ལེའུ་ཞོ་ཆིང་གི་དེབ་གསར་མིང་ལ། མི་ཚེའི་ནང་སླར་ཡང་འགོ་བརྩམས་པར་ཞེད་སྣང་མེད། ཅེས་པ་དེ་འདི་ཟླའི་ཚེས་ ༧ ཉིན་དངོས་སུ་འགྲེམ་སྤེལ་བྱེད་ཀྱི་ཡོད་པ་གསལ། དེབ་འདི་ནི་ལེའུ་ཞོ་ཆིང་གིས་ཕྱི་དྲན་གྱི་ཐོག་ནས་ལོ་ ༡༡ སྔོན་བཙན་ཁང་ནས་ཕྱིར་ཐོན་པའི་སྐོར་གྱི་ཉམས་མྱོང་བྲིས་པ་ཞིག་རེད། དེ་ནི་ལེའུ་ཞོ་ཆིང་གིས་ཐོག་མའི་སྐབས་སུ་མོའི་དམིགས་བསལ་གྱི་མི་ཚེའི་ལོ་ཟླ་དེ་དག་ཕྱི་བསྒྲགས་བྱས་པ་ཞིག་ཆགས་ཡོད།

དེབ་ཀྱི་མདུན་ངོས་སུ་སྒོར་ཁྲི་དུང་ཕྱུར་ཅན་གྱི་ཕྱུག་བདག་མ་ནས་སྡུག་ངལ་མྱོང་དགོས་བྱུང་བའི་རྒན་མོ་བར། སླར་ཡང་ཀ་ཁ་ནས་འགོ་བརྩམས་བསམ་པའི་དབང་ཆ་ཙམ་ཡང་མེད། འོན་ཀྱང་ང་འཚོ་བཞིན་པའི་ཉི་མོ་རེ་རེའང་དཀའ་སྡུག་གིས་ཐོབ་པ་ཞིག་ཡིན། ང་རང་དེ་སྔོན་གྱི་འོད་སྟོང་འབར་བའི་ལེའུ་ཞོ་ཆིང་གི་དུས་སྐབས། ཅེས་པ་དེར་སྣང་བ་བཞག་གི་མེད། དེ་བཞིན་ངས་མི་ཚེ་གཅིག་ལ་འགྱོད་གདུང་དགོས་པ་ཞིག་ཀྱང་མེད། ང་གསོན་པོར་འཚོ་བའི་ཉིན་རེ་རེ་བློ་རིག་གསལ་ཞིང་དགའ་སྤྲོ་དང་ལྡན་པ། གྲགས་པ་འབར་བ་ཞིག་ཡིན། ཞེས་བྲིས།

ལེའུ་ཞོ་ཆིང་གིས་ང་ལ་གསང་བ་ལྐོག་འགྱུར་གྱི་བྱ་བ་ཞིག་མེད། ངས་སོ་སོའི་གཟུགས་པོ་བེད་སྤྱོད་དེ་དམིགས་ཡུལ་འགྲུབ་ཐབས་བྱས་མ་མྱོང༌། ང་ལ་ཐེངས་མང་རྡུང་རྡེག་ཕོག་ཡོད། འོན་ཀྱང་གཞན་གྱིས་ང་ཕམ་ཁར་བསྐྱེལ་མི་ཐུབ། ཅེས་བཤད་ཡོད་པ་རེད།

༢༠༠༢ ཟླ་ ༦ ཚེས་ ༢༠ ཉིན་ནས་ ༢༠༠༣ ཟླ་ ༨ ཚེས་ ༡༦ ཉིན་བར། གྲགས་པ་འབར་བཞིན་པའི་ལེའུ་ཞོ་ཆིང་ལ་དཔྱ་དངུལ་ལྐོག་སྦས་སམ་དཔྱ་དངུལ་མ་སྤྲད་པར་བཤད་དེ་ཉིན་མ་ ༤༢༢ བཙོན་ནང་བསྡད་དགོས་བྱུང༌། རླུང་རྟ་དར་རྒྱས་འགྲོ་བཞིན་པའི་རྒྱ་ནག་གི་གློག་བརྙན་འཁྲབ་སྟོན་མའི་རྒྱལ་མོ་དང༌། སྒོར་དུང་ཕྱུར་ཅན་གྱི་ཕྱུག་བདག་མ་ཞིག་ནས་བཙོན་མ་ཞིག་གྱུར་བའི་བར་གྱི་ཧེ་བག་ཆེན་མོ་དེས་ལེའུ་ཞོ་ཆིང་བཙན་དུ་བསྡད་པ་དེར་གླེང་གཞི་སྣ་ཚོགས་ཀྱིས་ཁེངས།

མི་མང་ཚགས་པར་གྱི་རྩོམ་པ་པོ་ཅཱང་ཆིང་གིས་ལོ་དེར་ཏཱིང་ཞོ་ཧྥིང་གིས་དབང་ཆེན་བཟུང་སྐབས་ལེའུ་ཞོ་ཆིང་ནི་གློག་བརྙན་འཁྲབ་སྟོན་མ་གྲགས་པ་འབར་བཞིན་པ་ཞིག་ཡིན། མོ་རང་ཏཱིང་ཞོ་ཧྥིང་ཁྱིམ་གྱི་སྐུ་མགྲོན་ཡང་ཆགས་ཅིང་ཁོ་ཚོས་དགའ་མོས་ཆེན་པོ་ཐོབ། ད་དུང་མོ་རང་ནི་ཏཱིང་ཞོ་ཧྥིང་ཁྱིམ་མི་ཡོངས་ལ་ཤུགས་རྐྱེན་ངེས་ཅན་ཡོད་མཁན་ཞིག་རེད། ཅཱང་ཙེ་མིན་གྱིས་གནས་དོན་དེ་ཤེས་རྗེས་ལེའུ་ཞོ་ཆིང་ལ་ངོ་དགའ་སྣ་ཚོགས་བྱས། ཁོ་དང་ལེའུ་ཞོ་ཆིང་དབར་ལོའི་ཧེ་བག་ཆེན་པོ་ཡིན་པས་མོའི་རྒན་རབས་བྱས་ཀྱང་འགྲིག་མོད། ཡིན་ཡང་ཅཱང་ཙེ་མིན་གྱིས་ལེའུ་ཞོ་ཆིང་ལ་གང་ཐུབ་ཅི་ནུས་ཀྱིས་གོ་ས་མངོན་མཚན་ཅན་གྱི་ཕྱོགས་སུ་འདྲེན་གང་ཐུབ་བྱས་པ་མ་ཟད། ཁ་ནས་གཅུང་མོ་ཞོ་ཆིང་དང་གཅུང་མོ་ཞོ་ཆིང་ཞེས་འབོད་ཀྱི་ཡོད། འོན་ཀྱང་ལེའུ་ཞོ་ཆིང་གིས་དེར་ངོ་དགའ་མེད་པར་ཐོག་མཐའ་བར་གསུམ་དུ་དོགས་ཟོན་ཆེན་པོས་ཅཱང་ཙེ་མིན་ཕྱོགས་གཏོགས་དང་གཅིག་མཚུངས་མ་བྱས་ནས་བསྡད། ཅཱང་ཙེ་མིན་གྱི་ངན་སེམས་འགོག་ཕྱིར་ལེའུ་ཞོ་ཆིང་གིས་ཅི་ནས་ཀྱང་ཁོ་ལ་ཨ་ཁུ་ཅཱང་ལགས། ཅེས་འབོད་དེ་གཅུང་མོ་ཞོ་ཆིང་ཟེར་བའི་འབོད་སྟངས་དེ་ཕར་ལ་གཡུག་སྟེ་ཅཱང་ཙེ་མིན་ལ་མི་དགའ་བཞིན་དུ་ཁ་སྐྱེངས་དགོས་པ་བཟོས། ཅེས་སྤེལ་ཡོད་པ་རེད།

གསར་ལམ་འགའི་ནང་དཔོན་པོིའི་བུ་རྒྱུད་ཕྱོགས་ཁག་གི་བཤད་སྲོལ་ལུང་བགྲང་ནས་ལཱེའུ་ཞོ་ཆིང་དེ་སྔོན་རིག་རྩལ་དམག་མི་བྱེད་དུས་བཅུ་ཤོག་དམག་སྒར་དུ་དམང་སྦྱོང་བྱས་མྱོང་བ་རེད། འོན་ཀྱང་ཅཱང་ཙེ་མིན་གྱིས་མེ་མདའ་ལག་ཏུ་འཛིན་པ་ཙམ་གྱིས་འདར་སིག་རྒྱག་པར་བརྟེན། ལེའུ་ཞོ་ཆིང་གིས་ཅཱང་ཙེ་མིན་ལ་མི་དགའ་བའི་རྣམ་འགྱུར་ཐོག་བཟོ་ལྟ་སྟོན་ཞིང་སྒྲའི་དབྱངས་དང་ལྡན་པའི་སྒོ་ནས་རྔ་རྡུང་གི་གོ་རིམ་ལྟར་ཁྱེད་ཀྱིས་ད་དུང་མེ་མདའ་བཟུང་འདུག་ཨང༌། ཁྱེད་རང་ངོ་མ་ཏོག་ཙམ་ཐག་རིང་ས་ཅིག་ལ་སོང་ན་དགའ། ཁྱེད་ཀྱིས་གཟབ་གཟབ་མ་བྱས་པར་སོ་སོའི་གྲོད་པ་ཆེན་པོ་དེ་མ་གཏོར་རོགས། ཅེས་བཤད་པའི་སྐོར་སྤེལ་ཡོད།

མི་ཚང་མས་དེར་གད་མོ་ཤུགས་ཆེན་ཤོར། ཅཱང་ཙེ་མིན་ཁོ་རང་ཡང་གད་མོ་ཤོར་ནས་གཅུང་མོ་ཞོ་ཆིང་དེ་འདྲ་དགོད་བྲོ་བ་ལ། ཞེས་བཤད་ཀྱང་དུས་དེ་ནས་བཟུང་དུག་རྩ་ཞིག་ཁོའི་སེམས་སུ་སྦས་ནས་ཅཱང་ཙེ་མིན་ལ་རིམ་གྱིས་དབང་ཤུགས་སླེབས་རྗེས་ལེའུ་ཞོ་ཆིང་ལ་འཁོན་ལེན་བསློག་པའི་ལས་འགུལ་དེ་མུར་འགོ་བརྩམས་ཏེ་དེ་བཞིན་གནས་སྟངས་དེ་འཇིགས་སྣང་ཧ་ཅང་ཆེན་པོའི་གནས་སུ་གྱར།

༡༩༩༣ ལོར་དམར་ཤོག་རྒྱལ་ཁབ་དཔྱ་ཁྲལ་ལས་ཁུངས་ནས་ལེའུ་ཞོ་ཆིང་གི་རྩིས་ཁྲའི་སྐོར་རྟག་དཔྱད་བྱེད་འགོ་བརྩམས། གོ་རིམ་ངེས་ཅན་དུ་སླེབས་ཀྱང་སྐྱོན་ཆ་གང་ཡང་མ་ཐོན། དེ་རྗེས་ཅཱང་ཙེ་མིན་གྱིས་ལེའུ་ཞོ་ཆིང་གི་ཚོགས་པར་ཝང་ཅན་ཀྲོང་གསང་མྱུར་བཏང༌། དེ་མིན་ཁ་ལོ་བའི་སྡེ་ཚན་དུ་དཔང་རྟགས་ངར་མ་ཟེར་བ་ཞིག་མཁོ་འདོན་བྱས་མྱོང་བའི་རུས་མིང་ལཱི་ཅན་གྱི་རྩིས་པ་དེས་ལེའུ་ཞོ་ཆིང་ལ་དཔྱ་དངུལ་བརྐུས་པའམ། དཔྱ་དངུལ་གཡོལ་ཐབས་བྱས་པའི་ཉེས་མིང་བཙུགས།

༢༠༠༢ ལོའི་ལོ་མཇུག ལེའུ་ཞོ་ཆིང་གི་གྱོད་དོན་དེ་ད་དུང་ཡང་མཇུག་འབྲས་གང་ཡང་མེད་པར་ལུས། ཅཱང་ཙེ་མིན་གྱིས་སྒུག་ལོང་མེད་པར་ལེའུ་ཞོ་ཆིང་གི་ཁང་པའི་བདག་དབང་དང༌། དེ་མིན་ཚོགས་པའི་ཁང་པའི་མ་རྩ་ཚང་མ་ཕྱི་ཚོང་བྱས་པར་བརྟེན། ལེའུ་ཞོ་ཆིང་ཆགས་ས་བརྟེན་ས་མེད་པ་གྱུར། སྔོན་དུ་ལོ་ཕྱེད་རིང་དཀའ་ལས་དུ་མར་རྒྱག་ནས་རྟག་དཔྱད་བྱས་ནས་མོས་ལྐོག་ནས་དཔྱ་དངུལ་ཁྲི་ ༡༣ སྒེར་ཟོས་བྱས་པ་དེ་སླར་ཡང་སྒོར་ཁྲི་ ༡༩༦ ལ་འགྱུར། དེ་བཞིན་ཉིན་འགའི་རྗེས་སུ་སླར་ཡང་སྔོན་གྱི་སྒོར་གྲངས་དེ་ཁྲི་་ ༡༤༠༠ ལ་གྱུར་ཡོད་པ་རེད།

དེ་བས་འུར་ཚ་བ་ཞིག་སྟེ། ཅཱང་ཙེ་མིན་གྱིས་ད་དུང་གྱོད་དོན་རྟོག་དཔྱོད་པས་ལེའུ་ཞོ་ཆིང་ལ་སྐད་བཀུར་ནས། མོ་ལ་སྲོག་ཙམ་སྦྱིན་པ་བཏང་བ་དེ་ནི་མོས་ཁ་བཙུམ་ནས་བསྡོད་དགོས་པའི་ཆ་རྐྱེན་དེ་འགྲུབ་ཕྱིར་ཡིན་སྐོར་ཡང་བཤད། གྱོད་དོན་དེར་ལེའུ་ཞོ་ཆིང་གིས་རྒྱ་སྒོར་ཁྲི་༨༠༠༠ ལྷག་ཙམ་བཏང་དགོས་གྱུར། གཞན་ཡང་ཅཱང་ཙེ་མིན་གྱིས་སྐབས་དེར་ཏཱིང་ཞོ་ཧྥིང་ལ་ངོ་དགའ་འཁྲབ་ཆེད། ལེའུ་ཞོ་ཆིང་གི་མཛེས་ཉམས་ལའང་ཆགས་ཡོད། འོན་ཀྱང་དེའི་ཐད་རྒྱུན་དུ་དོགས་ཟོན་ཡང་ཚད་མཐོན་པོའི་ངང་བསྡད། ལོ་ཤེས་རྗེས་ཅཱང་ཙེ་མིན་གྱིས་སླར་ཡང་ལེའུ་ཞོ་ཆིང་དང་འདྲ་བ་མཛེས་ཉམས་ཏོག་ཙམ་ཡོད་པའི་སྲོང་ཙུའུ་དབྱིངས་ལ་ཞེན་ཆགས་སྐྱེས། དེ་རྗེས་སྲོང་ཙུའུ་དབྱིངས་ལ་ཀྲོང་ནན་ཧེའི་ནང་ཡར་མར་འགྲོ་ཆོག་པའི་ལག་དེབ་ལྟ་བུ་དེ་རག་པ་མ་ཟད། དེ་བཞིན་དམག་གི་གོ་ས་མཐོ་ཤོས་ཀྱི་སྒྱུ་རྩལ་བ་དང༌། རྒྱལ་ཁབ་རིམ་པ་དང་པོའི་འཁྲབ་སྟོན་པ་བཅས་ཆགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆབ་སྲིད་དམིགས་བསལ་གུན་གསབ་ཟེར་བ་དེའང་ཐོབ། ད་དུང་དེ་མིན་གྱི་དཔོན་གནས་ཀྱང་མང་པོ་རག་པ་དུས་མཚུངས། མོ་དང་ཅཱང་ཙེ་མིན་དབར་གྱི་ངོ་ཚོ་དགོས་པའི་གསར་འགྱུར་དེ་དག་ཀྱང་བརྒྱ་སྡེ་ཡིས་རྒྱས་གསལ་ལྟར་ཆགས་ཡོད་པ་རེད།

ཅཱང་ཙེ་མིན་གྱི་ནུས་ཤུགས་ཉམས་ཚར་བའི་རྗེས་སུ་དམར་ཤོག་གི་གསར་འགྱུར་རྒྱུད་ལམ་ཁག་ནས་གཅིག་རྗེས་གཉིས་མཐུད་ཀྱིས་མཐོ་རིམ་མི་སྣའི་ནག་པོའི་ཕྱོགས་ལྟ་བུའི་རྩོམ་ཡིག་སྤེལ་ནས་ཅཱང་ཙེ་མིན་དང་སྲོང་ཙུའུ་དབྱིངས་དབར་གྱི་ངོ་ཚ་དགོས་པའི་གསང་བའི་བྱ་བ་ཡོད་པའི་སྐོར་གསང་བརྡ་སྤེལ། དེར་བརྟེན་གླེང་ཕྱོགས་འགའ་ཡིས་སྐབས་དེའི་དུས་སུ་ལེའུ་ཞོ་ཆིང་ལ་ཁ་བཙུམ་དགོས་པར་བཟོས་ཤིང༌། ད་ལྟའི་ཆར་ལེའུ་ཞོ་ཆིང་གིས་བློ་སྟོབས་ཆེན་པོས་དཔེ་དེབ་པར་སྐྲུན་གྱིས་བཙོན་ཁང་གི་འཚོ་བ་སྤྱི་བསྒྲགས་བྱས་པ་འདིས་བརྡ་ཤུགས་ཆེན་པོ་ཞིག་སྤྲོད་ཀྱི་ཡོད། གསང་བརྡ་དེ་ནི་ད་ཅཱང་ཙེ་མིན་འགྲིག་གི་མེད་པ་དེ་རེད།

རྩོམ་གྱི་ཡོང་ཁུངས། རྒྱ་ནག་ལ་ལྟ་བ།

མ་རྩོམ་འབྲེལ་ཐག འདིར་བསྣུན།

 


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -