ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

22.10.2015 06:16:37
གངས་དཀར་སེམས།

འདི་ལྟར་ཕོངས་པ་གསུམ།
༡། གྲགས་ཅན་འཁྲབ་སྟོན་པའི་བླུན་རྨོངས་ཀྱི་གཉེན་སྟོན་མཛད་སྒོ
༢། ཞེ་སྣང་མེད་པའི་ཆཱིང་ཏོའི་འབུ་སྲིན། Prawn
༣། ངོ་ཚ་མེད་པའི་སྣུམ་མཚོན་རི་མོ་བཙོང་སྟངས་བཅས།
རྒྱལ་སྟོན་སྐབས་ཀྱི་དགུང་སེང་སྐབས་ཚན་རིག་པ་ཐཱོའུ་ཡོ་ཡོར་གཟེངས་རྟགས་ཐོབ་པར་དགའ་ཚོར་བྱེད་བཞིན་ཡོད། འོན་ཀྱང་དེ་རྗེས་གནས་ཚུལ་གཞན་གསུམ་གཅིག་རྗེས་གཉིས་མཐུད་ཀྱིས་ཐོན་སྟབས་ངའི་དགའ་སྤྲོ་ཤུལ་མེད་དུ་བཟོས།


 

ཐོག་མའི་སྐབས་སུ་རྩེད་མོའི་ཟོལ་གྱིས་ངས་འཕྲིན་ཐུང་ནང་རྒྱས་སྤྲོས་ཆེན་པོ་བཞི། གྷོ་མེ་མེའི་ཕ་ཚབ། མཱ་ཡུན་གྱི་རི་མོ། ཧཱོང་ཞོ་མིན་གྱི་གཉེན་སྟོན། ཆཱིང་ཏོའི་སུག་ཅན་འབུ་སྲིན། ཞེས་བྲིས་ཡོད། འོན་ཀྱང་འདི་ཙམ་བྲིས་ཚར་རྗེས་གནད་དོན་རྗེས་མ་གསུམ་ངའི་བསམ་བློར་རྒྱུན་མཐུད་ཀྱིས་ཤར་བཞིན་མཐར་ཆུ་རག་ལས་ཤོར་ཏེ་ང་རང་ཁཱོང་ཙིའི་ཡ་རབ་ཀྱིས་གཞན་ལ་བསྟུན་མཁས་ཅེས་པའི་བསླབ་བྱ་དེའང་བརྗེད་དེ་ང་ཁོ་ཁྲོས་འབར་སོང་།

གང་ཡིན་ཟེར་ན་ངས་མཐར་ཧཱོང་ཞོ་མིན་གྱི་གཉེན་སྟོན་དང་ཆཱིང་ཏོའི་འབུ་སྲིན། མཱ་ཡུན་གྱི་རི་མོ་ཞེས་པའི་གནད་དོན་འདི་གསུམ་བྱུང་བ་དེ་སྟབས་འཁེལ་བ་ཙམ་མིན་པར་འདི་དག་ནི་དུས་རབས་ཤིག་གི་རྗེས་ལུས་ཀྱི་རྣམ་པ་མཚོན་ཡོད་པར་ཤེས། དེ་བས་ཚབ་ཆུང་ཙམ་བཤད་ན་གནད་དོན་འདི་གསུམ་གྱིས་ཡ་རབ་ཀུན་སྤྱོད་ནི་ཕོངས་པ་གསུམ་གྱི་གནས་སུ་བསྐྱེལ་ཡོད་པ་འདི་རེད།

ཕོངས་པ་གསུམ་སྟེ། བླུན་རྨོངས། ཞེད་སྣང་མེད་པ། ངོ་ཚ་བྲལ་བ་གསུམ་མོ།

ཧཱོང་ཞོ་མིན་གྱི་གཉེན་སྟོན་ཐོག་ནས་མི་རྣམས་ཀྱིས་༢༠༡༢ ལོར་རྒྱུ་ནོར་ལ་དད་འདུན་རིང་ལུགས་ཀྱི་སྨྱོ་ཧམ་གྱི་རྦ་རླབས་འཕྱུར་སྟངས་དེ་བས་ཤུགས་ཆེ་ཞིང་གནམ་ས་གཡོ་སྟངས་ཤིག་མཐོང་ཡོད་པ་རེད། སྤུས་ཚད་ཤིན་ཏུ་ལེགས་པའི་གཉེན་གོས་སམ་གཟབ་ཆས་དང་། རྒྱུ་ནོར་འབོར་ཆེན་གྱི་ལགས་རྟགས། རྒྱ་ཆེ་བའི་འཁྲབ་སྟོན་པ་གྲགས་ཅན་ཚོའི་སྐུ་མགྲོན་གྱི་རུ་དཔུང་། གནམ་སར་ཁྱབ་པ་ལྟ་བུའི་གསར་འགོད་པས་མཐའ་བསྐོར་སྟངས། རྒྱ་ཆེ་ཞིང་གྲངས་མང་བའི་གཉེན་སྟོན་སྐབས་མནའ་མ་འགྲོ་སའི་ནང་མིའི་ངོས་ནས་དྲ་རྒྱས་པོའི་གནས་སྟངས་བཅས་ཀྱིས་ཕྱུག་པོ་ཞེས་པའི་ཚིག་འདི་བརྒྱ་བསྒྲགས་སྦིར་བསྒྲགས་བྱས་ཏེ་ཧོན་འཐོར་བ་བཟོས།

དེ་བཞིན་གཉེན་སྟེགས་ཐེངས་འདིས་ནང་དོན་ཅི་ཞིག་གསལ་སྟོན་བྱེད་འདོད་པ་ཡིན་ནམ། ནང་དུ་ཁེ་ཕན་བརྩོན་ལེན་ཅན་གྱིས་དེ་ནི་སོ་སོ་ཁྱབ་བསྒྲགས་ཀྱི་སྡེངས་ཆ་ཞིག་ལ་བརྩིས། ཕྱི་ནས་དེས་འཛམ་གླིང་མི་ཚོར་ང་ལ་མིང་དང་གོ་ས་ཡོད། ང་ནི་རང་ཤེད་ཅན་ཞིག་ཡིན། ཞེས་པའི་བསྒྲགས་གཏམ་དེ་སྤེལ་བ་རེད། ཧཱོང་ཞོ་མིན་གྱི་སོ་སོའི་སྤྱི་ཚོགས་ཐོག་གི་གྲགས་ཅན་མི་སྣའི་རྣམ་པ་དེ་གཏིང་བརྗེད་ཀྱིས་འུར་བསྒྲགས་ཁོ་ནར་བྱེད་འདོད་པ་དང་། དེ་མིན་གསར་ལམ་ཁག་ནས་ཀྱང་སོ་སོའི་ངོས་ནས་སྤྱི་ཚོགས་ཀྱི་འགན་དེའང་བརྗེད་དེ་མི་རྣམས་ཀྱི་མཐོང་ཕྱོགས་འགུག་ཐབས་ཁོ་ནར་བྱས་པ་རེད། དེ་མིན་ཝཱང་སི་མིན་གྱིས་ཁོའི་སྐད་འཕྲིན་ནང་གི་སྐད་ཆ་དེ་དག་བརྗེད་དེ་སྒེར་གྱི་རྩེད་མོ་དེ་དག་དྲིལ་བསྒྲགས་བྱེད་འདོད་ཁོ་ནའོ། ལྟད་མོ་ལྟ་མཁན་རྣམས་ཀྱིས་ཀྱང་སོ་སོའི་གནས་སྟངས་སམ་ཁོར་ཡུག་བརྗེད་ཟིན་ཏེ་མ་འོངས་པའི་ཉིན་ཞིག་སོ་སོའང་ཁོ་ཚོ་ནང་བཞིན་ཡོང་བའི་རེ་བ་འཆང་གི་ཡོད།

ཧྥན་པིན་པིན་གྱིས་ཐོག་མའི་དུས་སུ་སྒོར་ཁྲི་བརྒྱ་ཕྲག་གི་ལག་རྟགས་སྤྲད་དེ་བྱིས་པའི་རྩེད་མོ་ལྟར་བྱས་སོང་། ད་ནི་ང་ཚོར་རེ་བ་ཅི་ཞིག་ཡོད་དམ། ང་ཚོས་གྲགས་ཅན་གྱི་མི་སྣ་འདི་ལྟ་བུ་ཚོས་བརྙེན་འཕྲིན་ཐོག་ཏུ་ཡ་རབ་བཟང་སྤྱོད་སྣེ་འཁྲིད་བྱ་བཅུག་གི་ཡིན་ནམ། ཁོ་ཚོས་སོ་སོའི་ཕྱུག་པོའི་གནས་སྟངས་ལ་འུར་བརྗོད་དང་རྒྱུ་ནོར་ལོངས་སྤྱོད་ལ་དད་འདུན་བཅང་སྟངས་ནི་དོན་དངོས་ཐོག་རུལ་སུངས་ཤིག་ཡིན་པ་ཤེས་ཀྱི་མེད། དེ་ནི་བླུན་རྨོངས་ཤིག་མིན་ན་ག་རེ་རེད། ཟ་ཁང་ཞིག་གི་སྦྱིན་བདག་གིས་ཆཱིང་ཏོ་ཁུལ་གྱི་འབུ་སྲིན་ཆེན་པོ་འགའི་སྡེ་མ་འགའ་ཡིས་དུས་ཡུན་ནང་མགྲོན་པོ་བསུ་ཞེས་པའི་ཧྲན་ཏུང་ཟ་ཁང་གཉའ་འོག་གནོན་ཏེ་མགྲོན་པོ་ཏག་ཏག་བཟོ་ཐུབ་པའི་ཆཱིང་ཏོའི་རྣམ་པ་གསར་པ་ཞིག་བསྐྲུན། ཁོས་མགྲོན་པོས་རྙོག་དྲ་བཟོ་བར་མི་སྐྲག་ཅིང་། ཅ་དངོས་བེད་སྤྱོད་བྱེད་མཁན་གྱི་མཐུན་ཚོགས་ཀྱི་ཐག་གཅོད་བྱེད་པ་དང་། འབྲེལ་ཡོད་སྡེ་ཚན་བཅས་ཀྱི་དོ་དམ་ལའང་འཇིགས་སྣང་མི་བྱེད། དོན་དངོས་ཐོག་ཁོ་ལ་མཚོན་ན་དེའང་སྐྲག་དགོས་པའི་གནས་ཚུལ་ཞིག་མ་རེད། གང་ཡིན་ཟེར་ན་ས་ཁུལ་སྲིད་གཞུང་གིས་ཀྱང་ལོ་ཤེས་སྔོན་དུ་ཟ་ཁང་སྔོན་དེ་ཁྱབ་བསྒྲགས་ཆེད་དུ་མི་མང་རྣམས་ཀྱི་དངུལ་སྒོར་ཇི་ཙམ་བེད་སྤྱོད་བྱས་མིན་ལ་རྩིས་བསྐོར་མྱོངས་མེད་ལ་ཞེད་སྣང་ཡང་མེད། དེ་བས་ཁོ་ཚོས་ད་ལྟའི་གནས་སྟངས་འདིས་ཐོ་འགོད་མེད་པའི་དཔལ་འབྱོར་ཇི་ཙམ་ཉམས་ཆག་འགྲོ་མིན་སྐོར་ལའང་རྩིས་བསྐོར་མྱོངས་མེད་པར་དེར་སྒོར་མོ་ཁྲི་དགུ་ཙམ་ཁོ་ནར་ཉེས་ཆད་བཅད་དེ་བཞག་ཡོད། ངོ་མ་སྐྲག་སྣང་མེད་པ་རང་རེད། དོན་དངོས་ཐོག་སྐྲག་དགོས་པ་ཞིག་ཀྱང་མ་རེད། དེར་བརྟེན་འདི་ནི་འཇིགས་སྐྲག་མེད་པ་ཞིག་རེད་ཟེར་ཆོག

 

བླུན་རྨོངས་དང་། འཇིགས་སྐྲག་མེད་པ་ནས་མཐའ་མཇུག་ཏུ་ངོ་ཚ་མེད་པ་ཞིག་ཡོང་ངེས་རེད། མཱ་ཡུན་གྱི་སྣུམ་མཚོན་རི་མོ་འགྲེམ་སྤེལ་ནི་ངོ་ཚ་མེད་པའི་གནས་ཚུལ་ཞིག་རེད་ཟེར་དགོས་དོན་གང་ཡིན་ཟེར་ན། ཁོའི་སྣུམ་མཚོན་རི་མོ་དེ་ལ་རིན་གོང་ཁྲི་སུམ་སྟོང་བཀོད་པ་དེར་ཁོ་པས་བླ་ན་མེད་པའི་གཟི་བརྗིད་ཅིག་ལ་ཚོར་བཞིན་ཡོད། དེ་བས་ཁོས་ད་དུང་དངུལ་དེ་དག་བེད་སྤྱོད་དེ་དགེ་ལས་སྒྲུབ་བཞིན་པ་རེད། དེ་ནི་དོན་དངོས་ཐོག་མི་རྣམས་ལ། སྒྱུ་རྩལ་ནི་ཅིའང་མ་རེད། ང་རྒྱུས་ལོན་མེད་པའི་མི་ཞིག་གིས་འདྲེ་འདུལ་གྱི་རིས་མོ་ཞིག་བྲིས་ན་དེ་ནི་གྲགས་ཅན་གྱི་རིས་མོ་ཆགས་པ་རེད། ཁྱོད་ཚོ་སྒྱུ་རྩལ་མཁས་དབང་ཟེར་བ་ཅི་ཞིག་རེད་དམ། ཁྱོད་ཚོ་ཅིའང་མ་རེད། ང་ནི་ས་བདག་ཡིན་ཞིང་ངའི་ཅ་དངུས་ཡིན་པའི་རྗེས་རིན་ཐང་ལྡན་པ་ཞིག་ཡིན་ངེས། ཁྱོད་ཚོ་བྱམས་བརྩེའི་ལས་འགུལ་ཆེད་མཁས་རྣམས་ཀྱང་ཅིའང་མ་རེད། ངས་ནུས་པ་ཉུང་ཉུང་ཞིག་བཏོན་པ་ཙམ་གྱིས་ཀྱང་དངུལ་མང་པོ་བཟོ་ཐུབ། དབུལ་ཕོངས་ནི་ཅིའང་མ་རེད། ངས་ལག་པ་གཡུག་ཙམ་གྱིས་ཀྱང་ཁྱོད་རང་དབུལ་ཕོངས་ཀྱི་གནས་ནས་སྐྱོབས་ཐུབ། ཅེས་སོགས་བཤད་བཞིན་པ་དང་མཚུངས་སོ། མཱ་ཡུན་གྱིས་དངུལ་འབོར་ཧོན་འཐོར་བའི་གྲངས་ཀའི་ཐོག་ནས་ཚོང་བསྒྱུར་བྱེད་ཅིང་། དེས་སྒྱུ་རྩལ་བ་རྣམས་ལ་གཉའ་གནོན་དང་། རིས་མོ་མཁས་དབང་རྣམས་ལ་ཟུར་ཟ། བྱམས་སེམས་ཀྱི་དགེ་ལས་ལ་བྱིས་པའི་རྩེད་མོ་བཞིན་བཟོས་ཡོད་པ་རེད། རོགས་རམ་མཁོ་བའི་དབུལ་ཕོངས་རྣམས་ལ་ཟས་ཅུང་ཙམ་སྦྱིན་པ་དེ་ནི་ངོ་ཚ་མེད་པ་མ་རེད་ན་གང་རེད་དམ།

 

གནས་ཚུལ་དེའི་ཉེན་ཁ་རང་བཞིན་ནི་ད་དུང་གནད་དོན་དེ་དག་འབྲེལ་བའི་གང་ཟག་ཚང་མས་དེ་ནི་བླུན་རྨོངས་དང་འཇིགས་སྐྲག་མེད་པ། ངོ་ཚ་མེད་པ་ཞིག་ཡིན་པར་ཤེས་རྟོགས་བྱུང་མེད་པ་འདི་རེད། ཁོ་ཚོས་ད་དུང་ཡང་ཕོངས་པ་གསུམ་འདི་མུ་མཐུད་སྲིད་པ་རེད། ཧཱོང་ཞོ་མིན་རྗེས་སུ་ད་དུང་ཧཱོང་ཞོ་ཡིང་དང་། ཆཱིང་ཏོ་འབུ་སྲིན་རྗེས་སུ་ད་དུང་ལཱན་ཏོ་རུས་སྦལ་ཆེན་མོ་དང་། མཱ་ཡུན་གྱི་སྣུམ་མཚོན་རིས་མོ་རྗེས་སུ་ད་དུང་ཉཱོ་ཡུན་གྱི་སྣུམ་མཚོན་ཡི་གེ་བཅས་སོགས་ཡོད་སྲིད་པ་རེད།

 

གནས་སྟངས་འདི་འདྲར་བརྟེན། ངས་སྐད་ཀྱི་སྐོར་གླེང་བ། ཞེས་པའི་དེབ་དེའི་ནང་མེས་པོ་ཁཱོང་ཙི་ཁོང་ཁྲོ་མེ་ལྟར་འབར་བཞིན་སྤྱིར་ན་བཟོད་སྒོམ་དགོས་པ་བདེན་ཡང་། འདི་འདྲ་ལ་བཟོད་ཐབས་མེད། ཅེས་གསུངས་དགོས་པའི་རྒྱུ་མཚན་ནམ་དོན་དེ་ཧ་གོ་སོང་ངོ་།

འབྲེལ་ཐག

 

 

 

 

 

http://tuyang.bokee.com/method/visitor/article/2599272/12627/1


  གངས་དཀར་སེམས།
 

22.10.2015 09:29:34


 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -