ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

14.09.2015 02:04:16
གངས་དཀར་སེམས།

སྤུས་ཚད་ལྡན་པའི་སྒོ་ནས་ལས་སུ་འཇུག
ལས་བྱེད་མང་ཆེར་ཉིན་དགུང་ངལ་གསོའི་དུས་ཚོད་མེད་ཅིང༌། ཉིན་དགུང་ཟས་དུས་སྐབས་ཀྱང་ཟང་ངེ་ཟིང་ངེ་ལྟར་རེད། ཆེས་གསར་ཐོན་ཞིབ་འཇུག་གི་གྲུབ་དོན་ལྟར་ན། གལ་ཏེ་ལས་ཀ་དང་ངལ་གསོ་ཟུང་འབྲེལ་མེད་པའམ། ཡང་ན་དེར་ཐབས་ཤེས་ཡག་པོ་མ་སྤྱོད་ན་བྱ་བའི་གྲུབ་དོན་ལ་སྤུས་ཚད་ཞན་ཞིང་ལས་དོན་དུ་འཇུག་པའི་སྤྲོ་བའམ་ཉམས་ཆགས་འགྲོ་སྲིད་པར་མངོན་འདུག



ཨ་རིའི་པཱེ་ལོ་སློབ་ཆེན་Baylor University
གྱི་ཞིབ་འཇུག་པ་གཉིས་ཀྱིས་ལས་བྱེད་ ༩༥ ལ་གཟའ་འཁོར་གཅིག་གི་ཉིན་དགུང་ངལ་སོའི་གནས་སྟངས་སྤྱི་ལ་ཞིབ་འཇུག་དང་ཐོ་འགོད་བྱས་པའི་ནང་ཕལ་ཆེར་མི་རེས་ཉིན་རེར་འཐུས་ཚང་གི་ངལ་གསོ་ཐེངས་གཉིས་ཙམ་བྱེད་ཀྱི་ཡོད་པར་གསལ། ངལ་གསོ་དེ་དག་ནི་ལས་དོན་དང་འབྲེལ་མེད་ཀྱི་གནས་ཚུལ་ལ་གོ་དགོས། དེའི་ནང་གསང་སྤྱོད་དུ་འགྲོ་བའི་དུས་ཚུད་མེད་པ་དང༌། དཔེར་ན་ལས་རོགས་མཉམ་དུ་ཉིན་དགུང་ཟས་མཉམ་ཟ་དང་སྒེར་གྱི་ཡིག་སྒམ་ལ་ལྟ་བའི་དུས་ཚོད་ལྟ་བུའང་ཚུད་མེད། ཞིབ་འཇུག་པའི་ནང་གི་འབུམ་རམས་པ་ཨཱེ་མི་ལི་ཧཱིང་ཐེས་ Emily Hunter མི་ཚོས་སྤྱི་བཏང་གི་ཆ་ནས་ལས་གསེང་དུ་ངལ་གསོ་བར་ངེས་པར་དུ་ཕྱི་ལ་འགྲོ་དགོས་མེད་ཅིང༌། དེ་བས་གཞུང་ལས་ཁང་དང་ཁ་མ་བྲལ་ནའང་འགྲིག་གི་ཡོད་པར་ངོས་འཛིན་བྱེད། འོན་ཀྱང་ཞིབ་འཇུག་གི་གྲུབ་དོན་དེས་རྒྱུན་གཏན་ང་ཚོའི་ལྟ་སྟངས་དེ་དང་གལ་བ་ཡོད་པར་གསལ་འདུག

ལས་ཀ་བྱེད་དུས་ངལ་གསོ་སྟངས་ཡག་ཤོས་གསུམ།

དང་པོ། ཞོགས་པའི་ངལ་གསོ།

གོང་གསལ་བཅའ་འདྲིར་དང་ལེན་བྱེད་མཁན་མང་ཆེར་ནི་ཞོགས་པར་ལས་ཀ་འགོ་བརྩམས་ཤིང༌། དེ་ནས་ཉིན་དགུང་རྒྱབ་ལ་ངལ་ཐེངས་རེར་གསོ་བ་ཡིན། འོན་ཀྱང་ཞིབ་འཇུག་གི་གྲུབ་དོན་དེའི་ནང་ཉིན་གཅིག་ལ་ངལ་གསོ་ཅི་ཙམ་ཕྱི་དྲག་ན་དེ་ཙམ་གྱིས་རིག་པ་རྩེ་གཅིག་ཏུ་གཏོང་མི་ཐུབ་པ་དང༌། ཡང་ན་ངལ་དུབ་དང་མགོ་ན་བ་བཅས་ཡོང་གི་ཡོད་འདུག

དོན་དངོས་ཐོག་ལས་ཡུན་རིང་གི་ངལ་གསོའི་དུས་ཚོད་ཡག་ཤོས་ནི་ཞོགས་པའི་དུས་སུ་ངལ་དུབ་མེད་པའི་དུས་དེ་ཡིན། སྔ་ཙམ་ངལ་གསོ་བའི་མི་ཚོས་ལུས་ཀྱི་ནུས་ཚད་སླ

ར་གསོ་ཐུབ་ཅིང༌། རིག་པ་རྩེ་གཅིག་ཏུ་གཏད་པའམ་འགུལ་ཤུགས་བཅས་ཀྱི་ངོས་བཟུང་པའི་མ་རྩ་སླར་གསོ་ཐུབ་པ་ཡིན།

གཉིས་པ། དུས་ཡུན་ནང་ཐེངས་འགར་ངལ་གསོ་བ།
དུས་གཅིག་ཏུ་ངལ་གསོ་རྒྱུན་རིང་ཙམ་བྱེད་པའམ། ངལ་གསོའི་དུས་ཚོད་ཉུང་བའི་དབར་བསྡུར་ན། དུས་ཡུན་ངལ་གསོ་ཞིང་ཐེངས་མང་ཙམ་ངལ་གསོ་བའི་དབར་རྗེས་མས་བྱ་བ་སྒྲུབ་པའི་སྤུས་ཚད་དེ་མཐོར་འདེགས་ཐུབ་པ་དང༌། ངལ་དུབ་ཀྱང་འགོག་ཐུབ། དེ་མིན་འབྲེལ་ཡོད་ཞིབ་འཇུག་གི་གྲུབ་དོན་གཞན་ལྟར་ན་སྐར་མ་ལྔ་ཙམ་ངལ་གསོས་ན་ནུས་ཚད་དང་ལས་ཀའི་སྤུས་ཚད་མཐོར་འདེགས་ཐུབ་པའང་གསལ་ཡོད། དེའང་ཧ་ཅང་ངལ་དུབ་རྗེས་གཞི་ནས་ངལ་གསོ་བ་དེ་ནི་མི་ལེགས་ཚུལ་བཤད་ཡོད་པ་རེད།

གསུམ་པ། ངལ་གསོ་སྐབས་སྤྲོ་སྣང་གི་བྱ་བ་བྱེད་པ།
ཡག་ཤོས་འབྱུང་ན་ངལ་གསོའི་དུས་སུ་བྱ་བ་མི་འདྲ་བ་གཞན་བྱེད་ན་སོ་སོའི་རིག་པ་གཙོ་འདོན་དང༌། སྐྱིད་སྣང་ཚོར་བ། དེ་བཞིན་རིག་པ་དང་ལུས་ཀྱི་ནུས་ཤུགས་ཀྱང་ཡལ་དུ་མེད་པ་བཅས་ཡོང་ཐུབ། ངལ་གསོའི་སྐབས་སུ་གཞུང་ལས་ཁང་དང་ཡང་ན་བུ་ལོན་གསབ་ཏུ་འགྲོ་ས་བཅས་སར་མ་འགྲོ་ན་ལེགས། གང་ཡིན་ཟེར་ན་ས་ཆ་དེར་ངལ་གསོ་ཐེབས་མི་ཐུབ་པས་སོ།

(ལག་བསྟར་རྩོམ་སྒྲིག་པ། ལཱིང་ཡན།林妍)
མ་རྩོམ་འབྲེལ་ཐག
- See more at: http://www.epochtimes.com/gb/15/9/12/n4526201.htm#sthash.4zF8IYUp.dpuf

ལུས་ལ་ཆེས་གནོད་པའི་བྱེད་སྟངས་བཞི།

༡། ཟས་རྗེས་ཐ་མག་འཐེན་པ།
ཐ་མག་ཁར་དགའ་བའི་མང་ཆེར་ཟས་རྗེས་དུ་བ་འཐེན་རྒྱུའི་གོམ་གཤིས་ཤིག་ཡོད་པ་དེར། རྒྱ་མི་ཚོས། ཟས་རྗེས་ཐ་མག་ཁ། འཚོ་བ་ལྷ་ལས་ལྷག ཅེས་བཤད་སྲོལ་ཡོད། འོན་ཀྱང་ཟས་རྗེས་ཐ་མག་འཐཻན་པ་དེ་རྒྱུན་དུ་དུ་བ་འཐེན་པ་ལས་གནོན་འཚེ་ལྡབ་བཅུ་འཕར་གྱི་ཡོད། དེའང་ཟས་རྗེས་ཕོར་བའི་ཟས་ཞུ་བའི་ཁྱོན་ཡོངས་ནས་འགུལ་སྤྱོད་རྩོམ་ཞིང་ཕོར་རྒྱུའི་གཡོ་འགུལ་ཤུགས་ཆེ་འགྲོ་ཞིང༌། ཁྲག་འཁོར་རྒྱུག་མྱུར་བ། ལུས་ཡོངས་ཀྱི་སྤུའི་ཉག་མའི་ཁ་ཕྱེ་བའི་དུས་ཡིན་སྟབས། སྐབས་དེར་དུ་བ་འཐེན་ན་གློ་བ་དང་ལུས་ཡོངས་ཀྱིས་དུ་བའི་གནོད་འཚེ་འཇིབ་ཤུགས་ཆེ་རུ་འགྲོ་བའི་དུས་དང༌། དུ་བའི་ནང་གི་གནོད་རྫས་ཀྱིས་དབུགས་ཀྱི་རྒྱུ་ལམ་དང་ཟས་ཞུ་བའི་ལམ་ལ་གནོད་འཚེ་བཟོ་བཞིན་ཡོད་པར་བརྟེན། གལ་ཏེ་དུ་བ་འཐེན་རྒྱུར་དབྱིངས་ཞུགས་ཚར་བ་ཚོས་ཟས་རྗེས་ཆུ་ཚོད་ཕྱེད་ཙམ་རྗེས་སུ་འཐེན་ན་ཅུང་ལེགས་ཅིང༌། དེའང་མི་མང་འདུས་སར་མ་འཐེན་ན་ཡག

༢། ཟས་རྗེས་ཇ་གར་མོ་མ་འཐུང༌།
མང་པོས་ཟས་རྗེས་ཇ་ག་མོ་འཐུང་ན་ཟས་ཞུ་བར་ཕན་གྱི་ཡོད་ཅིང་དེའང་ལྐོམ་གདུང་ཡང་སེལ་ཐུབ་པར་འདོད། འོན་ཀྱང་ཟས་རྗེས་ཇ་འཐུང་ན་ཇ་ལོའི་ནང་གི་རྫས་དང་ཟས་ནང་གི་ལྕགས་རྫས། བཅུད་ལྡན་བཅས་མཉམ་དུ་འགུལ་ཤུགས་སླེབས་ཏེ་མིའི་ལུས་པོས་གོང་གསལ་རྫས་དེ་དག་འཇུ་བར་གནོད། དུས་མཚུངས་སུ་གྲོད་པ་སྟོང་པའི་སྐབས་ཇ་འཐུང་ན་ལུས་པོར་གནོད། གལ་ཏེ་ཇ་འཐུང་རྒྱུར་དགའ་ན་ཟས་རྗེས་ཆུ་ཚོད་ཕྱེད་ནས་འཐུང་ན་འགྲིག དུས་མཚུངས་ཇ་གར་མོ་ཧ་ཅང་མང་པོ་འཐུང་ན་མི་ལེགས། དེས་ཕོར་བ་མི་བདེ་བ་བཟོ་ཞིང་གཉིད་ཁུག་པར་གནོད་སྐྱོན་བཟོ་གི་ཡོད།

༣། ཟས་མགྱོགས་པོ་ཟ་མི་རིག
མང་པོས་ཟས་མང་པོ་དང་མགྱོགས་པོ་ཟོས་ན་བློ་ཚིམ་པར་འདོད། དོན་དངོས་ཐོག་དེའི་གནོད་འཚེ་ཧ་ཅང་ཆེ། ཉི་ཧོང་ཏཱ་པན་སློབ་ཆེན་གྱིས་ཞིབ་འཇུག་བྱས་པ་ལྟར་ན་དེ་འདྲ་བྱས་ན་ལུས་པོ་ལྡབ་འགའ་ཤེས་རྒྱག་ཏུ་འགྲོ་བར་བཤད། ཡང་ཨ་རིའི་ནཱན་ཁ་ལོ་སློབ་ཆེན་South Carolinaགྱི་ཞིབ་འཇུག་པས་ཟས་ཞིབ་ཏུ་མ་ཟོས་ན་ཕོར་བར་དཀའ་ལས་འཐོལ་པ་སྤྲོད་ཀྱི་ཡོད་པར་བཤད། ཟས་མགྱོགས་པོར་ཟོས་ན་ཟས་རྒྱུ་སར་གནོད་སྐྱོན་བཟོ་བ་མ་ཟད། ཟས་ཞུ་ས་འགུལ་སྤྱོད་ལའང་འཁྲུག་ཆ་སྟེར་ཞིང༌། དེས་ཆབ་ཆེན་མ་བབས་པ་དང་ཤ་རྒྱག་ཏུ་འགྲོ་བ། ཁྲག་ཤེད་མཐོང་ཞིང་མངར་མོའི་ནད་པར་ན་ཚ་ལྗིད་དུ་འགྲོ་བ་བཅས་ཡོང་གི་ཡོད་པར་བརྟེན། ཟས་ཟ་ཐེངས་རེར་སྐར་མ་བཅོ་ལྔ་ཙམ་དགོས་ཤིང༌། ཟས་ཁམ་གང་ལ་སོ་ཐེངས་ཉི་ཤུ་ལྷག་རྒྱག་དགོས་པར་འདོད། བྲེལ་བ་ཆེ་བའི་གྲོགས་པོ་ཚོས་ཟས་ལྷོད་ལྷོད་ཟ་ན་དགའ་གི་རེད།

༤། མ་སྐོམ་ན་ཆུ་མི་འཐུང་བ་མ་བྱེད།
གནས་སྟངས་འདི་འདྲ་ནི་གཞིན་ནུ་ཚོའི་གྲལ་དུ་མང་པོ་རེད། ཁོ་ཚོས་ཆུ་འཐུང་བ་ནི་རྙོང་དྲ་ཅན་གྱི་བྱ་བ་ཞིག་ལ་འདོད་ཅིང༌། གལ་ཏེ་ཁ་མ་ལྐོམ་ན་སྤྱི་བཏང་གི་ཆ་ནས་ཆུ་འཐུང་བའི་ལུགས་སྲོལ་མེད། འིན་ཀྱང་ཆུ་འཐུང་བ་དེ་ལྐོམ་གདུང་སེལ་བ་ཁོ་ནའི་ཆེད་དུ་མིན། དེས་ལུས་པོའི་དྭངས་རྙིང་འབྱེད་པའི་ཆེད་དུའང་ཡིན་པ་རེད། དེ་བཞིན་དུས་ཐོག་གཟུགས་པོར་ཆུ་ཁ་གསབ་མ་བྱས་ཚེ་དེ་རྗེས་ཆུ་འཐུང་འདོད་མེད་པ་འགྲོ་རྒྱུ་ཡིན་པས་ལུས་ལ་གནོད། གལ་ཏེ་ཆུ་མ་འཐུང་ན་གཅིན་པ་ཉུང་དུ་འགྲོ་བས་གཅིག་ལྒང་ལ་རྡོ་ཆགས་པ་བཅས་ཀྱི་ན་ཚའང་སླེབས་སྲིད་སྟབས་བྲེལ་བ་ཇི་ཙམ་ཆེའང་ཆུ་འཐུང་རྒྱུ་མ་བརྗེད།

 


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -