ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

01.09.2015 02:03:49
གངས་དཀར་སེམས།

སྔོན་གླེང་།སྐྱེས་པ་ཞིག་ཡིན་པའི་ངོས་ནས་ཁྱོད་རང་ལ་དགའ་བཞིན་པའི་བུད་མེད་དེའི་ལེགས་སྐྱེས་ཕུལ་བའི་འདུ་ཤེས་ལ་དོགས་པ་མ་བྱེད་རོགས། མོས་ཁྱོད་ཀྱི་ཆེད་དུ་སྡུག་ངལ་ལ་བཟོད་ཐུབ་ཅིང་། ཁྱོད་ཀྱི་ཆེད་དུ་ཚེ་སྲོག་ཀྱང་དོར་ཕོད། དེ་བས་ཁྱོད་ཀྱི་ཆེད་དུ་མོའི་ཕ་མར་ངོའང་ལོག་སྲིད། འོན་ཀྱང་བུད་མེད་ཀྱང་སེམས་སྐྱོ་བར་བཟོད་མི་ཐུབ། མོ་རང་ལ་ཁྱོད་མཁོ་བའི་དུས་མོའི་འཁྲིས་སུ་སླེབས་ཐུབ་དགོས། གལ་ཏེ་མོ་ལ་རེ་བ་སྟོང་ཟད་མང་པོ་སྤྲད་ན་མོ་རང་ཐེ་ཚོམ་ཙམ་མེད་པར་ཁྱོད་དང་ཁ་བྲལ་སྲིད། གཤམ་གྱི་དུས་དྲུག་སྐྱེས་པ་ཚོས་ཡིད་ལ་ཟུངས་ཤིག


༡། མི་རྣམས་ན་ཚས་མནར་ཞིང་མགོན་མེད་སྐྱབས་མེད་ཀྱི་དུས་ནི་ཉམས་ཞན་པའི་སྐབས་ཡིན།

ན་ཚས་ལུས་པོར་མནར་སྟངས་ཕུད་སེམས་ལའང་མནར་གཅོད་གཏོང་ཞིང་། བསམ་བློའང་འདྲ་མིན་འཁོར་སྲིད། སྐབས་དེར་བུད་མེད་ལ་རོགས་པ་དང་གཅེས་སྐྱོང་མཁོ། དམིགས་བསལ་དུ་མོའི་བརྩེ་ཆེན་གྱི་མི་དེ་འཁྲིས་སུ་ཡོད་དགོས། བུད་མེད་མང་པོ་དེ་བས་ན་ཚ་ཕོག་སྐབས་སྐྱེས་པས་གཡོག་བྱ་ཡོད་མེད་ནི་མོ་ལ་བརྩེ་དུང་བཅང་ཡོད་མེད་ཀྱི་གལ་ཆེའི་དམིགས་ཚད་ཅིག་ལ་ངོས་བཟུང་གི་ཡོད། སྐྱེས་པ་ཚོས་བུད་མེད་ལ་རོགས་པ་བྱེད་སྐབས་དོ་སྣང་འགའ་་བྱེད་དགོས་ཏེ། ཁྱོད་ཀྱིས་བྱ་བ་དེ་འདྲ་བྱས་པར་ཕ་རོལ་པོས་དྲིན་གསབ་ཡོང་ཐབས་བྱེད་རྒྱུ་མེད། གང་ཡིན་ཟེར་ན། བུད་མེད་ཀྱིས་དེ་་ནི་ཁྱོད་ཀྱིས་བྱེད་དགོས་པའི་བྱ་བ་ཞིག་ལ་ངོས་འཛིན་པས་རེད།

མོ་ལ་རྫོགས་རྒྱུ་མེད་པའི་སྐད་ཆ་མ་ཤོད། དུས་ཚོད་་མང་ཆེའི་ནང་ནད་པར་ལྷིང་འཇགས་དགོས། ཁྱོད་རང་བུད་མེད་འཁྲིས་སུ་ཁུ་སིམ་སིམ་གྱིས་སྟེར་བཟོ་ཅན་གྱི་སྐྱེས་པ་ཞིག་བྱེད་ན་དེ་གས་འགྲིག དེ་བཞིན་སྐབས་དེར་མོ་ལ་ཤིང་ཏོག་དང་མེ་ཏོག ཟས་བཅས་ཉོས་ན་འགྲིག

ཡིན་ཡང་བུད་མེད་ན་བཞིན་པའི་སྐབས་སྐྱེས་པས་ལག་འགུལ་ཏེ་ཟས་བཟོ་རོགས་བྱེད་ན་བུད་མེད་ཀྱིས་ཁྱོད་ལ་བཀའ་དྲིན་སྔར་བ་ཆེ་བ་བསམ་སྲིད་པ་རེད།

 

༢། སུན་སྣང་དང་སེམས་སྐྱོ་བའི་སྐབས།

དུས་དེར་སྐྱེས་པ་འཁྲིས་སུ་མེད་ཅིང་། ཡང་ན་ལུགས་མཐུན་གྱིས་ལས་ཀ་བྱེད་དུས་བུད་མེད་ཀྱིས་ཁྱོད་ལ་དོན་མེད་ཀྱི་ཁ་པར་སླེབས་སྲིད། དེ་ནི་བུད་མེད་སུན་སྣང་སྐྱེ་བཞིན་ཁྱོད་རང་དྲན་བཞིན་པ་མཚོན་ཐུབ། སྐབས་དེར་སྐྱེས་པ་ལས་བྲེལ་ཆེ་བའི་སྐབས་ཡིན་སྲིད་ཀྱང་བུད་མེད་དེའི་ཁ་པར་མ་ལེན་པ་བྱེད་མི་ཉེན། ཉུང་མཐའ་ཡང་ཁ་པར་ལེན་ནས་སྙིང་སྡུག་ལགས། ང་ད་ལྟ་ལས་བྲེལ་ཆེ། ཏོག་ཙམ་རྗེས་སུ་ཁྱོད་ལ་ཁ་པར་ཕར་གཏོང་ཡོང་། ཞེས་བཤད་དགོས།

དེ་མིན་སྐྱེས་པ་དུས་ཁོམ་སྐབས་རྒྱུན་དུ་བུད་མེད་ལ་ཁ་པར་གཏོང་ཞིང་། དོན་དག་ཡོད་དུས་ལས་རྒྱུན་དུ་ཁ་པར་མི་གཏོང་བ་རྩ་བ་ནས་བྱེད་མི་ཉེན། ཁ་པར་གཏོང་བ་དེའི་དོན་སྙིང་ནི་དོན་དག་ག་གེ་མོ་གསལ་བརྗོད་ཙམ་དུ་མིན་པར་ཕ་རོལ་པོས་ཁྱོད་དྲན་བཞིན་པའི་བརྡ་གཏོང་ཆེད་ཀྱང་ཡིན། སྐྱེས་པས་རང་འགུལ་གྱིས་བུད་མེད་ལ་ཁ་པར་མ་གཏོང་། བུད་མེད་ཀྱིས་ཁྱོད་ལ་ཁ་པར་སླེབས་དུས་རྒྱུན་དུ་ཉོབ་སྣང་གི་རྣམ་འགྱུར་ཡང་མ་བཏོན། དེ་འདྲ་བྱས་ཚེ་མོའི་ཁ་པར་ཉན་འདོད་ཡོད་མཁན་གཞན་ཞིག་ལ་ཁ་པར་གཏོང་སྲིད་པ་རེད།

 

༣། སེམས་སྡུག་ཧ་ཅང་ཆེ་བའི་སྐབས་མིའི་མི་ཚེར་དགའ་སྐྱོ་ཆགས་སྡང་གི་ཚོར་བ་ཞིག་ཡོད་ངེས།

དམིགས་བསལ་དུ་འཚོ་བར་བར་ཆད་འབྱུང་དུས་སྙིང་གས་པ་ལྟ་བུའང་ཡོང་སྲིད། སྐབས་དེར་རོགས་མེད་ཁེར་རྐྱང་ཡིན་པ་ཕུད་བསམ་བློ་འདྲ་མིན་ཡང་འཁོར་སྲིད་པར་བརྟེན། བུད་མེད་ཀྱིས་ཐོག་དང་པོར་མོ་རང་དགའ་བའི་སྐྱེས་པར་སེམས་ཀྱི་སྡུག་ཡུས་བཤད་སྲིད། དེ་་འདྲ་དགོས་པའི་དམིགས་ཡུལ་གཉིས་ཡོད། གཅིག་ནི་སོ་སོའི་སུན་སྣང་བཤད་ཅིང་དེར་སེམས་གསོ་རག་ཐབས་ཡིན། གཉིས་ནི་མོས་དགའ་བའི་སྐྱེས་པས་སོ་སོར་སེམས་ཀྱི་དྲག་ཆར་དང་རླུང་འཚུབ་འགོག་ཐབས་ཀྱི་རེ་བ་བཅང་ཡོད།

བུད་མེད་མང་ཆེར་བདེ་འཇགས་མེད་པའི་བསམ་བློ་ཡོད་མཁན་གྱི་ཚོགས་ཤིག་ཡིན། དུས་ཚོད་མང་ཆེར་བུད་མེད་ཀྱིས་སྐྱེས་པར་སྡུག་ཡུས་ཀྱིས་ངུ་བཤད་བྱེད། དེ་ནི་ས་སོའི་ཉམས་སྐྱོ་བའི་ཕྱོགས་སྐྱེས་པར་བཏོན་ཤོར་ཡོང་བའི་ཆེད་དུ་མིན། དེ་ནི་ཕ་རོལ་པོས་མོ་རང་ལ་སྲུང་སྐྱོབས་ཡོང་བའི་ཆེད་དུ་རེད། དེར་བརྟེན། བུད་མེད་ཀྱིས་རེ་འདུན་ཞུ་བའི་བརྡ་བཏོན་སྐབས་སྐྱེས་པས་ངེས་པར་དུ་འོས་ཤིང་འཚམ་པའི་ལན་འདེབས་སམ་སྲུང་སྐྱོབས་ཅིག་བྱེད་དགོས། དུས་དེར་སྐྱེས་པ་ཚོ་་རུལ་སྦལ་ལྟར་མགོ་བསྐུམ་ནས་བསྡད་ན་བུད་མེད་ཡིད་ཐང་ཆད་སྲིད་ལ། ཁྱོད་དང་ཁ་བྲལ་རྒྱུའང་བྱེད་ཀྱི་རེད།

༤། དམིགས་བསལ་གྱི་དགའ་སྤྲོ་འཕེལ་དུས།

བུད་མེད་རྣམས་སྐྱོ་སྣང་སྐབས་ཕུད། དགའ་སྤྲོའི་དུས་ཀྱང་ཡོད། སོ་སོའི་དགའ་བའི་གྱོན་ཆས་ཉོ་དུས་ཡིན་ཡང་རུང་། ཡང་ན་ལས་ཀའི་ཐོག་ནས་བྱས་རྗེས་བྱུང་བར་གཞན་གྱིས་གདིང་འཇོག་ཐོབ་པའི་དུས་ཀྱང་རུང་། བུད་མེད་ཀྱིས་ཐོག་མར་སོ་སོས་དགའ་བའི་སྐྱེས་པར་དེ་དག་ངོམས་བཟོ་བྱེད་ཀྱི་ཡོད། ངོམས་སྟངས་དེ་ནི་སེམས་ཀྱི་དགའ་ཚོར་གཞན་དང་མཉམ་རོལ་ཡོང་ཆེད་ཡིན་ལ། སྐྱེས་པས་དེར་ཆེ་མཐོང་ཡོང་ཐབས་ཀྱང་ཡིན། དཔེར་ན་ངས་ཁྱོད་རང་ཡག་ཤོས་ཡིན་པ་ཤེས་ཀྱི་ཡོད། ཅེས་པའི་བསྟོད་ར་ལྟ་བུའོ།

འོན་ཀྱང་སྐྱེས་པ་འགའ་རེ་སྤྲོ་སྣང་གིས་ཁ་བརྡ་བྱེད་པར་མི་དགའ། སྐྱེས་པ་དེའི་རིགས་ཀྱིས་བུད་མེད་དགའ་སྤྲོ་འཕེལ་བའི་སྐབས་མོའི་མགོ་ལ་ཆུ་འཁྱག་བཤོལ་ཏེ་བུད་མེད་ཀྱི་སྤྲོ་སེམས་དེ་མུར་ཡལ་བཅུག་མཁན་ཡང་ཡོད།

མི་དང་མིའི་དབར་འཚོ་བའི་དགའ་སྣང་ཏོག་ཙམ་ཡོད་དགོས། གལ་ཏེ་གནས་ཚུལ་ག་རེ་ཡིན་ཡང་ནན་ཏན་གྱི་རྣམ་འགྱུར་ཞིག་བཏོན་སྡོད་ན་འཚོ་བ་ནི་བྲོ་བ་མེད་པ་ཞིག་འགྱུར་སྲིད་པ་རེད། གལ་ཏེ་བུད་མེད་བརྩེ་དུང་གི་ཁམས་སུ་འཐིམ་དུས་རྩ་བའི་འཆལ་ཡན་གྱི་མྱོང་ཚོར་ཏོག་ཙམ་ཡང་ཐོབ་ཐབས་མེད་ན་བརྩེ་དུང་ནི་བུད་མེད་ཅིག་གི་རྡོག་འཕྲིས་ཤིག་ཏུ་ཆགས་སྲིད་པ་རེད།

༥། འཇིགས་སྐྲག་གིས་སེམས་ལྷོད་ཐབས་མེད་པའི་དུས། མི་སུ་འདྲ་ཞིག་ཡིན་ཡང་སྲོག་ལ་རྒོལ་བའི་སྐྱོན་ཆ་ལྟ་བུ་རེ་ཡོད། དཔེར་ན་ལ་ལ་ཁྱི་ལ་སྐྲག་ཅིང་། ལ་ལ་འབུ་ཞུ་ལུ་མར་སྐྲག ལ་ལ་སྦྲུལ་ལ་སྐྲག དེར་བརྟེན། བུད་མེད་ལ་སྐྲག་སྣང་འབྱུང་བའི་གནད་དོན་འཕྲད་སྐབས་སྐྱེས་པས་དེར་གནས་སྟངས་ཤིག་མཐོང་སྲིད། འོན་ཀྱང་སྐབས་དེར་སྐྱེས་པས་བུད་མེད་ལ་ཁྱོད་ཀྱིས་ཧ་ལས་ཧང་སང་མདོག་བྱས་སོང་ཟེར་ནས་ཁྱོན་ནས་བཤད་རྒྱུ་མེད། དེ་བས་མོ་རང་པང་ཁར་འཐམ་ནས་མོའི་འཇིགས་སྐྲག་ཞི་ཐབས་བྱེད་དགོས།

བུད་མེད་སྐྲག་སྣང་དེ་མ་ཞི་སྔོན་དུ་མོ་རང་ལ་མཐའ་གཅིག་ཏུ་སེམས་གསོ་དང་སྲུང་སྐྱོར་མཁོ་བ་ལས། ནན་ཏན་ཆེ་བའི་སྐྱོན་བཙུགས་དང་དེ་བོར་ཐབས་ཙམ་དེ་འདྲ་མ་ཡིན། སོ་སོའི་ཚོར་བ་དོ་སྣང་བྱེད་པ་ལས་བུད་མེད་ཀྱི་སེམས་ཚོར་ལ་སྣང་མེད་འཇོག་མཁན་སྐྱེས་པར་མཚོན་ན། མཐར་བུད་མེད་ཀྱིས་ཁྱོད་ཀྱི་བདག་འཛིན་ཆེ་བའི་སེམས་དེ་མཐོང་སྲིད་པ་རེད། དེ་བཞིན་ཁྱོད་ཀྱིས་མོ་ལ་དུས་ཡུན་རིང་པོའི་ནང་གི་བདག་འཛིན་གྱིས་ཁྱོད་ལ་ཡིད་ཐང་ཆད་དེ་སོ་སོའི་བློས་བཏང་བྱས་པ་དེར་སེམས་པ་སྐྱོའང་སྲིད་པས་སྐྱེས་པ་ཚོས་བུད་མེད་སོ་སོའི་འཁྲིས་ནས་མ་བོར་སྔོན་ནས་མོ་རང་ལ་གཅེས་སྤྲས་ཤེས་པ་བྱེད་དགོས།

༦། བུད་མེད་ལ་ཕྲུ་གུ་སྐྱེ་དུས།

ཕྲུ་གུ་སྦྲུམས་པའི་སྐབས་ཀྱི་བུད་མེད་དེ་ནི་ཆེས་མཛེས་སྡུག་ལྡན་པ་ཞིག་ཡིན། གང་ཡིན་ཟེར་ན། ཕྲུ་གུ་ཟླ་བ་བཅུ་ཁོག་ཏུ་འཁུར་བའི་དུས་སུ་མོས་འཇིག་རྟེན་འདིའི་སྐྱོ་གདུང་ཡོངས་རྫོགས་མྱངས་ཚར་ཡོད། དེ་བཞིན་བཟོད་བསྲན་དང་སྡུག་རུས་དགོས་པ་དེ་ནི་་མཐའ་གཅིག་ཏུ་མ་ཡུམ་ཞིག་གི་རླབས་ཆེན་གྱི་མངོན་འགྱུར་ཞིག་ཡིན། བུད་མེད་ཀྱིས་ཕྲུ་གུ་སྐྱེ་དུས་སྙིང་ཁ་གས་པའི་སྡུག་ངལ་དེ་སེམས་ལ་འཇོག་སྲིད། དེ་བས་ཁྱོད་གཉིས་ཀྱི་བརྩེ་བའི་འབྲས་བུ་དེའི་ཆེད་དུ་བུད་མེད་ལ་སེམས་འགྱོད་སྤུ་ཙམ་མེད་པས་ཡིན།

དེའང་སྐྱེས་པ་ཞིག་གིས་དེའི་རིང་སེམས་འཁུར་ཡོངས་རྫོགས་བྱས་ཀྱང་མཐར་ཐུག་ན་སྡུག་ངལ་དེ་མྱོང་མཁན་དེ་ནི་བུད་མེད་རེད། དོན་དངོས་ཐོག་དེའི་རིང་བུད་མེད་ཀྱིས་སྐྱེས་པར་རེ་འདུན་ཆེན་པོ་བཅང་གི་མེད། མོས་སྐྱེས་པས་བརྩེ་དུང་ལ་བློ་རྩ་བརྟན་ཞིང་མོ་རང་ཕྲུ་གུ་སྐྱེ་དུས་སྐྱེས་པ་དེ་འཁྲིས་སུ་བསྡད་རྒྱུའི་རེ་བ་ཙམ་བཅང་ཡོད། འོན་ཀྱང་བུད་མེད་ཀྱི་རེ་བ་ཆུང་ཆུང་དེ་འདྲ་ཞིག་ལས་མེད་ཀྱང་སྐྱེས་པ་འགའ་རེས་བུད་མེད་ཀྱི་རེ་འདུན་དེ་ཙམ་ཡང་བསྐོང་ཐབས་བྱེད་ཀྱི་མེད།

དེས་ན་འདིར་ངས་སྐྱེས་པ་ཚོར་དྲི་བ་ཞིག་བཀོད་འདོད་པ་ནི། དེ་འདྲ་ཡིན་ན་ཁྱོད་ཀྱིས་བུད་མེད་ཅིག་སོ་སོའི་འཁྲིས་སུ་ཉར་བསྡད་ན་ག་རེ་ཕན་གྱི་རེད་དམ།

 

འབྲེལ་ཐག

http://fashion.ifeng.com/a/20150824/40125052_0.shtml


  གངས་དཀར་སེམས།
 

01.09.2015 10:37:24

བཀླགས་ཡིན།

 
 
03.09.2015 09:18:45

ཡག་བྱུང་ཨ།

 
 
07.09.2015 03:08:20

གངས་ལྷ་ལགས་ཀྱིས་ཡག་པོ་བྲིས་འདུག མུ་མཐུད་འདི་འདྲ་བའི་སྟེང་ལ་ཤུགས་སྣོན་རྒྱག་རྒྱུ་མཁྱེན།

 
 
07.09.2015 15:29:46

བོད་ཡིག་ཐོག་གི་གནད་དོན་ལ་བལྟ་འདོད།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -