ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

04.08.2015 06:10:13
གངས་དཀར་སེམས།

མཐུ་ཆེན་སྒོག་པའི་ནུས་པར་མཐོང་ཆུང་བྱེད་མི་ཉེན།
(མགོ་བརྗོད་འདི་སྒྱུར་པ་པོས་བཏགས།)

དེང་སང་ཆམ་པའི་རྐྱེན་གྱིས་གློ་རྒྱག་པའི་ནད་པ་མང་ཞིང་། གློ་འཇགས་ཐབས་མེད་པའི་ཁྱད་ཆོས་གཅིག་ནི་མིད་པར་ཟ་འཁྲུག་ལངས་པ་ཙམ་གྱིས་གློ་རྒྱག་པ་དེ་རེད། མིད་པར་ཟ་འཁྲུག་ལངས་ཏེ་གློ་རྒྱག་པ་ནི་རྒྱུན་གཏན་གྱི་གནས་སྟངས་ཤིག་ཡིན། ཆམ་པ་མ་ན་སྔོན་ཙམ་མམ་ཡང་ན་རྒྱུན་རིང་ན་རྗེས་མཇུག་ཙམ་དུ་ནད་རྟགས་དེ་མངོན་མཚན་ཆེན་པོ་མེད་ཀྱང་མིད་པ་ཟ་འཁྲུག་ལང་བ་དེ་མངོན་གསལ་ཡིན། དེའང་མིད་པར་ཟ་འཁྲུག་ལང་བ་ཙམ་གྱིས་གློ་རྒྱག་པ་དེ་རེད།


 

རྒྱ་སྨན་ལྟར་ན་དེ་ནི་གཟུགས་པོའི་བཙོག་རླུང་མ་དང་བའི་གནས་སྟངས་ཡིན། རྒྱ་སྨན་གྱིས་བཙོག་རླུང་སྟོད་དུ་འཚང་ན། ཐོག་མར་གློ་ལ་གནོད། ཅེས་པ་ལྟར་དེ་ནི་ལྷོ་ཕྱོགས་མིས་ཚ་བའི་ཆམ་ནད་ཅེས་འབོད་པ་དེ་ཡིན། འོན་ཀྱང་ལྷ་ཕྱོགས་མི་ཚོའི་གཟུགས་པོའི་སྤུས་ཚད་ཅུང་ཉམས་པ་མང་བའི་དབང་གིས་གཟུགས་པོར་ཚ་བ་འབར་བ་དེ་དེ་ཙམ་མངོན་མཚན་ཆེན་པོ་མིན། (མིད་པའི་ནད་རྟགས་ཆུང་བར་གོ) དེ་བས་གྲང་ཆམ་ན་མཁན་མང་། དེ་ནི་གཟུགས་པོ་གྲང་ཞིང་རླུང་ཁར་སོང་བའི་རྐྱེན་གྱིས་ཆམ་ནད་ན་བའི་དབང་གིས་ཡིན། མིད་པ་ན་དུས་མང་ཆེར་ཟ་འཁྲུག་ཀྱང་ལང་བའི་ནད་རྟགས་མང་།

 

སྒོག་པ་ནི་མདོག་དཀར་ལ་གློ་བར་འཇུག དྲོད་དང་ལྡན་པས་གློ་བའི་ངན་རླུང་དང་བར་ཕན་པ་ཆེ་བ་བརྟེན། མིད་པ་ཟ་འཁྲུག་ལང་ཞིང་གློ་རྒྱག་པའི་ཆམ་ནད་ལ་དམིགས་བསལ་གྱིས་ཕན་པ་ཡོད།

 

བེད་སྤྱོད་སྟངས་གཤམ་གསལ་ལྟར་ཡིན་ལ་དེའི་རྣམ་གྲངས་རེ་གདམ་ནས་བཅོས་ན་འགྲིག

 

༡། སྟབས་བདེ་ཤོས་ནི་སྒོག་ལྡོག་ཅིག་ཁ་ནང་ཉར་སྡོད། དེ་ནས་ཅུང་འགོར་རྗེས་སྒོག་པར་སོ་ཉུང་ཙམ་རྒྱོབས་ལ་སྒོག་པའི་དྲི་མ་ཕྱིར་ཁྱབ་པ་ཙམ་གྱིས་ཁ་ཆུ་མིད་ན་འགྲིག སྒོག་ལྡོག་དེ་ཁའི་ནང་ཆུ་ཚོད་ཅིག་ཙམ་ཉར་ནས་སྡོད་དང་མིད་པ་ཟ་འཁྲུག་ལང་བ་ཉུང་དུ་འགྲོ་རྒྱུ་དང་གློའང་འཇགས་ཐུབ།

 

༢། སྒོག་ལྡོག་བཅུ་གྲངས་ཙམ་འདམ་དུ་བཏུབས་རྗེས་ཕོར་པར་བླུགས། དེའི་ནང་ཤེལ་ཀ་ར་འོས་འཚམས་ཙམ་བླུགས་རྗེས་ཆུ་ཁོལ་གྱིས་སྦོངས། དེ་དྲོད་འཇམ་སྐབས་སུ་ཇ་འཐུང་བ་ལྟར་ཉིན་རེར་ཐེངས་རེེ་འཐུང་། ནད་ཅུང་ལྕི་མོར་སོང་ཚར་བ་ཚོས་དེ་ཉིན་རེར་ཐེངས་གཉིས་ཙམ་འཐུང་། བཅོས་ཐབས་འདིས་གློ་མགྱོགས་པོར་འཇགས་ཐབས་དང་ལུད་པ་བཀོག་པའི་དམིགས་བསལ་གྱི་ནུས་པ་ལྡན།

 

༣། སྒོག་པ་རླངས་བཙོས་ཀྱི་ཁུ་བ་འཐུང་། ཕྲུ་གུ་གློ་རྒྱག་དུས་སྒོག་ལྡོག་ ༢ ནས་ ༣ བར་དང་། མི་རྒན་པར་སྒོག་ལྡོག ༧ ནས་ ༨ བར་སྤྱོད་དགོས། དེའང་སྒོག་པ་ཞིབ་ཏུ་བཙབས་རྗེས་ཕོར་པའི་ནང་བླུགས། ཕོར་པར་ཁེབས་གཅོད་རྒྱོབས། དེ་ནས་ཕོར་པ་དེ་སྣོད་དུ་ཞོགས་ལ་རླངས་བཙོས་རྒྱོབས། ཐོག་མར་མེ་ཆེན་པོས་ཆུ་ཁོལ་བ་བར་བཙོས་རྗེས་མེ་ཆུང་ངུས་མུ་མཐུད་སྐར་མ་ ༡༥ ཙམ་བཙོས་ནས་ཞོགས། ན་ཚ་ལྕི་བ་ཚོས་ཁུ་བ་དེ་ཉིན་རེར་ཐེངས་གསུམ་འཐུང་ལ། ཁུ་བ་གཅིག་པུར་འཐུང་བ་ལས་སྒོག་ལྡོག་དེ་ཚོ་མ་ཟོས་ན་འགྲིག དེ་ལྟར་ཉིན་གཉིས་པར་སླེབས་དུས་དེའི་ནང་ཤེལ་ཀ་ར་ལྡོག་ཆུང་རེ་བླུགས་དགོས། མི་རྒན་པར་ཤེལ་ཀ་ར་ལྡོག་ཆུང་གཉིས་ཙམ་བླུགས། སྒོག་པ་ནི་དྲོད་འཇམ་ལྡན་ཞིང་མཚེར་པ་དང་ཕོ་བ། གློ་ཡུ་བཅས་ལ་འཇུག་སླ་བས་དམངས་ཁྲོད་དུ་མང་པོས་སྒོག་པས་གློ་འཇགས་ཐབས་དང་། མིད་པའི་ན་ཚ། དབུགས་བསགས་དང་གློ་བའི་གཉན་ཚད་བཅས་བཅོས་ཐབས་བྱེད་སྲོལ་ཡོད།

 

༤། སྒོག་པ་དང་ཤེལ་ཀ་ར་བསྐོལ་ནས་འཐུང་རྒྱུ། ཕྲུ་གུ་ཆམ་པ་ཕོག་ནས་གློ་རྒྱག་དུས་ཁུ་བ་འདི་འཐུང་ན་ཁབ་རྒྱག་ཅིང་སྨན་ཟོས་པ་ལས་ཕན་ཆེ་བ་ཡོད། སྤྱོད་སྟངས་ནི་སྒོག་པ་མང་ཉུང་ལ་གྷི་རམ་Gram ༣༠ ཙམ་དང་ཤེལ་ཀ་ར་Gram གྷི་རམ་ ༡༠ ནང་ཆུ་ཤོང་ཚད་མཱི་ཊར་ Milliliter  ༢༠༠ ཙམ་བླུགས་ནས་བཙོས་ཏེ་ཆུ་ཁོལ་རྗེས་མེ་ཆུང་དུ་གཏོང་ལ་ད་དུང་སྐར་མ་འགར་བཙོས། མཇུག་ཏུ་ཕོར་པའི་ནང་གི་ཁུ་བ་ཉུང་ངུའི་ཚོད་དུ་མ་སླེབས་པར་བསྐོལ་རྗེས་དེ་ཕྲུ་གུར་སྟེར་ན་འགྲིག ཕྲུ་གུ་གློ་ཤུགས་ཆེན་པོར་རྒྱག་སྐབས་ཁུ་བ་དེ་ཉིན་གཅིག་ལ་ཐུན་གསུམ་འཐུང་བཅུག་ན་ཉིན་གཉིས་པར་ཕན་ནུས་ཐོན་ཐུབ་ཅིང་ཉིན་གསུམ་པར་སངས་དྲག་འགྲོ་ཐུབ།

 

༥། Ginger གྷ་སྨུག་དང་སྒོག་པ། Brown sugar བུ་རམ་བཅས་གསུམ་ཁུ་བ་བསྐོལ་ནས་འཐུང་། གལ་ཏེ་གློ་རྒྱག་ཤུགས་ཆེན་པོས་ཁ་ལུད་དཀར་ཞིང་སླ་བའི་རིགས་མང་པོ་ཐོན་ན་དེ་ནི་གྲང་རླུང་ཕོག་ཤུགས་ཆེ་བའི་ནད་རྟགས་ཡིན་པས་གོང་གསལ་ཁུ་བ་དེ་འཐུང་བ་དུས་མཚུངས་སུ་ཁུ་བའི་ནང་གི་གྷ་སྨུག་དང་སྒོག་པ་མཉམ་དུ་ཟོས། ཕྲུ་གུ་ལ་གྷ་སྨུག་ལེབ་མོ་ ༣ དང་། སྒོག་ལྡོག་ ༣ བུ་རམ་ཐུར་མ་ཕྱེད་ཙམ་གྱིས་ཆོག རྒན་པར་གྷ་སྨུག་ལེབ་མོ་ ༧ ནས་ ༨ བར། སྒོག་ལྡོག ༧ ནས་ ༨ ལ་བུ་རམ་ཐུར་མ་ ༡ སྣོད་དུ་ཆུ་ནང་བླུགས་ནས་མེ་འབྲིང་ཙམ་གྱིས་སྐར་མ་ ༡༠ ཙམ་བསྐོལ་ན་འགྲིག ནད་གཞི་ལྕི་བའི་རིགས་ཀྱིས་ཁུ་བ་འདི་ཉིན་གཅིག་ཐུན་གསུམ་ཙམ་འཐུང་དགོས།

 

༦། སྒོག་ལྡོག་ ༣ འམ་ ༤ ཙམ་གྱི་ཤུན་ལྤགས་བཤུས་རྗེས་ལེབ་མོར་བཏུབས། མཚན་མ་ཉལ་སྔོན་སྒོག་ལེབ་དེ་དག་མེ་ཐབ་ཀྱི་ཟུར་བཞིར་ཞོགས་ནས་ཚིག་ཏུ་བཅུག ཉིན་གཉིས་པའི་ཞོགས་པར་སྒོག་ལེབ་དེ་དག་སྐམ་པོ་དང་སེར་པོར་ཚིག་ཚར་ཡོད། འོན་ཀྱང་སྒོག་པའི་མཚོན་མདོག་ནག་པོ་བར་ཚིག་བཅུག་རྒྱུ་མེད་པ་རེད། དེ་ནས་ཚིག་ཚར་བའི་སྒོག་ལེབ་དེ་ཚོ་གང་ཞིབ་ཞིབ་ཏུ་བཙིར་ནས་ཐུར་མ་ ༡ ཙམ་ཕོར་པར་བླུགས། དེར་བུ་རམ་རན་ཙམ་དང་ཆུ་ཁོལ་བླུགས་ཏེ་དཀྲུགས་ནས་འཐུང་། ཉིན་རེར་ཕོར་པ་གཉིས་ཙམ་འཐུང་། དེ་ལྟར་ཉིན་གཉིས་གསུམ་རྗེས་སུ་གློ་རྒྱག་པ་དེ་བཅོས་ཐུབ་ཀྱི་རེད།

 

༧། སྒོག་པ་འདམ་དུ་བཙབས་ནས་ཤེལ་དམ་སྟོང་པ་ཞིག་ཏུ་བླུགས། སྒོག་འདམ་བླུགས་པའི་ཤེལ་དམ་དེ་སྣ་ཁུང་གཉིས་ལ་ཁ་ཕྱོགས་ནས་སྒོག་པའི་ངར་དྲི་ཤུགས་ཀྱིས་སྣོམས། དེའང་ན་ཚ་ལྕི་ཡངས་ཀྱི་གནས་སྟངས་ལ་ལྟས་ཏེ་སྣོམ་ཐེངས་ ༤ ནས་ ༥ བར་བྱོས། སྒོམ་འདམ་དེའི་ངར་དྲི་ཡལ་རྗེས་སླར་གསར་པ་བླུགས་ཏེ་ཤེལ་དམ་དེའང་སྣ་ཁུང་གཉིས་ལ་རན་པའི་ཆུང་ངུ་ཞིག་སྤྱོད་ན་བཟང་། གཞན་ཡང་སྒོག་ལྡོག་འགའི་པགས་པ་བཤུས་ནས་གཙང་མ་འཁྲུས་རྗེས་སྦྲང་རྩི་བླུགས་པའི་ཤེལ་དམ་ཆེན་པོ་ཞིག་ཏུ་སྦངས་ཏེ་ཁེབས་གཅོད་དམ་པོར་བརྒྱབ་ནས་ཉིན་མ་བདུན་གཅིག་ཞོགས། དེ་ནས་ཕྱིར་བཏོན་ནས་དེ་ཟོས་ན་འགྲིག

 

༨། སྒོག་ལེབ་རྐང་མཐིལ་ལ་སྦྱོར་ན་ཚ་བ་འབར་ཞིང་གློ་རྒྱག་པའི་ནད་ལ་ཕན། ཉིན་ལྟར་མཚན་མོར་མ་ཉལ་སྔོན་ཙམ་རྐང་པ་གཙང་མར་འཁྲུས་རྗེས་སྒོག་པ་ལེབ་མོར་བཏུབས་པ་དེ་རྐང་མཐིལ་དུ་སྦྱོར་ནས་ཞོགས། སྒོག་པས་ཤ་པགས་ལ་ཅུང་གནོད་པས་སྦྱོར་བའི་དུས་ཚོད་རིང་པོར་མ་འཇོགས། མཚན་གཅིག་དེ་ལྟར་སྦྱར་ནས་ཞོགས་ལ་ཕྱི་ཉིན་ཞོགས་པར་དེ་བསྐོག་བཞག་ན་ཡག་ཤོས་རེད། བཅོས་ཐབས་འདིས་གློ་རྒྱག་པ། སྣ་ཁྲག་དོན་པ། བཙོག་པའམ་ཆར་ཆེན་འབབ་ཁག་པོ་བཅས་ལའང་ཕན་ནུས་ངེས་ཅན་ལྡན། དེ་ལྟར་ཉིན་ ༧ ནས་ ༡༠ ཙམ་སྦྱར་ན་ནུས་པ་སྔར་བས་ལེགས་པར་ཐོན་ཐུབ། དེས་མི་འགའ་རེའི་རྐང་མཐིལ་དུ་འབུར་ཏོག་ཐོན་ཡང་སྲིད། དེ་འདྲ་བྱུང་ཚེ་ལམ་སང་དུས་ཡུན་མཚམས་བཞག་སྟེ་དེ་རྗེས་སླར་སྦྱོར་ན་འགྲིག

 

མིའི་བདེ་ཐང་ནི་ཧ་ཅང་གལ་ཆེ། བདེ་ཐང་མེད་ན་འབྱོར་ཕྱུག་དང་མཚན་སྙན་གྲགས། གོ་གནས་དང་ལོངས་སྤྱོད། རླངས་འཁོར་དང་ཁང་པ་རྫིག་པོ་སོགས་ཚང་མ་ཆུའི་ལྦུ་བ་ལྟར་ཡལ་སླ་བ་རེད། བདེ་ཐང་ནི་གསར་བརྗེའི་མ་རྩ་ཡིན་ཞེས་པ་ལྟར་འབྱོར་ཕྱུག་དང་དབུ

ལ་ཕོངས་གང་ཡིན་ཡང་དངུལ་གཏོང་ནས་བདེ་ཐང་སྲུང་དགོས། བདེ་ཐང་ནི་མིའི་བདེ་སྐྱིད་ཡོངས་རྫོགས་ཀྱི་རྩ་བའི་རྨང་རྡོ་ཡིན།

 

འབྲེལ་ཐག

夏天,喝了這碗水,全家不得病


http://blog.sina.com.cn/s/blog_65b48b660102w9xz.html


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -