ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

20.07.2015 07:55:09
མེ་ལྗང་།

བདག་སེམས་ཁྱེད་ལ་ཤོར་བའི་འདོད་སྣང་གི་རེ་འབྲས༌།།
ལོ་ཟླ་གང་མང་ཞིག་གི་རྗེས་ཤུལ་ནས་སྨིན་དུས།།
གཅིག་སེམས་གཅིག་ལ་འདྲེས་པའི་བརྩེ་དུང་གི་ཞིམ་ཤ།།
བཅུད་བཟང་འོ་སྤྲི་མངར་མོའི་རོ་མཆོག་ལས་ལྷག་སོང༌།།
ཁྱེད་ལ་འགྲོགས་དུས་ལོ་ཟླ་རྨི་ལམ་ལས་ཐུང་རུང༌།།
ཁྱེད་རང་དྲན་དུས་ཉིན་ཞག་ལོ་ཟླ་ལས་རིང་སོང༌།།
དཀའ་སྡུག་རེས་སུ་འཐབ་པའི་མི་ཚེ་འདིའི་ཀློང་ན།།
ང་རང་ཁྱེད་ལ་དུང་བ་རྒྱ་མཚོ་ལས་ཟབ་སོང༌།།
ནམ་ཡང་ཁྱེད་ལ་དགའ་བའི་བདེན་གཏམ་རེ་བརྗོད་དུས།།
ཁྱེད་རང་ཡིད་ཆེས་མེད་པའི་རྣམ་འགྱུར་ཏེ་མཐོང་ན།།
ང་ཡི་ཡ་ཆུང་སེམས་ཀྱི་མེ་ལོང་གི་ངོས་སུ།།
བཟོད་མེད་རྨ་ཁ་ཟབ་མོའི་ན་ཟུག་ཅིག་བསླངས་ཡོང༌།།
ང་རང་ཁྱེད་ལ་བརྩེ་བའི་ལྷག་བསམ་གྱི་གང་བུ།།
ཁྱེད་ཀྱི་མཐོང་སར་སྟོན་པའི་ཐབས་ཤེས་ཤིག་བྱུང་ན༌།།
ཉམ་ཆུང་ལུས་པོ་མཚོན་ཆས་དུམ་བུ་རུ་གཏུབ་ཀྱང༌།།
ཁྲོ་མེད་བཟོད་མཆོག་གོ་ཆས་རང་ཚུགས་ཏེ་བཟུང་ཆོག།
དེ་ལྟའི་འཕྲིན་ཐུང་སེམས་གཏམ་གང་མིང་གི་ཚབ་ཏུ།།
ལག་སོར་སྨྱུག་གུའི་རྩེ་ནས་ཁྱེད་ཕྱོགས་ལ་སྤུར་བ།།
སྙིང་སྡུག་གང་གི་ཐུགས་ལ་བབས་པ་རེ་བྱུང་ན།།
འཕྲིན་པའི་ལན་ཞིག་སྐུར་བར་བདག་ཉིད་ཀྱི་རེ་འོ།།


  གངས་དཀར་སེམས།
 

01.09.2015 11:35:15

བཀླགས་ཟིན།

 
 
01.09.2015 18:07:44

བོད་ཟེར་བ་འདི་གློ་བུར་དུ་འཇིག་ཉེན་ལས་སྲུང་སྐྱོབ་བྱེད་པོ་ནི་་བོད་རང་གི་ཐུན་མོང་མ་ཡིན་པའི་་སྐད་ཡིག་དེ་ཉིད་ཡིན།

 
 
01.09.2015 17:56:38


 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -