ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

01.11.2015 22:03:49
གངས་དཀར་སེམས།

images/stories/45/000/Resized/auto1446367786725958431.jpgཡཱང་ཅང་གིས་ལག་བྲིས་ཡི་གེ
ཆེས་ཡ་རབ་ཀྱི་བཟའ་ཟླ་དང་ཆེས་ཤེས་ལྡན་གྱི་བུད་མེད། ཅེས་ཆེ་མཐོང་ཡོད་པའི་སྐུ་ཞབས་ཡཱང་ཅང་ཟླ་ ༧ ཚེས་ ༡༧ ཉིན་རང་ལོ་ ༡༠༤ ཡི་སྐྱེས་སྐར་བཏང་ཚར་ཙམ་ཡིན། ( ལོ་འཕར་མ་བརྩི་སྟངས་ལྟར་ན་ ༡༠༥ ཡིན། ) ད་དུང་གཟུགས་པོ་ཧ་ཅང་བདེ་ཐང་དང་བློ་རིག་ཁམས་བཅས་དྭངས་གསལ་ངང་གནས་ཡོད།
༡༩༩༤ ལོར་མོའི་བཟའ་ཟླ་ཆཱན་ཀྲུང་ཧྲུ་ན་ཚའི་རྐྱེན་གྱིས་སྨན་ཁང་དུ་ཉལ་དགོས་བྱུང་བར་ཡཱང་ཅང་གཅིག་པུར་གྱི་གཡོག་བྱ་གང་ལེགས་ལ་བརྟེན་ཡོད། དེ་རྗེས་མོའི་བུ་མོ་ཆཱན་ཡོན་ཡང་ན་ནས་སྨན་ཁང་དུ་ཉལ་དགོས་གྱུར། ༡༩༩༧ ལོར་ཡཱང་ཅང་གིས་མོའི་ཚེའི་ནང་གི་བྱས་རྗེས་ལེགས་ཤོས་ཅེས་པར་ངོས་འཛིན་པའི་བུ་མོའང་འདས་གྲོངས་སུ་གྱུར། ལོ་གཅིག་རྗེས་བཟའ་ཟླ་འདས་ཁར་མིག་མ་བཙུམ་པར་མོས་བཟའ་ཟླའི་རྣ་ཟུར་དུ་ཁྱོད་རང་བློ་བདེ་མོར་བྱོས། འདིར་ང་ཡོད་ཡོད་པ་རེད། ཅེས་སེམས་ཁམས་བག་ལྷོད་ཅིང་ནུས་ལྡན་དེའི་སྤུས་ཚད་ནི་གཞན་གྱིས་གུས་བརྩི་མ་ཞུ་རང་ཞུ་ལྟར་རེད། མོས་ཆཱན་ཀྲུང་ཧྲུ་བྲོས་སོང་བ་རེད། ངའང་བྲོས་སྙིང་འདོད་ཀྱི་འདུག འོན་ཀྱང་ང་ག་བར་བྲོས་དགོས་སམ། ང་བྲོས་ན་རྩ་བ་ནས་མི་འགྲིག ང་འཇིག་རྟེན་ཐོག་བསྡད་དེ་འདི་དག་གཙང་བཟོ་དགོས་ཤིང༌། ངའི་འོས་འགན་སྒྲུབ་དགོས། ཅེས་བཤད།

རང་ལོ་ ༩༠ ཟིན་པའི་ཡཱང་ཅང་གིས་བཱོ་ལ་ཐུའི་ཧྥེའེ་ཊོ་ཕེན། ཞེས་པའི་དེབ་དེ་བསྒྱུར་འགོ་བརྩམས། ༢༠༠༣ ལོར་མོས་ང་ཚོ་གསུམ། ཞེས་པའི་དེབ་ཅིག་པར་སྐྲུན་གྱིས་སོ་སོའི་བཟའ་ཟླ་དང་བུ་མོ་ལ་བཅང་བའི་བརྩེ་ཚོར་ཟབ་ཅིང་གཏིང་ཡངས་པའི་དྲན་གསོའི་སྐོར་བྲིས་པས་རྒྱ་ནག་མི་མང་གྲངས་མེད་ལ་སེམས་འགུལ་ཐེབས་ཡོད་པ་རེད།

ལོ་བཞིའི་རྗེས་སུ་རང་ལོ་ ༩༦ ལ་སོན་པའི་ཡཱང་ཅང་གིས་བསམ་ཡུལ་ལས་འདས་པའི་མི་ཚེའི་མཐའ་ལ་བགྲོད་པ།ཞེས་པའི་འབོལ་རྩོམ་ཕྱོགས་དེབ་ཅིག་པར་བསྐྲུན་བྱས་ཏེ་མི་ཚེའི་རིན་ཐང་དང་བླ་སྲོག་གི་འབྱུང་ཁུངས་འཚོལ་སྙེག་བྱས་པར་དཔྱད་བརྗོད་མཁས་དབང་གིས་རང་ལོ་ ༩༦ སོན་པ་ཞིག་གི་རྩོམ་རིག་དེ་གསར་སྐྱེས་ཀྱི་ཕྲུ་གུའི་དྭངས་གཙང་དང་མཛེས་སྡུག་ལྡན་པར་ཡ་མཚན་རེད། ཅེས་བཤད།

བཟའ་ཟླ་ཆཱན་ཀྲུང་ཧྲུ་ཡིས་རྒྱ་ཡིག་དང་ཕྱི་རྒྱལ་ཡི་གེའི་ཐོག་ལག་བྲིས་དང་ཟིན་བྲིས་ཡི་གེ་རས་ཁུག་འགའ་ཤུལ་བཞག་བྱས་པའི་ཡིག་འབྲུ་ཁྲི་ཚོ་ ༧ ལྷག་ཟིན་ཡོད་པ་དེ་དག་ཀྱང་མོས་ལེན་ནས་རིམ་གྱིས་གོ་རིམ་ཧ་ཅང་ལེགས་པའི་སྒོ་ནས་རྩོམ་སྒྲིག་བྱས། ༢༠༠༣ ལོར་རཱོང་ཨན་གྷོན་གཞིས་སྒར་གྱི་ཟིན་ཐོ། ཞེས་པའི་ལེའུ་གསུམ་ཙམ་དང༌། ཕྱི་རྒྱལ་སྐད་ཐོག་ནས་དེབ་གྲངས་ ༡༧༠ བཅས་པར་སྐྲུན་བྱས། རྒྱ་ཡིག་ཐོག་གི་ཆཱེན་ཀྲུང་ཧྲུའི་ལག་བྲིས་ཕྱོགས་དེབ། ཅེས་པ་དེའང་ ༢༠༡༡ ལོར་པར་འགྲེམས་བྱས་ཡོད་པ་རེད། མོ་རང་ད་དུང་ཉིན་ལྟར་ཞོགས་པར་གོམ་བགྲོད་འགྲོ་བ་དང་ངང་པའི་ལུས་རྩལ་ཟེར་བ་དེ་རྩེད་ཅིང་རྒྱུན་དུ་ལྕང་སྡོང་འོག་ཏུ་སྐད་མགོ་དམའ་མོས་སྙན་ངག་གྱེར་འདོན། ཁ་དབུགས་གཙང་མ་རྔུབ་པ་བཅས་བྱེད། ལོ་ན་མཐོ་རུ་སོང་དུས་ཉིན་ལྟར་ཁྱིམ་དུ་གོམ་པ་ ༧༠༠༠ ཙམ་སྤོ་རྒྱུ་བཅས་ད་ལྟ་ཡིན་ཡང་ལུས་སྒུར་ནས་ལག་པ་ས་ལ་རེག་ཐུབ་ཅིང༌། རྐང་ལག་ཀྱང་བདེ་ཐང་ཡིན། དེའང་གསང་བ་མང་ཆེར་ནང་སེམས་ཀྱི་ཞི་ལྷོད་དང་བག་འཕེལ་ནས་ཡོང་བ་ལོས་ཡིན་དགོས།

ཡཱང་ཅང་གི་འབོལ་རྩོམ་ལུས་སྒྲིབས་ཐུབ་པའི་ཕྱི་གོས། ཅེས་པའི་རྩོམ་ནང་མོ་དང་བཟའ་ཟླ་ཆཱན་ཀྲུང་ཧྲུ་གཉིས་ཀྱིས་ཁྱིམ་རྒྱུད་ཀྱི་ནོར་བུ་དེ་ནི་ལུས་སྒྲིབས་ཐུབ་པའི་ཕྱི་གོས་ལས་གཞན་མེད་པར་ངོས་འཛིན་བྱས་པའི་སྐོར་ཐད་ཀར་འབྲི་བཀོད་དང༌། འཇིག་རྟེན་ཟང་ཟིང་ནས་སྒྲིབས་ནས་འཇིག་རྟེན་པའི་ཕྱི་རོལ་ཞིག་ཏུ་རིག་པར་བརྩོན་འདོད་པ་དེ་ཡིན། འཚོ་བའི་ནང་གི་མོ་རང་ནི་འཇིག་རྟེན་འདི་ནས་ཡིབ་གྲབས་ཡོད་པ་དང་མཚུངས། ཧ་ཅང་ཉམས་ཆུང་བག་འཕེལ་གྱིས་ཕལ་ཆེར་གསར་འགོད་པའི་བཅའ་འདྲི་ཡོངས་རྫོགས་ལ་དང་ལེན་བྱེད་ཀྱི་མེད། ༢༠༠༤ ལོར། ཡཱང་ཅང་གི་རྩོམ་ཡིག་ཕྱོགས་བསྒྲིགས། པར་སྐྲུན་ཞུས། པར་སྐྲུན་ཁང་ནས་མངོན་མཚན་དང་སྐད་གྲགས་ཆེན་པོའི་སྒོ་ནས་བརྩམས་དེབ་སྐོར་བགྲོ་གླིང་ཚོགས་འདུ་ཞིག་གོ་བསྒྲིག་བྱ་བརྩིས་ཡོད་པར་ཡཱང་ཆང་གིས་དེར་རྩེད་མཚར་དང་བཅས་ངའི་མ་དེབ་ཕྱིར་སྤྲད་ཚར། དེབ་ཕྱིར་ཚོང་བྱེད་པ་དེའང་ངས་ཇུས་རྟོགས་དགོས་པ་ཞིག་མ་རེད། ང་ནི་ཆུ་ཐིགས་དྭངས་མ་ཞིག་ཡིན་པ་ལས་ཡི་ཙིའི་ཁུ་བ་བཞིན་ལྒང་བུ་ལྟར་ཕུ་རྒྱག་ཆོག་པ་ཞིག་མིན། ཞེས་བཤད། ཆཱན་ཀྲུང་ཧྲུ་འདས་གྲོངས་གྱུར་རྗེས་ཡཱང་ཅང་གིས་ཁྱིམ་མི་གསུམ་གྱི་མིང་ཐོག་ནས་དེབ་ཡོན་རྒྱ་སྒོར་ཁྲི་ ༨༠༠ ལྷག་ཙམ་དང་དེབ་རིན་བཅས་མ་ཡུམ་སློབ་གྲྭ་ཆཱིང་ཧ་སློབ་ཆེན་ལ་ལེགས་སྐྱེས་སུ་ཕུལ་ཏེ་དཔེ་དེབ་ཀློག་དགའ་བ། ཞེས་པའི་མིང་ཐོག་ནས་གཟེངས་རྟགས་ཀྱི་མ་དངུལ་ཞིག་བཙུགས། རང་ལོ་ ༩༠ སྐབས་སུ་མོ་རང་ཆཱིང་ཧ་སློབ་ཆེན་གྱི་སྣེ་ལེན་ཁང་དུ་ཉིན་འགའ་བསྡད་དེ་སྐྱེས་སྐར་སྲུང་བརྩི་ཟེར་བར་གཡོལ་ཐབས་བྱས། ཡཱང་ཅང་གིས་དེ་སྔོན་ནས་ཨཱིན་ཇིའི་སྙན་ངག་པ་ལཱན་ཏེའི་གྲགས་ཅན་གྱི་སྙན་ངག་དེ་བསྒྱུར་འགོ་བརྩམས་ཏེ་སོ་སོའི་འུར་སྒྲ་མེད་པའི་སེམས་ཀྱི་སྐད་ཆ་དེ་དག་མཚོན་ཐབས་བྱས་ཡོད། ངས་གཞན་སུ་ལའང་འགྲན་རྩོད་བྱེད་ཀྱི་མེད། སུ་དང་འགྲན་ནའང་ཧ་ལས་ཀྱི་མེད། ང་རང་བྱུང་ཁམས་ལ་དགའ། དེ་ནས་སྒྱུ་རྩལ་ལ་དགའ། ངའི་ལག་གཉིས་ཀྱིས་ཚེ་སྲོག་གི་སྒྲོན་མེ་ལ་འདེ་ནས་དྲོད་རྙེད་ཐབས་བྱེད་ཀྱི་ཡོད། མེ་དེ་ཉམས་སོང་ན་ངའང་འགྲོ་རན་པ་རེད།

ང་རྒན་འཁོག་ཅིག་ཡིན། ངས་སྲོལ་རྒྱུན་གྱི་སྐད་ཆ་རྙིང་པ་རྐྱང་རྐྱང་བཤད་ཀྱིཡོད། དུས་རབས་ལ་མཚོན་ན་ང་ནི་རྗེས་ལུས་ཐེབས་པ་ཞིག་རེད། ང་ལ་དེང་རབས་ཀྱི་གཉེན་སྒྲིག་སྐོར་བསླབ་བྱ་བཟང་པོའི་ལེགས་སྐྱེས་ཕུལ་རྒྱུ་དེ་འདྲ་མེད། དེ་བས་རྒྱུ་ནོར་ནི་བླ་མ་གོང་ཕུད་ལྟར་བརྩི་བའི་དེང་རབས་འགྲོས་ཀྱི་འོག་ཏུ་ངས་གཞོན་སྐྱེས་གྲོགས་པོ་རྣམས་ལ་བརྡ་ལེན་ཙམ་སྤྲོད་འདོད་པ་དེ་ནི། ཕོ་མོ་གཉེན་སྒྲིག་ལ་ཧ་ཅང་གནད་ཆེ་བ་ནི་བརྩེ་བ་དང་ཕན་ཚུན་རྒྱུས་ལོན་ནམ་བསམ་གཞིག་གི་སྤུས་ཚད་དེ་ཡིན། ཇི་ཙམ་བསམ་གཞིག་གཏིང་ཟབ་ན་དེ་ཙམ་གྱིས་ཕན་ཚུན་ཡིད་དབང་འཕྲོག་ཅིང་དོ་དབྱིངས་ཡོད་པ། ཕན་ཚུན་རྒྱབ་སྐྱོར་དང་བསྐུལ་འདེགས་ཡོད་པ་བཅས་ནས་བརྩེ་བ་གཉིས་ལ་ཕན་ཚུན་དགའ་སྣང་སྦྱིན་ཐུབ། དོན་དངོས་ཐོག་ཕོ་མོ་གཉིས་ཀྱི་ཁྱིམ་ཚང་གི་གནས་རིམ་མཚུངས་པའམ་གཞན་ཆ་རྐྱེན་དེ་དག་ནི་གལ་ཆེན་པོ་མ་རེད། བྱིས་པའི་དུས་ནི་རྩེད་མཚར་ལ་དགའ་ཞིང། གཞོན་ནུའི་དུས་ནི་བརྩེ་དུང་ལ་སེམས་པ་ཆགས། དར་གཞོན་སྐབས་སུ་མིང་གྲགས་དང་ཁྱིམ་གཞི་བཟུང་རྒྱུ་ལ་བརྩོན་ཞིང༌། རྒས་འཁོག་སྐབས་རང་བཞིན་གྱིས་ཕན་ཚུན་མགོ་བསྐོར་ནས་བསྡད་རྒྱུར་སྤྲོ། མིའི་ཚེ་སྲོག་ཇི་ཙམ་འཚོ་ཐུབ་བམ། ངར་ལྕགས་གསེར་ལ་བསྒྱུར་ཐུབ་མཁན་ཇི་ཙམ་ཡོད་དམ། འོན་ཀྱང་སྦྱོང་བརྡར་མི་འདྲ་བའི་ཐོག་ནས་གྲུབ་འབྲས་ཀྱང་མི་འདྲ་བ་ཡོད་ངེས། གོ་རིམ་མི་འདྲ་བའི་འདོད་ཆགས་དང་ལྷོད་གཡེང༌། རྒྱ་ཡན་གཏོང་བ་དེས་ཙམ་གྱིས་གོ་རིམ་མི་འདྲ་བའི་རྩུབ་པོའི་འབྲས་བུ་ཞིག་བསགས་ངེས།

དོན་ཆེན་སྒྲུབ་ཐུབ་པའི་གང་ཟག་ཅིག་སྦྱོང་བརྡར་དགོས་ན་ངེས་པར་དུ་ཁོ་ལ་སྡུག་དཀའ་ལས་མང་ཙམ་མྱོང་བཅུག་པ་དང་གྲུབ་ཐབས་མེད་པའི་གནས་སྟངས་ཤིག་ཡོད་དགོས། དེ་འདྲ་ཡིན་ན་ཁོ་ལ་སྲ་བརྟེན་གྱི་རང་གཤིས་ཤིག་གྲུབ་ཐུབ་ཀྱི་རེད། མི་ཞིག་ལ་གོ་རིམ་མི་འདྲ་བའི་སྦྱོར་བརྡར་ཐེབས་ན་གྲུབ་འབྲས་ཀྱང་མི་འདྲ་བ་ཐོབ་སྲིད། དེའང་རྩ་དྲི་ཞིམ་དང་མཚུངས་ལ། དྲི་ཞིམ་གྱི་རྩ་དེ་ཇི་ཙམ་ཕྱེ་མར་བརྫིས་ན་དེ་ཙམ་གྱི་དྲི་མ་ཞིམ་པའམ་ངར་བའི་དོན་དང་མཚུངས་སོ། རྒྱུ་ནོར་དཔལ་འབྱོར་གོང་ན་མཐོ་བར་བརྩི་བའི་དེང་གི་འཇིག་རྟེན་འདིར་མིའི་ཚེ་སྲོག་ནི་ངོ་མ་སྡུག་ངལ་གྱི་རང་བཞིན་ཞིག་རེད། ཁྱོད་འཇིག་རྟེན་དང་འགྲན་འདོད་མེད་པའི་མི་དྲང་བདེན་ཞིག་བྱ་བསམ་ཡང་གཞན་གྱིས་ཁྱོད་བེད་སྤྱོད་གཏོང་བ་དང་ཁྱོད་ལ་མཐོང་ཆུང་བྱེད། ཁྱོད་རང་ལ་ཅུང་ཤེས་བྱ་དང་མཛེས་ཉམས་འདྲ་ཡོད་ན་གཞན་གྱིས་ཕྲག་དོགས་དང་རྒྱ་ཡན་གཏོང་སྲིད། ཁྱོད་ཀྱིས་བག་འཕེལ་ངང་ནས་གཞན་ལ་གུ་ཡངས་སྤྲོད་ན་གཞན་གྱིས་ཁྱོད་ལ་བཙན་གནོན་དང་སྡུག་གྱོང་སྤྲོད་སྲིད། གལ་ཏེ་ཁྱོད་རང་འཇིག་རྟེན་ནས་ཅིའང་རྩོད་མི་འདོད་ན་འཇིག་རྟེན་འདིར་རེ་བ་གང་ཡང་བཅང་རྒྱུ་མེད། དུས་མཚུངས་སུ་སོ་སོའི་དོན་དངོས་ཀྱི་ནུས་ཤུགས་གསོག་ཉར་གྱིས་འཐབ་རྩོད་བྱེད་པར་གྲ་བསྒྲིག་དགོས། ཁྱོད་གཞན་དང་ཞི་བདེའི་ངང་མཉམ་གནས་དགོས་ན་ཐོག་མར་གཞན་དང་འགྲོག་འབྲེལ་བྱེད་དགོས་པ་མ་ཟད། ད་དུང་ག་དུས་ཡིན་ཡང་གཞན་ཕྱོགས་ནས་གྱོང་རྒུད་འཁྱེར་བར་གྲ་བསྒྲིག་བྱེད་དགོས། དེ་བས་སོ་སོ་དམན་སར་བཟུང་མཁན་ཁོ་ནས་འཇིག་རྟེན་འདིའི་གནས་སྟངས་དངོས་དེ་མཐོང་བའི་གོ་སྐབས་ཡོད། མི་ཞིག་མཐོ་སར་འཛེགས་བསམ་ན་ཁྱོད་རང་སར་ལྷུང་བར་ཞེད་སྣང་བྱེད་རྒྱུ་མེད། དེ་བཞིན་གཞན་གྱིས་རྒྱ་ཡན་གཏོང་བ་ལའང་སྐྲག་མི་དགོས་པར་དྭངས་གཙང་ལ་འགན་སྲུང་དང་རང་བཞིན་ལྷུན་འགྲུབ་ཅིག་གི་འོག་ཏུ་བློ་གཅིག་སེམས་གཅིག་གིས་སོ་སོའི་ནུས་པའི་ལས་དོན་ལེགས་གྲུབ་བྱ་ཐུབ།

གང་ཟག་འགའ་རེ་མུ་མཐུད་ཡར་རྒྱས་འགྲོ་བཞིན་པ་དེ་ལ་ངེས་པར་དུ་རྒྱུན་མཐུད་ཐུབ་པའི་ནུས་ཤུགས་ཤིག་ཡོད་ངེས་ཡིན། དཔེ་དེབ་བཀླགས་ཅིང་ནུས་པ་བཏོན་ཐུབ་ཅིང༌། བཀླགས་ཐུབ་ཅིང་ཟིན་ཐོའང་བཀོད་ཐུབ་དགོས། ཡར་རྒྱས་འགྲོ་བར་རྒྱུ་རྐྱེན་ངེས་པར་ཡོད་དེ། རྒྱབ་ལྗོངས་ཀྱི་ཧུར་བརྩོན་དང་ཕུངས་བསགས་བྱས་པ་དེ་དག་སྤྱི་བཏང་བའི་གང་ཟག་ལས་ལྡབ་འགྱུར་གྱི་མང་བ་ཡོད་ངེས་རེད། དེར་བརྟེན། གནད་འགག་ཆེ་ཤོས་དེ་ནི་གཙོ་བོ་སོ་སོར་རག་ལུས་ཡོད་པ་རེད།

ང་ཚོ་དེ་སྔོན་ལས་དབང་གི་རྦ་རླབས་ལ་རེ་བ་བཅང་མྱོང་ཞིང་མཐའ་མཇུག་ཏུ་སླེབས་དུས་མི་ཚེའི་ནང་ཆེས་མཛེས་སྡུག་གི་ཡུལ་ལྗོངས་དེ་ནི་སོ་སོའི་སེམས་ནང་གི་བག་ལྷོད་དང་ཁོག་རྒྱ་དེ་ཡིན་པ་ཤེས་་་ང་ཚོས་དེ་སྔོན་འདི་ལྟར་མི་གཞན་གྱིས་ངོས་ལེན་ཡོང་ཐབས་ལ་རེ་བ་འཆང་མྱོང་བ་རེད་ཨང༌། འོན་ཀྱང་མཇུག་ཏུ་སླེབས་དུས་འཇིག་རྟེན་ནི་སོ་སོའི་ཡིན་པ་ལས་མི་གཞན་དང་འབྲེལ་བ་སྤུ་ཙམ་མེད་པ་གཞི་ནས་ཤེས་པ་དེ་ཡིན།

དཀོན་མཆོག་གིས་བདེ་སྐྱིད་ཡོངས་རྫོགས་གང་ཟག་ཅིག་ཐོག་སྤུངས་མི་སྲིད། བརྩེ་དུང་ཐོབ་པ་ཙམ་གྱིས་བདེ་བ་ཐོབ་པར་མི་ཁྱབ། དགའ་སྤྲོ་ཐོབ་པཙམ་གྱིས་བདེ་ཐང་ཐོབ་པར་མི་ཁྱབ། བདེ་ཐང་ཐོབ་པ་ཙམ་གྱིས་ཅི་བསམ་ལྷུན་འགྲུབ་ཀྱང་ཡོང་མི་སྲིད། འདོད་ཆུང་ཆོག་ཤེས་ཀྱི་སེམས་ཁམས་སམ་བློ་གྲོས་ཤིག་སྦྱོར་བརྡར་བྱེད་དེ་སེམས་ཁམས་གཙང་མ་ཡོང་ཐབས་ནི་ཐབས་ལམ་ཡག་ཤོས་དེ་རེད། བདེ་སྐྱིད་ཀྱི་ལོངས་སྤྱོད་ཡོངས་རྫོགས་སེམས་ཁམས་ནས་ཡོང་དགོས། བདེ་བ་དེ་འདྲ་བ་ཞིག་གིས་བཟོད་སྒོམ་ནི་ལོངས་སྤྱོད་ཅིག་ཏུ་བསྒྱུར་ཐུབ་ལ། དེ་ནི་ནང་སེམས་ཀྱིས་ཕྱིའི་ལོངས་སྤྱོད་ལས་རྒྱལ་ཐུབ་པ་ཞིག་རེད། དེ་ནི་མི་ཚེའི་ནང་གི་མཚན་ཉིན་རིག་པ་དེའོ།

ཟླ་བ་ཁ་གང་རྗེས་ཉམས་རྒྱུ་དང༌། ཆུ་ཡིས་ཁེངས་ན་ཕྱིར་ལུད་ངེས། བརྩེ་དུང་ཡང་འདྀའི་ཚད་དུ་སླེབས་ན་འགྲིག་པ་རེད། ངས་དེ་དག་ཕྱིར་ལུད་བཅུག་འདོད་མེད། ་་་

ཁྱོད་ཀྱི་གནད་དོན་དེ་ནི་དཔེ་དེབ་བཀླགས་ཉུང་ཞིང་དྲན་རྒྱུ་མང་དྲག་པ་དེ་ཡིན།

ང་རང་སུ་ལའང་འགྲན་རྩོད་བྱེད་ཀྱི་མེད། ང་སུ་དང་འགྲན་ནའང་ཧ་ལས་ཀྱི་མེད། ལས་སྟབས་བདེའི་འཚོ་བ། སྤུས་ཚད་མཐོ་བའི་བླ་སྲོག དེ་ནི་ཆེས་ཚད་མཐོན་པོའི་བསམ་བློའི་ཁོར་ཡུག་ཅིག་རེད།

འབྲེལ་ཐག འདིར་བསྣུན།


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -