ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

གངས་རིན་ཆེན།
དམར་ཆུང་སྙིང་གི་གདུང་བ།
25.07.2015 22:39:05

གསེར་མདོག་ཉི་མ་ནུབ་པའི་ཤུལ་ལམ་དུ།།
ཆུ་འཛིན་འདབ་མ་སྟོང་གི་བར་མཚམས་སུ།།
ལྷ་ལམ་ངུ་བརྒྱ་འདུས་པའི་མིག་ཆུ་ཡོད།།
ས་འཛིན་གནམ་ཆུ་སྒུག་པའི་གདུང་བ་ཡོད།།


ཟླ་འོད་ཐང་ལ་ལྷུང་བའི་མཚན་ལྗོངས་ན།།
བསིལ་གྲིབ་ལུས་ལ་ཕོག་པའི་སྐྱོ་སྣང་ཁྲོད།།
ཁེར་རྐྱང་ང་ཡི་སེམས་དང་འདབ་ཆགས་གཉིས།།
ངེས་མེད་ས་མཐའི་ཡུལ་ནས་འཕུར་ཐག་རིང༌།།

མཚན་མོ་ཟླ་འོད་འོག་ཏུ།---
~~~~~~~~~~~~~གངས་རིན་ཆེན་གྱིས།

 



བརྗོད་གཞིའི་རིགས་བཀར་བ།: གངས་དཀར་སེམས། | སྙན་ངག་མིག་ཆུས་ཁྱེད་ལ་འབོད།


 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -