ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

10.11.2015 01:38:52
གངས་དཀར་སེམས།

རྩོམ་པ་པོ། ཧྥུ་ལུ་པེ། པར་སྐྲུན་བྱེད་ས། ཧྥ་རན་སི། སྐད་ཡིག ཧྥ་རན་སིའི་ཡི་གེ རྩོམ་ལུགས། བརྩམས་སྒྲུང༌།
བརྩམས་སྒྲུང་པཱོ་ཧྥ་ལི། ༼ ཧྥ་རན་སིའི་ཡི་གེའི་ཐོག་ནས་སྤེལ། ༽ ནི་ཧྥུ་ལུ་པེའི་བརྩམས་སྒྲུང་རིང་གྲལ་གྱི་ལེགས་ཤོས་ཤིག་ཡིན། ༡༨༥༦ ལོ་ནས་བཟུང་དེ་པཱ་ལི་དུས་དེབ། ཐོག་མུ་འགོད་བྱས། ཐོག་མའི་སྐབས་སུ་ནང་དོན་རྣོ་ངར་ཆེ་བའི་རྐྱེན་གྱིས་རྩོམ་རིག་དེ་བཙོག་པ་ཡིན་པར་ཉེས་འཛུགས་བྱས། དེའང་བརྩམས་དེབ་འདིའི་ནང་སྤྱི་ཚོགས་དང་ཆོས་ལུགས་ལ་རྒོལ་ཞིང༌།


ཀུན་སྤྱོད་དང་བཟང་པོའི་ལམ་ལུགས་ལ་རྒོལ་ཡོད་པའི་སྐོར་སྐྱོན་བརྗོད་བྱས་པ་མ་ཟད། ད་དུང་དེབ་ཀྱི་དུམ་མཚམས་རེ་ནག་བསུབ་གཏོང་དགོས་སྐོར་བཤད་ཡོད། འོན་ཀྱང་ཧྥུ་ལུ་པེས་སོ་སོའི་དེབ་ནང་གི་ཡིག་འབྲུ་གཅིག་ཀྱང་བཅོས་བསྒྱུར་གཏོང་གི་མིན་པའི་སྐོར་གྱི་འདོད་དོན་རྒྱུན་འཁྱོང་བྱས། ༡༨༥༧ ལོའི་ཟླ་༢ ཚེས་ ༧ ཉིན་ཁྲིམས་ཁང་གིས་ཁོ་པར་ཉེས་མེད་ཐག་བཅད་བྱས་པར་བརྟེན། ཧྥུ་ལུ་པེའི་སྐད་གྲགས་ཕྱོགས་ཀུན་དུ་ཁྱབ་ཡོད་པ་རེད།

 

བརྩམས་ཆོས་ཀྱི་ནང་དོན།
ལྕམ་པཱོ་ཧྥ་ལི། ནི་སྒྱུ་རྩལ་གསར་མའི་དཔེ་མཚོན་གྱི་རྩོམ་ལུགས་ལ་ངོ་འཛིན་བྱེད་ཅིང༌། དེ་ནི་ཆེས་འཐུས་ཚང་གི་བརྩམས་སྒྲུང༌། ཞིག་ལའང་ངོས་འཛིན་གྱི་ཡོད། དེབ་ནང་གི་གཙོ་བོ་མི་སྣ་ཨཱེ་མ་ལུ་ཨོ་ནི་ཞིང་པར་འཚར་ལོང་བྱུང་བའི་བུ་མོ་ཞིག་རེད། མོ་རང་མཛེས་མ་ཞིག་ཡིན་ཡང་ལྷིང་འཇགས་ངང་སྡོད་མཁན་ཞིག་མིན། གང་ཡིན་ཟེར་ན། མོའི་ཨ་ཕའི་རྐང་རུས་ཆག་སྟེ་རྨས་སྐྱོན་ཐེབས་སྟབས་སྤྱི་བཏང་བའི་གྲོང་བརྡལ་དེའི་སྨན་པ་ཞཱ་ཨར་པཱོ་ཧྥ་ལི་ངོ་ཤེས། པཱོ་ཧྥ་ལིས་མོའི་མཛེས་ཉམས་ཀྱིས་སེམས་པ་གཅིག་ཅར་དུ་འཕྲོག་ནས་མོ་ལ་གཉེན་སྒྲིག་ཆོག་པའི་རེ་འདུན་བཏོན་རྗེས་མོ་རང་པཱོ་ཧྥ་ལིའི་ལྕམ་སྐུ་ཞབས་སུ་གྱུར།

སྤྱི་བཏང་བའི་གཉེན་སྒྲིག་རྗེས་ཀྱི་འཚོ་བ་དེས་མོ་རང་ལ་རེ་ཆད་ཀྱི་ཚོར་བ་ཤུགས་ཆེར་བྱུང༌། དེ་ནས་མོས་བརྩེ་ཚོར་ཟབ་པའི་བརྩེ་དུང་ཞིག་འཚོལ་བསྙེག་གི་རྨི་ལམ་དུ་ཐིམས་ནས་སྔ་རྗེས་སུ་ཤེས་རབ་ཀྱིས་ཕྱུག་པའི་གཞོན་ནུ་ལཱེ་ཨང་དང་སྟེར་བཟོ་དོད་པའི་སྐུ་དྲག་ལུའུ་ཏོ་ཧྥོ་གཉིས་ངོ་ཤེས་པ་མ་ཟད། དེ་དག་དང་ལོག་གཡེམ་གྱི་བྱ་བའང་བྱས་ཏེ་སོ་སོའི་བཟའ་ཟླ་དང་ཕྲུ་གུ་གྲུང་གྲུང་ལ་སྣང་ཆུང་བཏང་ནས་སོ་སོས་སོ་སོར་བརླགས་པའི་ལམ་བུར་བཞུགས།

ལུའུ་ཏོ་ཧྥུ་ནི་དུས་ཐོག་གི་ཟློ་གར་འཁྲབ་མཁན་འདོད་ཆགས་ཅན་ཞིག་ཡིན་ལ། ཁོ་རང་ཨཱེ་མའི་གཟུགས་པོར་ཞེན་པ་ལོག་རྗེས་ཨཱེ་མ་བསྐྱུར་ནས་ལཱོ་ཨང་ས་ཁུལ་དུ་ཟུར་ཉེར་དགའ་རོགས་གཞན་ཞིག་འཚོལ་རྒྱུ་ཐག་བཅད་བྱས། ཨཱེ་མས་གནས་སྟངས་དེ་ཧ་གོ་རྗེས་ཁོང་ཁྲོའི་དབང་གིས་ན་ཚ་ཕོག ན་ཚ་དྲག་རྗེས་མོ་རང་གིས་དེ་སྔོན་གྱི་ནོར་འཁྲུལ་ཡོ་བསྲང་བྱས་ཏེ་འཚོ་བ་གསར་པ་ཞིག་འགོ་བརྩམས་དགོས་དྲན། སྨན་པ་པཱོ་ཧྥ་ལིས་མོ་རང་ལུའུ་ཨང་དུ་ཟློས་གར་ལྟ་རུ་འཁྲིད་དེ་མོའི་སེམས་ཀྱི་སུན་སྣང་སངས་ཐབས་བྱས། སྐབས་དེར་སྟབས་འཁེལ་ཏེ་ཟློས་གར་ཁང་དུ་མོ་རང་སྔོན་མར་དགའ་མྱོང་བའི་ལཱེ་ཨང་དང་འཕྲད། ཁོ་རང་གཉིས་དེ་སྔོན་གྱི་བརྩེ་དུང་སླར་ཡང་འབར་ཏེ་མོས་པཱི་ནོ་རོལ་དབྱངས་སྦྱོང་བར་ཁ་གཡར་ཏེ་ལྐོག་ནས་ལཱེ་ཨང་དང་ཐུག་འཕྲད་བྱས།

བརྩེ་དུང་ཟབ་མོའི་ནང་ལྷུང་ཚར་བའི་མོ་རང་གིས་གྱོན་ཆས་ཚོང་པ་ལཱེ་ནེའི་ས་ནས་གྱོན་ཆས་ཕོན་ཆེན་པོ་ཉོས་ཏེ་སོ་སོར་མཛེས་སྤྲས་བྱས་པར་བརྟེན། དེར་བུ་ལོན་ཕོན་ཆེན་པོ་བཞག་དགོས་བྱུང༌། གནས་སྟངས་དེས་ཨཱེ་མས་སོ་སོའི་བཟའ་ཟླ་ལ་གསང་རྒྱའི་འོག་ཁང་པའི་བདག་དབང་དེ་གཞན་ལ་གཏའ་མར་འཇོག་སྟེ་མོའི་བུ་ལོན་དེ་དག་གསབ་ཐབས་བྱས། དེ་བཞིན་མུ་མཐུད་གཞན་ས་ནས་བུ་ལོན་གཡར་ཞིང་གཏའ་མའང་བཞག་པའི་དབང་གིས་ཨཱེ་མ་དཀའ་ཚེགས་ཀྱི་གནས་སུ་གྱར། ཁྲིམས་ཁང་ནས་ཆུ་ཚོད་ཉེར་བཞིའི་ནང་མོས་ཧྥ་ལང་སྒོར་མོ་བརྒྱད་སྟོང་གཙང་མ་བཟོ་དགོས་པར་ཁྲིམས་ཐག་བཅད། མོས་སོ་སོའི་ཟུར་ཉར་དགའ་རོགས་ལཱེ་ཨང་ལ་རོགས་རམ་ཡོང་བའི་རེ་བ་ཞུས་ཏེ་ཁོས་གཞུང་དངུལ་བེད་སྤྱོད་གཏོང་དགོས་པའི་གསང་བརྡ་སྤྲད། ལཱེ་ཨང་གིས་མོ་རང་ལ་ཁ་ཡ་མ་བྱས་པར་དེ་མུར་བཞག མཐར་ཨཱེ་མ་རྦད་དེ་ཡིད་ཐང་ཆད་པའི་གནས་སྟངས་འོག་དུག་འཐུང་ནས་སྡུག་ངལ་ཆེན་པོའི་སྒོ་ནས་འཇིག་རྟེན་འདི་དང་ཁ་བྲལ།

སྐུ་ཞབས་པཱོ་ཧྥ་ལིར་དེའི་རྐྱེན་གྱིས་རྡུང་རྡེག་ཤུགས་ཆེན་ཕོག དེ་རྗེས་མ་རིང་བའི་རྗེས་སུ་ཁོའང་ཤི ཨཱེ་མས་ཤུལ་དུ་བུ་མོ་ཞིག་ཡོད་པ་དེ་མོའི་ཨ་སྲུའི་ཁྱིམ་དུ་བཞག སྲུ་མོའི་ཁྱིམ་ཡང་ཧ་ཅང་དབུལ་ཕོངས་ཀྱིས་དེ་རྗེས་བུ་མོ་དེ་སྤྲིན་བལ་བཟོ་གྲྭ་ཞིག་ཏུ་འཛུལ།

ཞིབ་རྟོགས་བྱས་པ་ལྟར་ན། ལྕམ་པཱོ་ཧྥ་ལི་ནི་དོན་དངོས་སྤྱི་ཚོགས་ཀྱི་གྱོན་དོན་ནས་བཅོས་བསྒྱུར་གྱིས་བྱུང་བའི་དངོས་ཡོད་གནས་ཚུལ་ཞིག་ཡིན་པར་གསལ། སྨན་པ་པཱོ་ཧྥ་ལི་ནི་ཧྥུ་ལུ་པེའི་ཨ་ཕའི་སློབ་མ་དང་ཕྱི་ལུགས་སྨན་པ་ཏཱེ་ལ་མར་ཡིན་ལ། ཁོ་ནི་གྲོང་གསེབ་ཀྱི་སྨན་པ་ཞིག་རེད། སྨན་པ་ཏཱེ་ལ་མའི་དེ་སྔོན་གྱི་བཟའ་ཟླ་མོ་ཤི་རྐྱེན་ ༡༨༣༩ ལོར་ཞིང་བདག་གི་བུ་མོ་རང་ལོ་ ༡༧ ཟིན་པའི་ཏཱེ་ཨར་ཧྥེ་ན་མནའ་མར་ལེན། དེ་ནི་ཨཱེ་མའི་འདྲ་གཟུགས་ཡིན། དེ་རྗེས་བཟའ་ཟླ་མོ་ཏཱེ་ཨར་ཧྥིས་མི་གཞན་དང་ལྐོག་ཏུ་ངན་འབྲེལ་བྱས་པའི་རྐྱེན་གྱིས་མཐར་རང་ཤི་རྒྱག་དགོས་པའི་ལོག་ལམ་དུ་སོང་བ་རེད།

ཧྥུ་ལུ་པེའི་བརྩམས་ཆོས་སུ་རྙོག་འཛིང་ཆེ་བའི་གནས་ཚུལ་ཞིབ་བྲིས་ཀྱི་ལམ་ནས་ལྕམ་པཱོ་ཧྥ་ལིའི་སེམས་ཁམས་ཀྱི་གནས་སྟངས་མཚོན་པར་བྱས་པ་དང༌། མོ་རང་ལུའུ་ཏོ་ཧྥུ་དང་ངན་འབྲེལ་བྱས་རྗེས་མོས་ཧ་ཅང་ཚོར་བ་འབར་བའི་སྒོ་ནས། ང་ལ་ཟུར་ཉར་དགའ་རོགས་ཤིག་ཡོད། ང་ལ་ཟུར་ཉར་དགའ་རོགས་ཤིག་ཡོད། ཅེས་བཤད་ཡོད་པ་རེད། བརྩམས་སྒྲུང་དེའི་ནང་ཕོ་མོའི་དབར་གྱི་གསང་བརྡ་མང་པོ་ཕྱིར་མངོན་པའི་ཐོག་ནས་ཨཱེ་མའི་ཕོ་མོ་གཉེས་འབྲེལ་སྐོར་གྱི་རེ་འདོད་ཤུགས་ཆེན་དེ་མཚོན་པ་དཔེར་ན། མོ་རང་ལཱེ་ཨང་གི་ཁང་པའི་ནང་མཚམས་རེར་ཁོའི་རྒྱུག་ཤད་ཀྱིས་སྐྲ་ཤད་པ་དང༌། སྐབས་རེར་ལཱེ་ཨང་གི་ཐ་མ་ཁ་འཐེན་ས་ཚ་རའི་ Pipe ཁར་སོ་རྒྱག་པ་བཅས་བྱས།

དེབ་འདིས་ཧྥ་རན་སིའི་སྤྱི་འཐུས་རྒྱལ་ཁབ་གཉིས་པའི་སྐབས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་མཚོན་པར་བྱས། ཧྥུ་ལུ་པེས་རྒྱུན་དུ་ལྕམ་པཱོ་ཧྥ་ལི་ནི་ང་རེད། ཅེས་བཤད་ཀྱི་ཡོད། ཁོས་བརྩམས་ཆོས་དེར་འཐུས་ཚང་གི་རེ་འདུན་དེ་སྐབས་འགར་ཚད་གཞི་བརྒལ་བའི་འུར་བཤད་ཀྱི་ཚོད་ཀྱང་སླེབས་ཡོད། ཤོག་གྲངས་ ༡༨༠༠ ཡིས་ཤོག་ངོས་གཉིས་སུ་ལྕམ་པཱོ་ཧྥ་ལིའི་སྐོར་གྱི་ཟིན་བྲིས་དང་བཅོས་སྒྲིག་སོགས་བྲིས་ཡོད། མཇུག་དེར་ཤོག་གྲངས་ ༥༠༠ ལས་ལྷག་མེད་པ་རེད། ལྕམ་པཱོ་ཧྥ་ལི། ཞེས་པའི་བརྩམས་དེབ་དེ་ནི་དུས་རབས་བཅུ་དགུའི་སྐབས་ཀྱི་ཟུབ་ཐབས་མེད་པའི་བརྩམས་ཆོས་གྲགས་ཅན་ཞིག་ཡིན་པར་བཤད་ཅིང༌། དེ་བཞིན་དུས་རབས་ཉི་ཤུའི་སྐབས་ཀྱི་ཅཱོ་ཡི་ཟི་ཕུའུ་ལུ་སི་བཅས་རྩོམ་པ་པོ་གྲགས་ཅན་ཚོར་ཐད་ཀར་ཤུགས་རྐྱེན་ཡང་ཐེབས་ཡོད་པ་རེད།

གནས་སྟངས་གཞན།

བཤད་སྲོལ་ལྟར་ན་ཧྥུ་ལུ་པེས་ལྕམ་པཱོ་ཧྥ་ལི་ཞེས་པ་དེ་རྩོམ་འབྲིའི་སྐབས་སུ་ཚིག་བརྗོད་འོས་འཚམས་རེ་མ་རྙེད་པའི་རྐྱེན་གྱིས་མགོ་ན་ནས་སར་རིལ་བ་བཅས་བྱེད། དེ་འདྲ་བྱེད་པ་ནི་འོས་འཚམས་ཀྱི་ཡིག་འབྲུ་ཟེར་བ་དེ་འདྲ་ཞིག་རྙེད་ཕྱིར་ཡིན་འདུག

ནཱ་པོ་ཁེ་ཧྥུས་ལྕམ་པཱོ་ཧྥ་ལིར་དགའ་མོས་ཤུགས་ཆེན་བྱེད་ཅིང་དེར་ཐེངས་བརྒྱ་ཙམ་བཀླགས་ཚར་བ་བཤད། ཁོས་དུས་རབས་ཉིན་ཤུའི་སྐབས་ཀྱི་བརྩམས་ཆོས་ཆེན་མོ་བཞི་སྟེ། ཁཱ་ཧྥུ་ཁའི་འགྱུར་གཟུགས་སྐོར། དང༌། ཅཱོ་ཡི་ཟིའི་ཡཱོ་ལི་ཞི་སི། ཧྥུ་ལུ་ཟི་ཐིའི་འདས་ཟིན་གྱི་ལོ་ཟླ་ཕྱི་དྲན་བྱེད་པ། ད་དུང་ཨུ་རུ་སུག་གི་རྩོམ་པ་པོ་པཱེ་ལིའི་པཱི་ཏེ་པོག བཅས་ཡིན།

ཞཱ་ཀྲི་ཆིང་གིས་དེ་སྔོན། ཧྥ་རན་སིའི་ལྕམ་པཱོ་ཧྥ་ལི། ནི་ཚང་མས་ལྟ་བཞིན་པའི་བརྩམས་དེབ་ཅིག་རེད། རྒྱ་ནག་གི་ཕོ་བྲང་དམར་པོའི་རྨི་ལམ་ལ་ཁྱོད་ཀྱིས་མ་ལྟ་ནའང་འགྲིག རྒྱ་ནག་ལ་ཚང་མས་ངེས་པར་དུ་ལྟ་དགོས་པའི་དེབ་ཅིག་མེད། ཅེས་བཤད་མྱོང་བ་རེད།

འབྲེལ་ཐག འདིར་བསྣུན་ནས་གཟིགས།


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -