ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

གངས་རིན་ཆེན།
བན་ཆུང་གི་ཁ་ཕྱོགས།
05.05.2015 23:43:00

བན་ཆུང་གི་ཁ་ཕྱོགས།
སེར་ཉི་མ་ནུབ་པའི་ཡུལ་ཕྱོགས་སུ།། མགོན་བླ་མ་བཞུགས་པའི་གདན་ས་རེད །
ཆོས་གདམ་ངག་ཟབ་མོ་འཕེལ་ལེ་རེད །། ང་བན་ཆུང་འགྲོ་སའི་ཁ་ཕྱོགས་རེད །


རྗེས་བླ་མའི་མཁྱེན་བརྩེའི་ལྷ་ལམ་ངོས།། ཐུགས་བྱམས་བརྩེའི་སྤྲིན་དཀར་ཕུང་པོ་ལྡིང༌།།
གསུང་བདུད་རྩིའི་ཆར་ཆེན་འབབ་ས་ལ།། བློ་དད་པའི་ཞིང་སར་མྱུ་གུ་འབུས།།

ང་བན་ཆུང་མི་བསྡོད་འགྲོ་མཁན་རེད ། གནས་ངེས་མེད་རྒྱལ་ཁམས་འགྲིམ་ལེ་ཡིན །
ཆོས་ལྟ་སྤྱོད་ཟབ་མོ་རྙེད་པའི་ཆེད ། མགོན་བླ་མ་མཇལ་དུ་འགྲོ་མཁན་ཡིན །

ཆོས་རྣམ་དཀར་ཡིད་ཀྱི་སྨན་མཆོག་འདིས།། མ་སེམས་ཅན་ནད་ལས་སྐྱབས་མཁན་རེད།།
ཚེ་འདི་སྣང་འཁོར་བའི་ཕུན་ཚོགས་ལ།། ཆོས་མེད་ན་འདི་ཕྱི་གཉིས་སྟོང་རེད །

མགོན་བླ་མ་དགུང་གི་ཉི་ཟླ་རེད ། སྐུ་ནུབ་མེད་མཛད་འཕྲིན་རྒྱས་པ་དང༌།།
འབངས་སློབ་བུ་ནམ་མཁའི་སྐར་ཚོགས་རེད། མགོན་ཉི་ཟླ་རྗེས་སུ་བཟུང་བ་སྨོན །

༢༠༡༥/༥/༧ གངས་རིན་ཆེན་གྱིས།



བརྗོད་གཞིའི་རིགས་བཀར་བ།: གྲྭ་རྐྱང་གི་སེམས་ཁམས། | གངས་དཀར་སེམས།


 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -