ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

29.07.2015 04:00:34
གངས་དཀར་སེམས།

གལ་ཏེ་བཟའ་ཚང་ཕན་ཚུན་དབར་གུ་ཡངས་མ་སྤྲོད་པར་གཉིས་ཀས་སྤྱང་མདོག་ཁོ་ནར་འཁྲབ་ཅིང་། དོན་ག་རེ་ཡིན་ཡང་གསལ་པོ་ཞིག་བཟོ་འདོད་ཚེ་དེ་ནས་བཟུང་ཕན་ཚུན་ཁ་བྲལ་རྒྱུ་གྲ་བསྒྲིག་སྔ་ཙམ་བྱ་ན་དགའ།
བཟའ་ཚང་དབར་ཕ་རོལ་པོ་བཅུན་ཐབས་བྱ་འདོད་ནི་གནད་དོན་གཙོ་བོ་དང་། རྒྱུན་དུ་འབྱུང་བཞིན་པའི་གནས་སྟངས་ཤིག་ཀྱང་རེད། ཕན་ཚུན་དབར་སུ་འགྲིག་མིན་དང་སུ་ནོར་མིན། སུས་ཕ་རོལ་པོའི་སེམས་པ་སྐྱོ་བཅུག་ཡོད་མེད་བཅས་བཤད་སྡོད་པ་དེ་ནི་འཛེམ་ཟོན་ཆེན་པོ་དགོས་པའི་ཕྱོགས་རེད།


བཟའ་ཚང་དབར་བཟང་པོ་ཡོང་ཐབས་ནི་ནམ་ཡང་ཕན་ཚུན་ལ་གུ་ཡངས་སྤྲོད་མཁན་ཡིན་དགོས། བརྩེ་དུང་ནི་ཕ་རོལ་པོའི་ནོར་འཁྲུལ་ཆུང་ཙག་ལ་འགེབས་སྲུང་ཐུབ་པའང་དགོས་ལ། དེ་ནི་བརྩེ་དུང་ངོ་མ་རེད། སྐྱོན་ཆ་འཚོལ་ནས་ཕ་རོལ་པོར་དཀའ་ཁག་བཟོ་རྒྱུ་མེད། དེ་ལྟར་བག་ལྷོད་པོའི་སྒོ་ནས་མཉམ་གཤིབ་བྱེད་དགོས། མཚམས་རེར་ཕ་རོལ་པོའི་ནོར་འཛོལ་ལ་གུ་ཡངས་སྤྲོད་པ་དེ་ནི་ཐག་ཆོད་ཅིང་གཏན་འཁེལ་བའི་གནས་སྟངས་ཡིན་དུས་ད་དུང་དེར་ཤེས་རྟོག་དང་ཡར་རྒྱས། དེ་བཞིན་འཐུས་ཚང་གཏོང་དགོས་དོན་མེད་པ་རེད། ཕ་རོལ་པོར་ཡར་རྒྱས་འདུག་ན་དེར་ངོས་ལེན་དང་། མེད་ཀྱང་ངོས་ལེན་བྱེད་པ་དེའི་བར་ནས་བརྩེ་བ་ཞིག་བཅང་ཡོད།

 

མི་ཚེ་གཅིག་ནང་མི་ཞིག་དང་བརྩེ་བ་ལྡན་པའི་སྒོ་ནས་འཚོ་བཞིན་པ་ནི་གང་འདྲ་མཛེས་སྡུག་ལྡན་པ་ཞིག་རེད་ཨང་། དེར་གཏོར་བཅོམ་མ་གཏོང་། གནད་དོན་ཆེན་པོ་ཇི་ཙམ་ལྷག་ཀྱང་བརྩེ་བར་གཏོར་བཅོམ་གཏོང་བའི་འོས་བབས་མེད། ཁྱོད་ཀྱིས་བརྩེ་བ་བཅང་ཡུལ་དེར་མགོ་བདེ་དྲན་འཕྲུལ་དེ་ཚོ་མ་འཁྲབ་ཅིག གལ་ཏེ་དེ་འདྲ་བྱེད་དགོས་ནའང་བསམ་བློ་གཏོང་ནས་བྱ་དགོས། ནམ་ཡང་ཕ་རོལ་པོར་སྐད་ཆ་དྲག་པོ་མ་བཤད། དུས་ནམ་ཡང་ཕན་ཚུན་དབར་གྱི་གནས་སྟངས་དང་སེམས་ཁམས་ལ་གཏོར་བཅོམ་གཏོང་བའི་བྱ་བ་མ་བྱེད།

སྐྱེས་པར་རང་གཤིས་ཡོད་པ་དེ་ལུགས་མཐུན་རེད། འོན་ཀྱང་སྐྱེས་པའི་རང་གཤིས་དེ་གཞན་སུ་འདྲ་ཞིག་ལ་ངོམས་ཀྱང་རང་གི་བཟའ་ཟླ་མོ་ལ་ངོམས་རྒྱུ་མེད། གང་ཡིན་ཟེར་ན། ཁྱོད་རང་སེམས་ཁམས་ཀྱི་གནས་སྟངས་ཅི་འདྲ་ཡིན་ཡང་གཞན་དེ་དག་ཁྱོད་དང་ཁ་བྲལ་ཆོག་ཆོག་ཡིན་ཀྱང་བཟའ་ཟླ་ནི་དེ་ལྟར་མ་ཡིན་ནོ། བཟའ་ཟླ་ནི་ཁྱོད་དང་སྐྱིད་སྡུག་མཉམ་མྱོང་བྱེད་མཁན་ཡིན་པས་རེད། ཚེ་འདིར་ཁྱོད་ལ་ཐོབ་ཤོར་མང་པོ་ཡོང་སྲིད་ཀྱང་མི་ཚེའི་མཐའ་བསྐྱེལ་མཁན་དེ་གཅིག་མ་གཏོགས་མེད། གནམ་ས་ཅི་ཙམ་ཆེའང་ཁྱོད་ཀྱི་འཁྲིས་སུ་ཡོད་པའི་བུད་མེད་དེ་ལས་གལ་ཆེ་བ་ཞིག་མེད།

 

བཟའ་ཚང་འཆམ་ན་ས་རྡུལ་གསེར་ལ་འགྱུར་སྲིད་ཅེས་པ་ལྟར། ཁྱིམ་ཚང་གི་བྱ་བར་ལེགས་ཉེས་འབྱེད་མི་དགོས་པར་འཆམ་མཐུན་ཡོང་མིན་ལ་ལྟ་དགོས། ཁྱིམ་ཚང་འཆམ་མཐུན་བྱུང་ན་བྱ་བ་ཡོངས་རྫོགས་འགྲུབ་སྲིད། ཁྱིམ་ཚང་ནི་བརྩེ་བ་བཤད་ས་ཡིན་པ་ལས་རྒྱུ་མཚན་བཤད་ས་མིན། ཁྱིམ་ཚང་ནི་རྩ་བ་དང་བླ་སྲོག་ཡོད་པ་ཞིག་ཡིན་ལ་རྩ་བ་དང་བླ་སྲོག་དེའང་བུད་མེད་ཀྱི་ལག་ཏུ་བཟུང་ཡོད་པ་ཡིན།

འཇིག་རྟེན་ཐོག་ཆེས་རླབས་ཆེན་གྱི་ནུས་ཤུགས་དེ་ནི་བརྩེ་བ་ཡིན། ཆེས་ནུས་པ་ལྡན་པའི་མཚོན་ཆ་ནི་སེམས་འགུལ་ཐེབས་ཐུབ་པ་དེ་ཡིན། བཟའ་ཚང་དབར་ཁ་རྩོད་ཤོར་ཡང་ཁ་མ་བྲལ་བར་གནས་པ་དེ་ནི་བརྩེ་བ་ངོ་མ་ཡིན། དེ་ནི་སྒེར་ལ་དཀའ་ལས་ཁག་པ་བྱུང་བ་ཙམ་དང་། ཡང་ན་ཕན་ཚུན་དབར་འཚམ་པོ་མེད་པ་ཙམ་གྱིས་ལམ་སང་ཁ་བྲལ་རྒྱུ་དེ་མ་རེད། དེ་ནི་དཀའ་ལས་ཅི་ཙམ་ཁག་ཀྱང་ད་དུང་མཉམ་དུ་སྡོད་འདོད་དང་། ཕན་ཚུན་འཚམ་པོ་མེད་ཀྱང་ཧུར་བརྩོན་གྱིས་གནས་སྟངས་ལེགས་བཅོས་གཏོང་བ་དེ་ཡིན། ཕན་ཚུན་དབར་དཀའ་ལས་ཁག་པོ་ཚོར་བ་དེ་ནི་ཕན་ཚུན་ལ་སེམས་འཁུར་ཡོད་པས་རེད་ལ། ཕན་ཚུན་འཚམ་པོ་མེད་པར་ཚོར་བ་དེའང་བརྩེ་བ་བཅང་རྒྱུ་ཉུང་དྲག་པས་ཡིན། དོན་དམ་པའི་བརྩེ་བ་ལ་ཁ་གཡར་ས་དེ་འདྲ་མང་པོ་མེད་པ་ཞིག་རེད།

 

བཟའ་ཚང་གཉིས་མཉམ་དུ་གཤིབ་ཡུན་རིང་ན་ཁ་རྩོད་ཤོར་བ་ནི་གཡོལ་ཐབས་མེད་པ་ཞིག་རེད། བུད་མེད་ཁོང་ཁྲོ་ཟ་བཞིན་པའི་སྐབས་སུ་བཤད་པའི་སྐད་ཆ་དེ་དག་ནི་རལ་གྲི་དང་འདྲ་ལ། ཕ་རོལ་པོ་དེའང་ཁྱོད་དང་ཁ་རྩོད་ཤོར་ཡང་གོམ་པ་གང་ཡང་ཁ་བྲལ་འདོད་མེད་པ་དེ་ནི་བུད་མེད་ཁྱོད་ལ་དགའ་མཁན་གྱི་སྐྱེས་པ་ཕོ་དེ་རེད།

 

སྐྱེས་པས་སོ་སོའི་འཁྲིས་སུ་ཡོད་པའི་བུད་མེད་དེ་དེ་ཙམ་མཛེས་མ་མིན་པར་བསྙད་ཀྱི་ཡོད། འོན་ཀྱང་གཞན་མང་པོས་བུད་མེད་དེས་ལེགས་ཉེས་ཅི་འདྲ་ཞིག་བྱུང་ཡང་ཁྱོད་ལ་བཅང་བའི་བརྩེ་བ་དེར་ཡིད་སྨོན་ཤོར་མཁན་ཇི་ཙམ་ཡོད་མེད་སྐོར་ཁྱོད་ཀྱིས་བསམ་བློ་རེ་གཏོང་ཨེ་མྱོང་།

 

བུད་མེད་ཅིག་གིས་ཡོངས་རྫོགས་ཁྱོད་ལ་ཕུལ་ཚར་བ་དེར་བློ་ཡིད་ཚིམ་ནས་སྡོད་རོགས། མོས་ཁྱོད་རང་གི་ངོ་གདོང་སྟེར་བཟོ་ཇི་ཙམ་དོད་མིན་དང་ཁྱོད་ལ་དངུལ་ཇི་ཙམ་ཡོད་མེད་ལ་དགའ་བ་མ་ཡིན་པར། དེ་བས་མོ་རང་ཁྱོད་དང་སྐྱིད་སྡུག་མཉམ་མྱོང་གི་འཚོ་བ་ཞིག་བསྐྱེལ་རྒྱུར་གྲ་བསྒྲིག་ཨང་གསར་ཡོད་པས་རེད།

 

སྐྱེས་པ་ཞིག་གིས་ལག་སྟོང་གཉིས་ཀྱིས་བུད་མེད་ཅིག་གི་ཆེད་དུ་ཧུར་བརྩོན་བྱེད་པ་དེར་བུད་མེད་དེའང་བློ་ཡིད་ཚིམ་དགོས་པ་རེད། སྐྱེས་པ་དེས་བུད་མེད་ཁྱོད་མཛེས་མ་ཇི་ཙམ་ཡིན་མིན་དང་། བུད་མེད་དེར་འདོད་པ་བསླང་ཐུབ་པའི་ནུས་པ་ཇི་ཙམ་ཡོད་མེད་མ་ཡིན་པར། ཁོས་ཁོ་རང་གི་རྗེས་སུ་འབྲང་བའི་བུད་མེད་དེར་སྡུག་ངལ་མི་བཟོ་བའི་ཆེད་དུ་རེད།

བཟའ་ཚང་གཉིས་རྒྱུན་རིང་པོར་མཉམ་དུ་གཤིབ་ན་ཕན་ཚུན་རྒྱབ་རྟེན་དུ་གྱུར་ཞིང་། བརྩེ་དུང་དེའང་མཛའ་བརྩེར་འགྱུར་བཞིན་ཕོ་མོ་གཉིས་དེ་སྔོན་ཐོག་མར་དགའ་རོགས་བསྒྲིག་མྱོང་བ་ལྟར་བརྩེ་ཚོར་ཟབ་མོ་དེ་འདྲ་མིན་ཡང་ཁྱོད་གཉིས་དབར་ལ་ད་དུང་བརྩེ་དུང་ཡོད་པ་རེད། གལ་ཏེ་ཁྱོད་རང་གིས་ཕ་རོལ་པོ་བློས་གཏོང་བྱེད་བསམ་སྐབས་ཐོག་མའི་དུས་ནས་ཁྱོད་རང་ཕ་རོལ་པོ་དང་མཉམ་དུ་སྡོད་དགོས་པའི་རྒྱུ་མཚན་སྐོར་བསམ་བློ་གཏོང་ཨེ་མྱོང་།

མཉམ་དུ་གཤིབ་ཡུན་རིང་ནས་ཐོག་མའི་དུས་ལྟར་རྟག་ཏུ་ཕན་ཚུན་བརྩེ་དུང་བཅང་ཞིང་གདམ་ཁ་དགོས་པ་ཞིག་མིན་ཡང་། ཁྱོད་ཚོས་དེ་ལྟར་ལག་བསྟར་ཐུབ་པ་བྱུང་ཡོད་དམ། ཁྱོད་རང་གིས་བརྩེ་བ་བཅང་ཡུལ་ལམ་ཁྱོད་ལ་བརྩེ་བ་བཅང་མཁན་གཉིས་ཀའི་ཕྱོགས་ནས་གོ་སྐབས་བཟང་པོ་དེ་འདྲ་ཤོར་འདོད་མེད་ན་མིའི་སེམས་ལ་རྨ་ཁ་བཟོ་བྱེད་ཀྱི་སྐད་ཆ་དེ་འདྲ་མ་ཤོད། བཟའ་ཚང་དབར་ཕན་ཚུན་འབྲེལ་མཐུན་ཡོང་ཐབས་དགོས་པ་ལས་རྒྱུན་དུ་ཕ་རོལ་པོ་དང་ཁ་བྲལ་དགོས་བསམ་པ་དེ་འདྲ་མ་བྱེད་ན་ལེགས།

 

འབྲེལ་ཐག

夫妻相處之道


  གངས་དཀར་སེམས།
 

01.09.2015 12:08:38


ཨ་ལྕེ་གངས་ལྷ་ངོ་མ་ཉམས་མྱོང་ཡོད་འདུག བཟང་གི ལྷག་པར་བུད་མེད་དེ་ཚོ་ལ་ཤོད་དགོས་འདུག ཧ་ཧ་ཧ།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -