ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

23.07.2015 00:16:44
མེ་ལྗང་།

འབྲོག་མོ།
____མེ་ལྗང༌།

གངས་དང་རྫ་རི་མཐོན་པོའི་བར་གསེང་ན།།
ནོར་ལུག་རྨིག་རྗེས་འཚོ་བའི་སྨན་ཆུང་མས།།
རྫི་གླུ་དབྱངས་ལ་འགུག་པའི་སྙན་ཆ་དེ།།
ད་དུང་བདག་གི་རྣ་བར་ཡང་ཡང་འཁོར།།

འབྲོག་མོའི་ཞལ་ཁྱིམ་དཀར་ལ་དམར་མདངས་ཅན།།
འཛུམ་པའི་ཚེ་ན་མཛེས་མའི་རང་བཞིན་རྒྱས།།
དྲང་བདེན་ཕྱི་ནང་ཁེངས་པའི་དར་དཀར་བཞིན།།
ལྷག་བསམ་མེ་ཏོག་ཡིད་ཀྱི་དབུས་སུ་བཞད།།

ལྷག་དཀར་བསུ།
____ འཕན་སྐྱེས།

རང་བྱུང་ལྷུན་གྱིས་གྲུབ་པའི་གངས་ལྗོངས་སུ།།
སྔོན་བྱོན་མེས་པོ་དམ་པའི་རིན་བྲལ་ཏེ།།
འཚེ་མེད་ལྷ་ཆོས་དགེ་མཚན་ཕྱོགས་ཀུན་ལ།།
བླ་གཟའ་ལྷག་པས་མཛའ་བརྩེའི་ཀློང་ན་རྒྱུ།།

བདེན་དོན་རིགས་ཞེན་གཙང་མའི་ཕ་ཁྱིམ་ལས།།
ཡུལ་སྲོལ་གོམས་གཤིས་གཙང་མ་རྒྱན་དུ་སྤུད།།
དམ་ལྡན་མཐུན་སྒྲིལ་གསེར་གྱི་ཨ་ལོང་གིས།།
བཙན་པོའི་ཞབས་རྗེས་འཚོལ་བའི་ལྷག་དཀར་བསུ།།


འགྱུར་སླ་བའི་ཁྱོད།
____ཆུ་འཛིན་དམར་པོ།


བརྩེ་བ་དམར་པོ་ཁྱོད་ལ་གཏད་ནས།།
དུང་བ་འདུན་མ་ཁྱོད་འཁོར་ཡོད།།
དམར་ཆུང་སྙིང་གི་དམ་བཅའ་བརྟན་པོ།།
རང་རང་སེམས་ནས་རྟག་བརྟན་ཡོང་ཟེར།།

ནམ་མཁའི་སྤྲིན་པ་རླུང་བའི་དེད་ཐལ།།
ཁྱོད་ཀྱི་དམ་བཅའ་དེ་དང་མཚུང་ཐལ།།
ལས་དང་རྒྱུ་འབྲས་ཟེར་བ་ཡོད་ན།།
ཁྱོད་ལ་ལོས་འཁོར་དམ་བཅའ་འགྱུར་ཐལ།།

དྲན་ཚིག་ཐར་ཐོར།

____འཛུམ་མེར་ནས།།

ཞོགས་ཁའི་ཉི་འོད་མཐོང་བའི་བརྩེ་འཛུམ་གྱི་ལྷ་མོ།།
ཉི་འོད་ལུས་ལ་ཕོག་དུས་སུ་འདྲ་ཞིག་དྲན་འདུག།
དྲན་པའི་ན་ཟུག་ཁྲོད་དུ་འཁྱམས་པོ་ཁོ་ཨེ་ཡོད།།
ཡོད་ན་དགའ་ལོ་ཡིན་པའི་བསམ་རང་ཡོད་དམ།།

སྐུད་མེད་ཁ་པར་ལམ་ནས་ཁྱེད་གསུང་རང་ཐོས་ཚེ།།
མཛེས་སྡུག་ཨུ་དཔལ་འདྲ་བའི་ཞལ་རས་ཀྱི་དུང་ཟླ།།
མ་སྒོམ་ཡིད་ཀྱི་ངོས་སུ་གསལ་བོ་རང་འཆར་བཞིན།།
ཁྱེད་ཉིད་མཇལ་བའི་འདུན་པ་ཤུགས་དྲག་ཞིག་སྐྱེ་བྱུང༌།།

འབྱུང་བཞི་བདག་ཉིད།

__ སྒར?སྐྱ་རེངས


མཚན་དཔེའི་དཔལ་འབར་ཟླ་གཞོན་སྨིན་པའི་སྐུ༵།
རྒྱུད་དམངས་སྒྲ་ལས་སྙན་པའི་ཆོས་དབྱངས་གསུ༵ང༌།
མཁྱེན་བརྩེ་པད་དཀར་འོད་སྟོང་འབར་བའི་ཐུ༵གས།
ནམ་ཡང་བསླུ་མེད་སྐྱབས་མགོན་ཐུགས་རྗེ་ཅན།

སྐུ༵་གསུམ་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་སྐུ༵།
གསུ༵ང་དབྱངས་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུ༵ང༌།
ཐུ༵གས་འཛིན་གསེར་གྱི་སྙིང་ནས་འདྲེན་པའི་ཐུ༵གས།
འདི་ཕྱི་འདྲེན་པའི་བླ་མ་ཐུགས་རྗེ་ཅན།


འཚོ་བའི་ཕྱི་ཤུན།
____གཡེར་དྲིལ

ཤངས་དྲི་ཐུལ་བའི་མེ་ཏོག་མིག་ལ་མཛེས།།
མཚོ་མོ་ལྟེམ་མེར་འཁྱིལ་ན་ཡི་གར་འོང༌།།
ཐོ་རངས་སྒོ་ཁྱིའི་འདར་བའི་ངུ་ངག་དེ།།
གྲེ་གྱུར་མེད་པའི་རྒྱང་གླུ་གཅིག་པུར་ཡིན།།

ནོར་འཛིན་སྒེག་མོས་ཁ་བའི་གོས་སུ་བཀླུབས།།
མཁའ་དབྱིངས་ཁྲོད་ན་བུ་ཡུག་འཚབ་མ་འཚུབ།།
སྙིང་གི་འཕར་སྒྲ་གྲག་པའི་བར་སྟོང་ཞིག།
འོད་མདངས་མེད་པའི་འཚོ་བ་སྐྱ་བོ་རེད།།


ལྷག་དཀར་བསུ།
____ཤར་འོད་དུངས། ༼ཁྱུང་མཆུ།༽


ལས་ཀྱི་རི་མོ་ལ་བྲིས་པའི་ཡི་གེ་ནག་པོ། །
ལས་དབང་རླུང་བུ་ཡིས་ཐུར་ལ་ཇི་ལྟར་བདས་ཀྱང༌། །
ལམ་གྱི་ཡོ་འཁྱོགས་ཀྱི་བདེན་པ་རྡུལ་དུ་བྱས་ཀྱང༌། །
སྲོག་གི་ཐིག་ལེ་ལ་འཁོར་བའི་རེས་གཟའ་ལྷག་དཀར། །
སེམས་ཀྱི་དཀྱིལ་དབུས་སུ་བབས་པའི་དུས་ཚེས་དཀར་པོ། །

རེ་བའི་དམུ་ཐག་ལ་འཁྲིལ་བའི་ལོ་ཟླ་ཟད་པོ། །
སྐྱོ་བའི་མྱ་ངན་གྱི་ཐ་ཚིག་སྙིང་ལ་འཁོར་ཡང༌། །
སེམས་ཀྱི་རྟེན་ས་དང་རེ་ས་ཡིད་ནས་མཆི་ན། །
སྐུ་ཚེའི་གཟི་འོད་ཀྱི་མཛད་པ་ཕྱོགས་མཐར་ཁྱབ་པའི། །
དུངས་འདུན་ཡིད་ཆེས་ཀྱི་སྨོན་པ་སྙིང་ནས་ཞུ་འོ། །


ཁ་བྱང་མ་རྙེད་པའི་ཚོར་བ།
____ རེ་སྒུག


སྨྲ་ལྕེ་རེངས་བའི་བསམ་མེད་ཅོལ་ཆུང་གིས།
གཞན་སྐྱོན་རྡུལ་ཕྲན་ཡིན་ཡང་ཆེས་ཆེར་བསྙོན།།
རང་སྐྱོན་རྒྱ་སྟག་གཞོན་ནུའི་ཕྱི་ས་དེ།།
དཔྱོད་ལྡན་མཁས་པའི་ཚུགས་ཀར་མི་ལེགས་པས།།

གདོང་འབག་བཅོས་མའི་འདྲེ་མོའི་སྒྱུ་འཕྲུལ་ཉིད།།
དེ་རིང་སང་ཉིན་འཛིན་པའི་ལེ་ལོ་ཡིས།།
རང་གཞན་ཀུན་གྱི་འདུན་མའི་སྤང་གཞོངས་སུ།།

གྱི་ལིང་རྟ་ཕོའི་རྐང་ལག་སྒྲོག་གིས་བསྡམས།།
གདམས་ངག་གསེར་གྱི་ཐིགས་པའི་སྲོག་རྩ་སྙིལ།།
དེ་བས་ཕྱི་རབས་པ་ཡིས་རང་ཚུགས་ཟུངས།།


རྨེ་ཡུལ་འབྲོག་སྡེ་ཕྱུག་མོ།
____སྦྲསྨྱུག་ཐོགས


ཀེ་ལ་ཤ་འདི་ཚེམས་འཕྲེང་བསྒྲིགས་འདྲའི་རྭ་བས་བསྐོར་བའི་དག་ཞིང་དུ།།
ནང་བའི་དགེ་བཅུ་རྒྱ་མཚོ་འཁྱིལ་བས་འཚེ་མེད་ཞི་བདེའི་བ་དན་བསྒྲེངས།།
ངུར་སྨྲིག་ནབ་བཟའི་གཟི་བརྗིད་འཚེར་བའི་རབ་བྱུང་སྡེ་ཡིས་ཆོས་འཆད་ས།།
བུ་ང་འཚོ་བའི་སྐབས་གསུམ་འགྲན་པའི་རྨེ་ཡུལ་འབྲོག་སྡེའི་དགོན་ཀུན་རེད།།

ཤེས་རིག་མེ་ཏོག་རྣམ་པར་བཞད་པའི་མ་ཡུམ་གླིང་གི་པང་སྟེང་ན།།
བློ་རིག་གསལ་བའི་ན་གཞོན་སློབ་མས་ཀ་ཁའི་དབྱངས་རྟ་ངག་ལ་གྱེར།།
བརྩོན་འགྲུས་རྟ་ཕོར་ལྕགས་ཀྱིས་བཀྲབ་པའི་འགྲན་རྩོད་བྱེད་སའི་སྟེགས་བུ་དེ།།
བུ་ངའི་མདུན་ལམ་གསར་བ་རྙེད་པའི་སྐྱིད་པའི་ཕ་ཡུལ་འབྲོག་སྡེ་རེད།།


_____འབར་བཟོད་པས།


ཟ་ཟི་སྣང་བ་སྐྱེན་པོའི་རླུང་བུར་བརྒྱུས་ནས།།
སྟོང་བའི་དབྱིངས་ལ་རྒོད་པོའི་ཟོལ་གྱིས་ཕྱོཊ་ཚེ།།
སེམས་ཀྱི་སྤྱིལ་ཆུང་དག་གཙང་ལས་ཀྱིས་དབུལ་ན།།
དམ་ཚིག་ལྡེབས་ཀྱི་རིས་དེ་འཇིག་ལ་ཉེ་བྱུང༌།།

རྟབ་རྟབ་ལས་ཀྱིས་བདས་པའི་ལོ་ཟླའི་ཆུ་བོར།།
དགའ་དང་སྐྱོ་བས་ཡུན་ནས་ཡུན་དུ་བརྒལ་དུས།།
ཉམ་ཐག་དབུགས་ཀྱི་རྒྱུ་བའི་འབྱིན་རྔུབ་མ་ཤེས།།
མི་རྟག་ལུས་ཀྱི་འཁྲི་ཤིང་ཆད་ལ་ཉེ་བྱུང༌།།


ལྷག་དཀར་བསུ།
____ འཕན་སྐྱེས།

རང་བྱུང་ལྷུན་གྱིས་གྲུབ་པའི་གངས་ལྗོངས་སུ།།
སྔོན་བྱོན་མེས་པོ་དམ་པའི་རིན་བྲལ་ཏེ།།
འཚེ་མེད་ལྷ་ཆོས་དགེ་མཚན་ཕྱོགས་ཀུན་ལ།།
བླ་གཟའ་ལྷག་པས་མཛའ་བརྩེའི་ཀློང་ན་རྒྱུ།།

བདེན་དོན་རིགས་ཞེན་གཙང་མའི་ཕ་ཁྱིམ་ལས།།
ཡུལ་སྲོལ་གོམས་གཤིས་གཙང་མ་རྒྱན་དུ་སྤུད།།
དམ་ལྡན་མཐུན་སྒྲིལ་གསེར་གྱི་ཨ་ལོང་གིས།།
བཙན་པོའི་ཞབས་རྗེས་འཚོལ་བའི་ལྷག་དཀར་བསུ།།

འགྱུར་སླ་བའི་ཁྱོད།

____ཆུ་འཛིན་དམར་པོ།


བརྩེ་བ་དམར་པོ་ཁྱོད་ལ་གཏད་ནས།།
དུང་བ་འདུན་མ་ཁྱོད་འཁོར་ཡོད།།
དམར་ཆུང་སྙིང་གི་དམ་བཅའ་བརྟན་པོ།།
རང་རང་སེམས་ནས་རྟག་བརྟན་ཡོང་ཟེར།།

ནམ་མཁའི་སྤྲིན་པ་རླུང་བའི་དེད་ཐལ།།
ཁྱོད་ཀྱི་དམ་བཅའ་དེ་དང་མཚུང་ཐལ།།
ལས་དང་རྒྱུ་འབྲས་ཟེར་བ་ཡོད་ན།།
ཁྱོད་ལ་ལོས་འཁོར་དམ་བཅའ་འགྱུར་ཐལ།།


དྲན་ཚིག་ཐར་ཐོར།
____འཛུམ་མེར་ནས།།


ཞོགས་ཁའི་ཉི་འོད་མཐོང་བའི་བརྩེ་འཛུམ་གྱི་ལྷ་མོ།།
ཉི་འོད་ལུས་ལ་ཕོག་དུས་སུ་འདྲ་ཞིག་དྲན་འདུག།
དྲན་པའི་ན་ཟུག་ཁྲོད་དུ་འཁྱམས་པོ་ཁོ་ཨེ་ཡོད།།
ཡོད་ན་དགའ་ལོ་ཡིན་པའི་བསམ་རང་ཡོད་དམ།།

སྐུད་མེད་ཁ་པར་ལམ་ནས་ཁྱེད་གསུང་རང་ཐོས་ཚེ།།
མཛེས་སྡུག་ཨུ་དཔལ་འདྲ་བའི་ཞལ་རས་ཀྱི་དུང་ཟླ།།
མ་སྒོམ་ཡིད་ཀྱི་ངོས་སུ་གསལ་བོ་རང་འཆར་བཞིན།།
ཁྱེད་ཉིད་མཇལ་བའི་འདུན་པ་ཤུགས་དྲག་ཞིག་སྐྱེ་བྱུང༌།།


འབྱུང་བཞི་བདག་ཉིད
__ སྒར?སྐྱ་རེངས


མཚན་དཔེའི་དཔལ་འབར་ཟླ་གཞོན་སྨིན་པའི་སྐུ༵།
རྒྱུད་དམངས་སྒྲ་ལས་སྙན་པའི་ཆོས་དབྱངས་གསུ༵ང༌།
མཁྱེན་བརྩེ་པད་དཀར་འོད་སྟོང་འབར་བའི་ཐུ༵གས།
ནམ་ཡང་བསླུ་མེད་སྐྱབས་མགོན་ཐུགས་རྗེ་ཅན།

སྐུ༵་གསུམ་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་སྐུ༵།
གསུ༵ང་དབྱངས་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུ༵ང༌།
ཐུ༵གས་འཛིན་གསེར་གྱི་སྙིང་ནས་འདྲེན་པའི་ཐུ༵གས།
འདི་ཕྱི་འདྲེན་པའི་བླ་མ་ཐུགས་རྗེ་ཅན།



འཚོ་བའི་ཕྱི་ཤུན།
____གཡེར་དྲིལ

ཤངས་དྲི་ཐུལ་བའི་མེ་ཏོག་མིག་ལ་མཛེས།།
མཚོ་མོ་ལྟེམ་མེར་འཁྱིལ་ན་ཡི་གར་འོང༌།།
ཐོ་རངས་སྒོ་ཁྱིའི་འདར་བའི་ངུ་ངག་དེ།།
གྲེ་གྱུར་མེད་པའི་རྒྱང་གླུ་གཅིག་པུར་ཡིན།།

ནོར་འཛིན་སྒེག་མོས་ཁ་བའི་གོས་སུ་བཀླུབས།།
མཁའ་དབྱིངས་ཁྲོད་ན་བུ་ཡུག་འཚབ་མ་འཚུབ།།
སྙིང་གི་འཕར་སྒྲ་གྲག་པའི་བར་སྟོང་ཞིག།
འོད་མདངས་མེད་པའི་འཚོ་བ་སྐྱ་བོ་རེད།།

ལྷག་དཀར་བསུ།

____ཤར་འོད་དུངས། ༼ཁྱུང་མཆུ།༽


ལས་ཀྱི་རི་མོ་ལ་བྲིས་པའི་ཡི་གེ་ནག་པོ། །
ལས་དབང་རླུང་བུ་ཡིས་ཐུར་ལ་ཇི་ལྟར་བདས་ཀྱང༌། །
ལམ་གྱི་ཡོ་འཁྱོགས་ཀྱི་བདེན་པ་རྡུལ་དུ་བྱས་ཀྱང༌། །
སྲོག་གི་ཐིག་ལེ་ལ་འཁོར་བའི་རེས་གཟའ་ལྷག་དཀར། །

སེམས་ཀྱི་དཀྱིལ་དབུས་སུ་བབས་པའི་དུས་ཚེས་དཀར་པོ། །
རེ་བའི་དམུ་ཐག་ལ་འཁྲིལ་བའི་ལོ་ཟླ་ཟད་པོ། །
སྐྱོ་བའི་མྱ་ངན་གྱི་ཐ་ཚིག་སྙིང་ལ་འཁོར་ཡང༌། །
སེམས་ཀྱི་རྟེན་ས་དང་རེ་ས་ཡིད་ནས་མཆི་ན། །

སྐུ་ཚེའི་གཟི་འོད་ཀྱི་མཛད་པ་ཕྱོགས་མཐར་ཁྱབ་པའི། །
དུངས་འདུན་ཡིད་ཆེས་ཀྱི་སྨོན་པ་སྙིང་ནས་ཞུ་འོ། །


ཁ་བྱང་མ་རྙེད་པའི་ཚོར་བ།
____ རེ་སྒུག

སྨྲ་ལྕེ་རེངས་བའི་བསམ་མེད་ཅོལ་ཆུང་གིས།
གཞན་སྐྱོན་རྡུལ་ཕྲན་ཡིན་ཡང་ཆེས་ཆེར་བསྙོན།།
རང་སྐྱོན་རྒྱ་སྟག་གཞོན་ནུའི་ཕྱི་ས་དེ།།
དཔྱོད་ལྡན་མཁས་པའི་ཚུགས་ཀར་མི་ལེགས་པས།།

གདོང་འབག་བཅོས་མའི་འདྲེ་མོའི་སྒྱུ་འཕྲུལ་ཉིད།།
དེ་རིང་སང་ཉིན་འཛིན་པའི་ལེ་ལོ་ཡིས།།
རང་གཞན་ཀུན་གྱི་འདུན་མའི་སྤང་གཞོངས་སུ།།
གྱི་ལིང་རྟ་ཕོའི་རྐང་ལག་སྒྲོག་གིས་བསྡམས།།
གདམས་ངག་གསེར་གྱི་ཐིགས་པའི་སྲོག་རྩ་སྙིལ།།
དེ་བས་ཕྱི་རབས་པ་ཡིས་རང་ཚུགས་ཟུངས།།

རྨེ་ཡུལ་འབྲོག་སྡེ་ཕྱུག་མོ།
____སྦྲ?སྨྱུག་ཐོགས


ཀེ་ལ་ཤ་འདི་ཚེམས་འཕྲེང་བསྒྲིགས་འདྲའི་རྭ་བས་བསྐོར་བའི་དག་ཞིང་དུ།།
ནང་བའི་དགེ་བཅུ་རྒྱ་མཚོ་འཁྱིལ་བས་འཚེ་མེད་ཞི་བདེའི་བ་དན་བསྒྲེངས།།
ངུར་སྨྲིག་ནབ་བཟའི་གཟི་བརྗིད་འཚེར་བའི་རབ་བྱུང་སྡེ་ཡིས་ཆོས་འཆད་ས།།
བུ་ང་འཚོ་བའི་སྐབས་གསུམ་འགྲན་པའི་རྨེ་ཡུལ་འབྲོག་སྡེའི་དགོན་ཀུན་རེད།།


ཤེས་རིག་མེ་ཏོག་རྣམ་པར་བཞད་པའི་མ་ཡུམ་གླིང་གི་པང་སྟེང་ན།།
བློ་རིག་གསལ་བའི་ན་གཞོན་སློབ་མས་ཀ་ཁའི་དབྱངས་རྟ་ངག་ལ་གྱེར།།
བརྩོན་འགྲུས་རྟ་ཕོར་ལྕགས་ཀྱིས་བཀྲབ་པའི་འགྲན་རྩོད་བྱེད་སའི་སྟེགས་བུ་དེ།།
བུ་ངའི་མདུན་ལམ་གསར་བ་རྙེད་པའི་སྐྱིད་པའི་ཕ་ཡུལ་འབྲོག་སྡེ་རེད།།


_____འབར་བཟོད་པས།

ཟ་ཟི་སྣང་བ་སྐྱེན་པོའི་རླུང་བུར་བརྒྱུས་ནས།།
སྟོང་བའི་དབྱིངས་ལ་རྒོད་པོའི་ཟོལ་གྱིས་ཕྱོཊ་ཚེ།།
སེམས་ཀྱི་སྤྱིལ་ཆུང་དག་གཙང་ལས་ཀྱིས་དབུལ་ན།།
དམ་ཚིག་ལྡེབས་ཀྱི་རིས་དེ་འཇིག་ལ་ཉེ་བྱུང༌།།

རྟབ་རྟབ་ལས་ཀྱིས་བདས་པའི་ལོ་ཟླའི་ཆུ་བོར།།
དགའ་དང་སྐྱོ་བས་ཡུན་ནས་ཡུན་དུ་བརྒལ་དུས།།
ཉམ་ཐག་དབུགས་ཀྱི་རྒྱུ་བའི་འབྱིན་རྔུབ་མ་ཤེས།།
མི་རྟག་ལུས་ཀྱི་འཁྲི་ཤིང་ཆད་ལ་ཉེ་བྱུང༌།།


རང་དབང་མེད་པས་སྐྱོ་བ།
_____ཁྲོཾ་ཀླད་སིལ་གྱིས།


མདུན་ལམ་བཙན་པོའི་འོག་ནས་འཚོ་བ་འདི། །
བདེ་སྐྱིད་ལྡན་པའི་བསྐལ་བའི་གཤེད་མ་རེད། །
མི་ཚེ་ཐུང་ཐུང་ཞིག་གི་ལས་དབང་འདི། །
སྐྱོ་གདུང་མུན་པས་མནར་བའི་ལས་ཞིག་རེད། །


ཉི་འོད་སྤྲིན་གྱིས་སྒྲིབ་པའི་ལས་དབང་འདི། །
མུན་ནག་ཡོལ་ཡོལ་འཚེར་བའི་བརྡ་ཞིག་རཻད། །
རྒྱ་གར་ལྷོ་ཕྱོགས་འཕགས་པའི་ཟེའུ་འབྲུ་འདི། །
ཁ་ལ་མངར་མོ་ཡོད་མེད་དཔྱད་གཞི་ཙམ། །


༼ཀ་ལ་པིང་ཀའི་སྒྲ།༽
?མདའ་སྐྱེན།

བོད་མའི་བོད་སྐད་མི་ཤེས་ང་མི་དགའ།།
བོད་ཀྱི་བོད་གོས་མི་གྱོན་ང་མི་དགའ།།
དགའ་བ་སྐད་ཡིག་སྦྱང་སའི་སློབ་གྲྭ་མང༌།།
དགའ་བའི་བོད་གོས་བཟོ་མཁན་མང་པོ་འདུག།

གཞན་མགོ་སྐོར་བའི་ས་ཕྱོགས་ང་མི་འདུག།
ཕུང་པོ་གཞན་ལ་གཙོང་སར་ང་མི་འདུག།
འདུག་པའི་ས་ཕྱོགས་ཤེས་རིག་གླིང་ལ་བཟང༌།།
འདུག་ས་འདུལ་ཁྲིམས་མལ་སྟན་ཀུན་ལས་འཇམ།།


༢༠༡༥ ༤ ༡༢
དྲན་པ་ངུར་རྒོད།
___གསར་འོང༌།


རི་བོ་ཞིག་གི་ཕལ་ཕྱོགས་སུ།།
ཆུ་བོ་ཞིག་གི་བཞུད་ལམ་དུ།།
མི་རིགས་ཞིག་གི་བླ་མ་ཡོད།།
མཇལ་འདོད་ཆེ་བའི་མིག་ཆུ་མང༌།།

རླུང་ནག་འཚུབ་པའི་མི་རིགས་ཞིག།
དར་རྒུད་ཆེ་བའི་རྒྱལ་ཕྲན་ཞིག།
གླེགས་བམ་མེད་པའི་སྐྱོ་གདུང་ཁྲོད།།
ཆུ་ཆེན་འདྲ་བའི་མིག་ཆུ་མང༌།།


དུངས་བརྗོད་ཐེངས་གཅིག
____ གངས་མུ་ཏིག


བཞིན་གྱི་ལང་ཚོ་ངོམ་པའི་སྙིང་སྡུག་མ།།
དུང་ཞེན་མེ་ཏོག་འཛུམ་པའི་སེམས་རྟེན་མ།།
ས་མཐའི་གྲུ་ཟུར་ཞིག་ནས་ཁྱེད་རང་དྲན།།
དྲན་པའི་བརྩེ་ཕྲིན་ལྷོ་མཐའི་སྤྲིན་པར་བསྐུར།།

དགུན་འཁྱག་གཙང་བོའི་འགྲམ་ནས་ཁྱེད་རང་སྒུག།
དབྱར་གསུམ་སྦྲང་ཆར་འཇོ་དུས་ལྷག་ཏུ་དྲན།།
ཁྲུང་ཁྲུང་ལྷོ་རུ་འཕུར་བའི་སྟོན་ཁའི་དུས།།
སེམས་ཀྱི་དྲན་གདུང་ཁག་ཅིག་སྙུག་རྩེར་ཟེགས།།


གལ་ཏེ།

___རྩོམ་པོ་འདན་དྲང་མིག

སཻར་ཆེན་དེ་བགྲེས་པས་གཟིམས་ལ་ཤོར་ན།།
མེ་ཏོག་འདིའི་ཁ་མདོག་ཡལ་བར་གྱུར་ན།།
ཤུལ་ལུས་ཀྱི་རྐང་དྲུག་བུང་བའི་ཁྱུ་ཚོགས།།
བཀྲེས་སྐོམ་གྱིས་གདུང་ན་ཇི་ལྟར་བྱ་སྲིད།།

པོ་ཏཱ་ལའི་དབལ་གྱི་གསེར་ཏོག་སཻར་པོ།།
གངས་རྩེ་རུ་འབར་བའི་མཆོད་མེ་ཚེ་འབར།།
མཐོ་སྒང་གི་མཛེས་རྒྱན་མེ་ཏོག་སེར་ཆེན།།
རུས་རྐང་གི་ཁ་དོག་གཏན་དུ་བཞུགས་གསོལ།།


___རྟེན་འབྲེལ


གནས་འདིར་ཚོགས་པའི་སྐལ་ལྡན་ཕོ་མོ་རྣམས།
སྙིང་ནས་དམ་པའི་ཆོས་ཤིག་བྱེད་འདོད་ན། །
དཔེ་རྒྱུའི་སྒོ་ནས་རྙེད་དཀའ་དལ་འབྱོར་འདི། །
དལ་འབྱོར་མི་ལུས་རིན་ཆེན་ཐོབ་དུས་འདིར། །

དོན་མེད་བྱ་བ་ནམ་ཡང་མི་བྱེད་ཅིང༌། །
སྡིག་གྲོགས་པ་དང་ནམ་ཡང་མི་གྲོགས་ཅིང༌། །
དཀོན་མཆོག་གསུམ་ལ་སྙིང་ནས་བློ་གཏད་བསྒྱུར། །
འཇིག་རྟེན་ཆོས་ལ་ཞེན་པ་ལོག་པར་གྱུར། །
འདི་ནི་ཐར་འདོད་སྐྱེས་བུའི་ཉམས་ལེན་ཡིན། །


ཁེར་གཞས།
པི་ཝང་ཅན།

ཁོ་མོ་འཛུམ་པ་འདྲ་བའི་དབྱིངས་ཀྱི་ཟླ་བ ། །
ཟུར་མིག་གཡོ་བ་ལྟ་བུའི་སྐར་མདའ་ཁྲ་མོ ། །
གདུང་སྣང་གསོ་བར་བྱེད་པའི་ནུས་མཐུ་ལྡན་ན ། །
མག་མོག་འཚོ་བའི་ཉིང་བཅུད་འོད་དུ་འཚེར་ཡོད ། །

མི་མོ་བཤུམ་པ་འདྲ་བའི་ཆར་རྒྱུན་སིལ་མ ། །
དར་དཀར་ལྭ་འདབ་ལྟ་བུའི་སྤྲིན་པ་ལེབ་མོ ། །
མི་ཧྲེང་ང་ལ་དབང་བའི་མངའ་ཐང་ཡིན་ན ། །
སེམས་ཀྱི་གཞིས་ཀ་སྐྱ་བོ་མཛོད་དུ་གྲུབ་ཡོད ། །

༢༠༡༥/༤/༡༥ཉིན།

སྙན་ངག་ནད་པ།

___སྦྲ་ཐིགས་ཆུ།༼རྨ་ཆུ།༽

ཁ་བ་ཞིག་བབས་རྗེས
རྐང་རྗེས་ཞིག་ཡོད་པ་དཔེ་ལྟར
རྐང་རྗེས་ནི་རི་མོ་ཞིག
རི་མོ་ནི་དྲན་ཤིང་ཅིག

རི་མོ་ལ་གཟིགས་ནས་ཁེར་རྐྱང་དུ་ཡོད་པ་ང་རེད
ངའི་སེམས་པ་རེད ལག་པ་རེད རྐང་བ་རེད
མདོར་ན་ངའི་སྙན་ངག་རེད
སེམས་ཁམས་གསོ་བའི་ལ་གཞས་རེ་བླངས་ནས
ཁྱོད་རང་དྲན་པའི་གཏམ་རྒྱུད་རེ་གཤད་ན
ཁེར་རྐྱང་བ་ང་རེད
ངའི་སྙན་ངག་རེད

༤.༡༤ མྱ་ངན་ཞུ།

___རྩོམ་བདག གཡག སྣ་ཤོ

ཡུལ་ཤུལ་པ དེ་རིང་
ཡང་བསྐྱར བཞུད་ཟིན་པའི་སྤུན་ཟླ་དག་ལ
རྗེས་དྲན་དང་མྱ་ངན་ཞུ
ས་ཆེན་པོས
མགྲོན་དུ་བོས་ཟིན་པའི་རྣམ་ཤེས་དག་ལ
མ་ཎི་གྱེར་ལ མཆོད་མེ་སྒྲོན
ད་ལྟའི་ཡུལ་ཤུལ ན་ནིང་གི
ཁང་ཆག་ཞིག་རུལ་དག་མིན་ཡང་
སྤུན་ཟླ་མང་པོ་ཞིག བཞུད་ཤུལ་ལས་རྙེད་པས
ཡུལ་ཤུལ་གསར་བ་དེའོ

གངས་རྩེས་གར་མ
____རྨ་ལྷོ སོག་སྤྱང་རྒོད

ཁྱེད་ཀྱི་དགའ་བ་དེ་དཀར་པོ་གངས་ཡིན།།
ཁྱེད་ཀྱི་མཛའ་བ་དེ་དམར་པོ་མེ་ཡིན།།
ཁྱེད་ཀྱི་སྣང་བ་དེ་འཇམ་པོ་གོས་ཡིན།།
ཁྱེད་ཀྱི་བརྩེ་བ་དེ་མི་འགྱུར་བྲག་ཡིན།།

ཁྱེད་ཀྱི་འཛུམ་ཞལ་དེ་བཅོ་ལྔའི་ཟླ་ཡིན།།
ཁྱེད་ཀྱི་གཤིས་ཀ་དེ་དྲང་མོ་མདའ་ཡིན།།
ཁྱེད་ཀྱི་སྐུ་གཟུགས་དེ་ཚིགས་དྲུག་སྨྱུག་ཡིན།།
ཁྱེད་ཀྱི་སྐུ་ལུས་དེ་ཡིད་འཕྲོག་ལྷ་ཡིན།།


འོལ་བྱུང་གི་སྐྱོ་སྣང༌།
_________ཚྭ•སྨྱུག་མདའ།

བརྩེ་བ་ཟོལ་མེད་ཡོད་པའི་མཛའ་མཐུན་གྱི་མི་ལ། །
དུང་བ་ལྷད་མེད་ཁྱེར་ནས་གོམ་མགོ་རུ་བཙུགས་ནས། །
སྙིང་གི་སྦུགས་ལ་སྦས་པའི་གསང་གཏམ་འགའ་གླེང་པས། །
རུས་པའི་གཏིང་ལ་ཟུག་པའི་ན་ཟུག་ཞིག་རྙེད་སོང༌། །

བརྩེ་བ་ཆུ་ལ་ཟགས་པའི་མཛའ་མེད་ཀྱི་འཚོ་བ། །
དུང་བ་རླུང་གིས་སྟོར་ནས་མིག་ཆུ་རུ་ཤོར་ཏེ། །
ཟོལ་མེད་བརྩེ་བ་ཟེར་བ་མེད་པ་རུ་མཐོང་དུས། །
ཐོལ་བྱུང་སྐྱོ་སྣང་དེའི་ཡི་མངན་བགྲང་ཞིག་བརྗོད་ཐལ། །

ངས་ཁྱེད་རང་དྲན་ཉིན།
_________ཞོགས་རླུང་གིས།

སྨུག་སྤྲིན་ལྷོད་ཀྱིས་བབས་པ་རི༵་འད༵བས་གྲག་པ། །
རི༵་འད༵བས་གླིང་བུ་སྙན་པོའི་གཙ༵ང་པོ༵་འགྲམ་ན། །
གཙ༵ང་པོ༵་རླབས་ཕྲེང་རྒྱུས་པའི་གསེ༵ར་མི༵ག་ཉ་མོ། །
གསེ༵ར་མི༵ག་ལྡེམ་ཆ་ཅན་དེ་ཁྱེད་རང་ཡིན་ནམ། །

སྦྲང་ཆར་སིལ་བུ་བབས་པའི་ནེའུ་གསེང་དཀྱིལ་ན། །
ནེའུ་གསེང་སྤང་ལ་བཞད་པའི་ཨུཏྤལ་དམར་པོ །
ཨུཏྤའི་གེ་སར་རོལ་བའི་བུང་བ་ཁྱུ་ཚོགས། །
བུང་བ་བརྩེ་ལྡན་ཅན་དེ་ཁྱེད་རང་ཡིན་ནམ། །

___བྲག་ཆུ་ཟེགས་མ་ཡིས།

འདུས་པའི་ཉིང་བཅུད་ལ་རོལ་བའི་དབྱངས་རྟ།
དལ་འགྲོ་སྟོང་གི་ཆུ་བོ་ལྷན་ཅིག་གིས།།
ཀུ་ཅོ་མེད་པའི་རིན་ཆེན་འབྱུང་གནས་བཞིན།།
ཕྱོགས་མཐར་གནས་པའི་མཁས་དབང་དྲ་གྲོགས་རྣམས།།
ལྷད་མེད་འཕྲིན་ཕྲན་སྙན་ངག་མ་ཁྱིམ་འདུས།།
ཆུ་གཏེར་ནང་གི་རིན་ཆེན་བླངས་པ་རུ།།
རླུང་གི་བསྐུལ་བའི་གྲུ་གཟིངས་ལ་བརྟེན་ལྟར།།
སྙན་ངག་དོན་གྱི་སྙིང་པོ་ལོན་པའི་ཆེད།།
འཕྲིན་ཕྲན་ཁ་པར་མེ་ལོང་འདི་ལ་རོལ།།

བདག་པོ་བྱོས།
___གོ•དུང་སྲས་ཀྱིས།

ལ་རྩེའི་གསས་མཁར་རྩིག་པ་སྲབ།།
རྒྱ་རྫོངས་ནག་དེ་ཐལ་བ་རེད།།
ཐུ་བྷོད་ཅེས་པའི་མགོ་ནག་གིས།།
རང་ས་རང་ཡུལ་བདག་པོ་བྱོས།།

བཤན་པ་གྲི་ལ་འདོགས་ལེ་མིན།།
གཡོ་ཅན་ཐུ་བྷོད་ཕྲུ་གུ་མིན།།
གནའ་དང་ད་ཅེས་ལུགས་སྲོལ་འདི།།
འདྲ་པོ་དགོས་ན་བསམ་ཕྲ་གཏོང༌།།

དེ་རིང་གི་སྙན་ངག་ཐོག་མ།
____ཆུ་གཏེར།

དུས་རབས་དབང་གཞུ་འདྲ་བོའི་འཁྱོག་མཚམས་ནས།།
རྣམ་རྟོགས་ཝ་མོ་འདྲ་བོའི་འཁྲུལ་སྣང་ལས།།
སྨྱུག་གུའི་དབྱུག་པ་ཐོག་པའི་རྩོམ་པོ་དེས།།
དེ་རིང་སྙན་ངག་ཐོག་མ་འདི་ནས་འབྲི།།

ལང་ཚོ་རྦབ་ཆུ་འདྲ་བོའི་བཞུར་མཚམས་དང༌།།
རྣམ་ཤེས་རྟ་རྔ་འདྲ་བོའི་ཟློས་གར་ལས།།
རང་ཟློས་རང་ལ་འཁྲབ་པའི་འཁྲུལ་མཚམས་ནས།།
སྐྱོ་བའི་སྙན་ངག་ཐོག་མ་འདི་ནས་འབྲི།།


༺ཞིང་པའི་རང་མདངས༻
___གཡུ་ལུང་མེ་ཏོག་གིས

དཔྱིད་ཀྱི་དཔལ་མོ་བཞད་པའི་ཁུག་སོ་ནང༌།།
ཐོན་སྐྱེད་ལོན་པར་དཀའ་ཡང་སོ་ནམ་པས།།
ཕུ་ནུ་ནང་དམེ་བྱེད་པའི་འབུ་རྐོ་དང༌།།
སྐྱོང་དཀའི་གནག་ཕྱུགས་མང་པོའི་རྨིག་རྗེས་སྙེག།

དངུལ་ཁྲག་སྤྲུན་པའི་ཐོན་སྐྱེད་ཟ་སྐྱིད་མེད།
འདས་རིང་གཏམ་གྱི་རིགས་རྣམས་རྫོགས་མེད་ཀྱང༌།།
མ་གསང་དྲང་པོར་བརྗོད་པའི་བསྡུས་ཚིག་འདིར།།
ཕ་ཡུལ་དྲན་པའི་ཞིང་སློབ་ཡོངས་ལ་ཕུལ།།

《རྒས་འཁོགས་དང་ཁ་བའི་གཏམ་རྒྱུད།》
___ •ཚངས་སྲས་སྨྱུག་ཐོགས།

བྱིས་པའི་དྲོད་ཕེབས་རླུང་ལ་བསྐུར་ལ་ཞིང་ཆར་དུས་ཁེར་རྐྱང་སྲིད་པར་འཁྱམས།།
དར་ལ་བབ་པའི་ལང་ཚོ་རྒྱས་ཏེ་མི་ཡུལ་འདི་ལ་ལོ་ཏོག་དུས།།
དྲུག་ཅུར་ལོན་པའི་འཁར་རྟེན་རྒན་པོའི་ལུས་ཡོངས་གྲང་གིས་འཐུམ་ཞིང་ཁྱབ།།
སྐྲ་དཀར་ཡོངས་རྫོགས་སྤོང་བའི་ལོ་ཟླའི་གོས་དཀར་ཁ་བའི་དུས་འདི་ལགས།།


འདའ་བཞིན་པ།
__ རང་རིགས།

འཁྱག་སིབ་སིབ་ཀྱི་ལོ་ཟླའི་ཁྲོད་ནས་/
དྲན་གདུང་གི་ན་ཟུག་ལྕི་དྲག་པས་/
སེམས་ཀྱི་གས་སྲུབ་མང་བོ་ཞིག་
ལག་པས་བསྐྱོར་བཞིན་/
རང་སེམས་ལ་མདུད་པ་རྒྱག་ཞོར་/
སྡུག་ཡུས་ཀྱི་མན་ངག་འདོན་ཞོར་/
ན་ཟུག་གི་གས་ཁ་སྲུབ་ཞོར་ /
མི་ཚེ་འདིར་གོམས་བགྲོད་བྱེད་བཞིན/
དུས་ཚོད་དེ་རིང་དྲག་པས/
སྙིང་ནས་ཉར་བའི་གསང་བ་ཡི་
གཏམ་རྒྱུད་མང་བོ་ཞིག་/
སེམས་ལ་ཉར་ནས་ལྷན་སྐྱེས་ཀྱི
གཞོན་ཉམས་དེ་ཡང་བོར་སོང་/

ནུ་བོ།
__མགརལྐོག་དུང

ཤ་སེང་ལ་འཐུམ་པའི་རུས་རྐང་གི་འཚེར་མ
རྡོ་གསེབ་གྱི་ལང་ཚོ་ལ་འགྱུར་བག་གི་དཀར་ལམ་མངོན་དུས    
མི་ཚེ་ཡིས་རྒྱུན་ཐག་ལས་དགའ་སྐྱོ་ཡི་ཐོབ་བྱ་གཉེར
ཁྱེད་ནི་མེད་དུ་མི་རུང་བའི་ངས་བྲང་གཞུང་གི་ཚེ་སྲོག
ཁྱེད་ནི་འདོར་དུ་མི་རུང་བའི་ངས་རྣམ་ཤེས་ཀྱི་ཕུང་བོ
ཁྱེད་ནི་དོན་ངོ་མའི་ང་དེ \


ཨ་ཕ ཨ་མ
ཁྱེད་གཉིས་ཐོར་བ་ནས།
ངའི་བདེ་སྐྱིད་མ་རྙེད།
— ཨ•གཟི་མིག /མགོ་ལོག
ཨ་ཕ ཨ་མ
ངའི་བྱིས་དུས་ཀྱི་འཚོ་བ་བཙན་གྱིས་བརྒལ་ནས
ནར་མ་སོན་པའི་བྱེའུ་འཁྱམས་པོ་ང
སེམས་ལ་གས་ཆགས་ཤོར་ནས
ཤི་སྡུག་ལྟ་བའི་ན་ཟུག་ཞིག་ཁུར་ཏེ་མདུན་དུ་ཆས
ཡིན་ནའང
ནག་གསེབ་ཀྱི་དུར་ཁྲོད་ནས
ང་སྡུག་མྱོང་ལ་ངུ་མ་མྱོང
རྒྱུ་མཚན
མིག་ཆུ་ལ་རིན་ཐང་མེད་ཀི
བདེ་སྐྱིད་ཟེར་བའི་ཐ་སྙད་ཞིག་མ་རྙེད་པས་ཡིན།


ང་རང༌།
___ར་མདའ།

ང་རང་སྙན་ངག་པ་ཞིག་ཡིན
ས་མཐའི་སྙན་ངག་པ་ཞིག་ཡིན
ངས་ས་མཐའི་དགའ་སྐྱོ་ཆགས་སྡང་ཡོད་ཚད
ཚིག་གི་ཕྲེང་བས་རྒྱན་བྱས་ནས་འཇིག་རྟེན་ལ་དོན་དངོས་འཆད་ཀྱིན་ཡོད།
ངས་རང་ཉིད་གླེང་བཞིན་ཡོད།


____བྷོ་ཊའི་ལྷ་སྲས་ཀྱིས།།


བལྟས་ན་ཡིད་དབང་ཕྲོགས་པའི་འདབ་བཟང་གིས་མེ་ཏོག།
ཁྱེད་ཀྱི་ཕྱོགས་ལ་གཡུ་སྦྲང་བཅུད་ལེན་ཞིག་ཡོང་འདོད།།
ཡིན་ཡང་རྒྱང་རིང་མིག་གི་ལོངས་སྤྱོད་ལས་གཞན་པ།།
ཁྱེད་བཅུད་ཁ་ཟས་རོལ་དབང་མེད་པ་འདི་སྐྱོ་སོང༌།།

རི་ཀླུང་སྟོང་གིས་ཆོད་པའི་མྱོས་གསལ་མ་ཁྱོད་དང༌།།
མཚོན་འཕྲིན་ཁ་པར་བརྒྱུད་ནས་སྙིང་གཏམ་རེ་གླེང་ཤིང༌།།
དེང་གིས་སྐད་འཕྲིན་རྒྱུད་ནས་ངོ་གདོང་རེ་མཐོང་ཡང༌།།
མཉམ་འཛོམས་གོ་སྐབས་མེད་པའི་ལས་དབང་འདི་སྐྱོ་སོང༌།།

༼བརྩེ་དུང༌།༽

------ཁམས་དཔྱིད་མྱུག

ང་ཡི་སྙིང་གི་མཛའ་མོ།།
བྱང་གླིང་སྐོར་ནས་བུད་སོང༌།།
སེར་བོ་གསེར་གྱི་མཛུབ་དཀྲིས།།
ང་ལ་རྟེན་དུ་བཞགས་ཡོད།།

ཟླ་གཅིག་ཟླ་གཉིས་མ་ཡིན།།
ལོ་གཅིག་ལོ་གཉིས་འགོར་སོང༌།།
དྲན་པའི་ཨ་ཐང་ཆད་ནས།།
མགོ་བོ་ལག་པས་བསྐྱོར་ཡོད།།

ཨ་ཇོ་མི་མཐོང༌།
____མགར་རིགས་ཞེན།

དགུང་སྔོན་སྐར་ཚོགས་ཀྱིས་རྒྱན་དུས།།
ཟླ་བའི་གཟུགས་རིས་དེ་མི་གསལ།།
ཁྲོམ་པ་མི་ཚོགས་ཀྱིས་གང་དུས།།
ང་ཡི་ཕུ་བོ་དེ་མི་མཐོང༌།།

སྤང་ཐང་མེ་ཏོག་གིས་རྒྱན་དུས།།
གོ་ལའི་གཟུགས་རིས་དེ་མི་གསལ།།
གཉེན་ཉེ་ལྷན་འཛོམས་ཀྱིས་དུས་ལ།།
ང་ཡི་ཨ་ཇོ་ཁོང་མི་འདུག།


༼སྐྱོ་བ་ཚིག་གསུམ།༽


____རེ་སྨོན་གྱིས

ཆུང་དུས་གཅེར་བུ་ཡི་དུས་སུ། །
དྲན་རྒྱུ་ཕ་མ་ལས་མེད་ཀྱང༌། །
ཕ་མས་བྱམས་སྐྱོང་དེ་མ་ཤེས། །
ད་ཆ་་ཡིད་སེམས་འདི་སྐྱོ་སོང༌། །

བར་སྐབས་རང་གཤིས་འདི་གྱོང་བས། །
ཕ་མས་གདམས་ངག་ལ་མ་མཉན། །
གང་སྐྱིད་གང་དྲན་ལ་ཞུགས་པས། །
ད་ཆ་ཡིད་སེམས་འདི་སྐྱོ་སོང༌། །


འཛུམ་ཆུང་ལྷ་མོ།
A__•བཙན་སྙུག

ཉི་མ་དམར་པོ་དེ་ཡང་སྤྲིན་གྱི་སྒྲིབ་སོང༌།།
ཟླ་བ་ཁྲ་གོར་དེ་ཡང་ཉ་ཁ་མ་གང༌།།
སྤྲིན་མེད་ནམ་མཁའི་འཐོངས་ཀྱི་སྐར་མ་ལྷ་མོ།།
ཁེར་རྐྱང་སྲང་ལམ་སྟོང་པའི་འོད་སྣང་ཡིན་རེད།།

སྔོ་བསངས་ནམ་མཁའི་བུ་མོས་ཟླ་འོད་མནབས་ཏེ།
སྨིན་དྲུག་ཚོམ་བུ་ཞིག་གི་དོ་ཤལ་དབྱངས་ནས།།
སྤྲིན་དཀར་སེང་རས་གསེབ་ནས་ཕག་གིས་ལྟ་བ།།
སེམས་ཀྱི་མི་ལ་བཅང་བའི་བརྩེ་སེམས་ཡིན་རེད།


རྣམ་ཤེས་འཁྱམས་པོ།
མཚོ་བྱུང་མ།


ངའི་སེམས་ཀྱི་ལྟུང་རིམ་ནས་བཞད་པའི་ཁྱོད་ནི་འདི་ལྟར་ང་དང་བྲལ་སོང༌།
ཁྱོད་དབེན་པའི་ཉིན་འདི་དག་ནི་བདག་ལ་མཚོན་ན་མི་མེད་ལུང་སྟོང་ཞིག་གི་ནང་དུ་ངུ་འབོད་ཀྱི་ཁུང་བའི་གཅེས་ཕྲུག་ཅིག་དང་འདྲ།
ཁ་སང་བརྩེ་བ་ཡི་ཁོང་བའི་ང་ནི་དེ་རིང་སྡུག་བསྔལ་གྱི་གྲོང་འཁྱེར་ལ་འཁྱམས་པའི་རྣམ་ཤེས་གསོན་པོ་ཞིག་དང་འདྲ་བ་རེད།


  སྙིང་དམར་པོ་བཞུར་རྒྱུན།
 

24.07.2015 07:21:41


 
 
28.07.2015 10:05:40

ཐུགས་རྗེ་ཆེ་ཞུ།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -