ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

20.07.2015 08:57:11
མེ་ལྗང་།

ཡབ་མེས་བཙན་པོའི་ཕ་ས་གོར་མོ།
རང་ཡུལ་ནོར་བུའི་བང་མཛོད་ཕྱུག་མོ།
ཡིད་ཀྱི་གཏིང་དང་སེམས་ཀྱི་ངོས་ན།
ནམ་ཡང་བརྗེད་མི་སྲིད་པའི་རྡོ་རིང་སྔོན་མོ།

སྐབས་ཤིག་ལ།
མེ་རི་འཕྱུར་སོང་།
དུ་སྤྲིན་འཚུབས་སོང་།
རི་རྐྱང་དར་མས་འཇབ་རྒོལ་ཐེབས་ནས།
ངའི་ལུག་ཁྱུ་ལྷས་ནས་བསད་སོང་།
ངའི་མགོ་སྦྲ་སྟོང་པ་ཕུད་སོང་།
ངའི་སྒལ་ཚིགས་ས་ལ་མ་འཐོར་ན།
ང་ལ་མིག་ཆུ་ཡོད་ཀྱང་དཔའ་མི་ཞུམ།

  ཆོལ་གསུམ་བོད་ཀྱི་ན་གཞོན་དཔུང་སྡེ།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -